དབུ་ཤོག >> དཔལ་འབྱོར་འཚོ་བ། >> མ་རྩའི་འདེབས་ཕྱོགས།
སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱིས་གནད་ཆེའི་རྣམ་གྲངས་ཀྱི་འཛུགས་སྐྲུན་བརྟན་བརླིང་ངང་སྐུལ་འདེད་གཏོང་བ།
རྩོམ་པ་པོ། མི་གསལ། ཡིག་བསྒྱུར། གཡང་མཚོ། དུས་ཚོད། 2017-07-26 རྩོམ་ཁུངས། སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ། ཀློག་གྲངས། 144

      སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ད་ལོར།སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱིས་ཕྱོགས་བཞི་ནས་རྣམ་གྲངས་ཀྱི་དོན་འཁྱོལ་དང་སྐུལ་འདེད་གཏོང་བར་དམ་འཛིན་བྱས་ནས།གྲོང་ཁྱེར་ཡོངས་ཀྱིས་རྣམ་གྲངས་འཛུགས་སྐྲུན་བྱེད་པའི་གནས་བབ་ལེགས་པོ་རྒྱུན་འཁྱོངས་བྱེད་ཡོད།

      ད་ལོར།སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱིས་གྲོང་ཁྱེར་ནང་ཁོངས་ཀྱི་གནད་ཆེའི་རྣམ་གྲངས་161འཛུགས་སྐྲུན་བྱེད་པ་དང་མ་དངུལ་སྒོར་ཁྲི་1703229གཏོང་བའི་འཆར་གཞི་བཀོད་ཡོད།ཟླ་6པའི་ཟླ་མཇུག་གི་བར།ལས་འགོ་ཚུགས་པ་དང་བསྐྱར་བཟོ་བྱེད་འགོ་ཚུགས་པའི་རྣམ་གྲངས་106ཟིན་ཏེ།མ་དངུལ་སྒོར་ཁྲི་487346བཏང་ཞིང་།དུས་མཉམ་ལས་5.9%འཕར་ཡོད།

      རྣམ་གྲངས་འཛུགས་སྐྲུན་བྱེད་པའི་ཁྲོད་དུ།སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱིས་འགོ་ཁྲིད་བྱེད་ཤུགས་ཆེ་རུ་བཏང་ནས།ཏན་ཏིག་གིས་གནད་ཆེའི་རྣམ་གྲངས་འཛུགས་སྐྲུན་བྱེད་པར་སྐུལ་འདེད་བཏང་བ།ཟླ་7པའི་ཚུན་དུ།གྲོང་ཁྱེར་སྲིད་གཞུང་གིས་གནད་ཆེའི་རྣམ་གྲངས་ལ་གཟའ་འཁོར་རེ་རེར་ཞིབ་འཇུག་བརྡར་གཅོད་ཐེངས་རེ་བྱེད་པ་དང་ཟླ་བ་རེ་ལ་རྟོག་ཞིབ་ཐེངས་གཅིག་བྱེད་པ།ཟླ་བ་རེ་ལ་བརྡ་ཁྱབ་ཐེངས་རེ་བྱེད་པའི་བྱ་ཐབས་སྤྱོད་པ་དང་།གཟའ་འཁོར་རེ་ལ་རྣམ་གྲངས་སྐུལ་འདེད་གཏོང་བའི་དབྱེ་ཞིབ་ཚོགས་འདུ་ཐེངས་རེ་འཚོགས་པ་རེད།

      མཐུན་སྦྱོར་དང་མཉམ་ལས་བྱེད་ཤུགས་ཆེ་རུ་བཏང་ནས།ནན་ཏན་གྱིས་དཀའ་ཆེ་བའི་གནད་དོན་ཐག་གཅོད་བྱེད་པ།གྲོང་ཁྱེར་གྱི་རྣམ་གྲངས་གཞུང་ལས་ཁང་དང་གྲོང་ཁྱེར་བསྡོམས་རྩིས་ཅུས་ཀྱིས་ཧུར་ཐག་ངང་གྲོང་ཁྱེར་རིམ་པའི་ལས་འགན་སྡེ་ཁག་སོ་སོ་དང་མཐུན་སྦྱོར་བྱེད་ཤུགས་ཆེ་རུ་བཏང་ནས།རང་འགུལ་གྱིས་རྣམ་གྲངས་ཀྱི་འཛུགས་སྐྲུན་ལ་ཞབས་འདེགས་བྱེད་པ་དང་རྣམ་གྲངས་ཕྱོགས་ཡོངས་ནས་ལེགས་གྲུབ་བྱུང་བར་སྐུལ་འདེད་བཏང་བ།

      ལས་འགན་དོན་འཁྱོལ་བྱས་པ་དང་སྣེ་ཁྲིད་འབུར་ཐོན་བྱས་ནས།རྣམ་གྲངས་འཛུགས་སྐྲུན་བྱེད་པའི་ཁོར་ཡུག་ལེགས་སུ་བཏང་བ།མཛོད་ནང་འཇུག་པའི་ལས་དོན་གྱི་གསོ་སྦྱོང་ལ་དམ་འཛིན་བྱས་པ་དང་རྣམ་གྲངས་འགན་ལེན་བྱེད་པའི་ལས་ཁུངས་ཀྱིས་རྣམ་གྲངས་མཛོད་ནང་འཇུག་པའི་འགྲོ་ལུགས་འཐུས་ཚང་དུ་གཏོང་བར་རོགས་རམ་སྤྲད་དེ།གནད་ཆེའི་རྣམ་གྲངས་ལས་འགོ་ཚུགས་ཐུབ་པར་ཁག་ཐེག་བྱས།

      ཚན་རིག་དང་མཐུན་པའི་དབྱེ་ཞིབ་བྱས་ནས།རྣམ་གྲངས་ཀྱི་འཆར་འགོད་དུས་སྐེད་དུ་ལེགས་སྒྲིག་བྱས་པ།སེམས་ཀྱི་ཉི་ཟླ་གྲོང་ཁྱེར་འཕེལ་རྒྱས་བསྒྱུར་བཅོས་ཅུས་ཀྱིས་2017ལོའི་གྲོང་ཁྱེར་ནང་ཁོངས་ཀྱིས་གནད་ཆེའི་འཛུགས་སྐྲུན་ཀྱི་འཆར་གཞིའི་དུས་སྐེད་དུ་ལེགས་སྒྲིག་བྱེད་པའི་ལས་ཀ་འགན་ལེན་བྱས་ནས།གྲོང་ཁྱེར་ནང་ཁོངས་ཀྱི་འཛུགས་སྐྲུན་རྣམ་གྲངས་ཟླ་1པོ་ནས་ཟླ་6པའི་བར་དུ་སྐུལ་འདེད་གཏོང་བའི་གནས་ཚུལ་ཞིབ་བཤེར་ཞིབ་ཕྲ་བྱས་པ་དང་།ལོ་ནང་དུ་ལས་འགོ་ཚོགས་མི་ཐུབ་པའི་རྣམ་གྲངས་ལ་གནད་ཆེའི་འཛུགས་སྐྲུན་རྣམ་གྲངས་ཀྱི་ལོ་འཁོར་བརྗེ་ལེན་བྱེད་པའི་འཆར་གཞི་བཏོན་པ་རེད།

 

རྩོམ་སྒྲིག་པ། (གཡང་མཚོ།)