དབུ་ཤོག >> དཔལ་འབྱོར་འཚོ་བ། >> དཔལ་འབྱོར་འགྱུར་སྟངས།
ཀྲུང་དབྱང་ནོར་སྲིད་ཀྱིས་ཡང་བསྐྱར་དངུལ་སྒོར་དུང་ཕྱུར་10.1བཏང་ནས་ཞོད་ཐན་སྔོན་འགོག་དང་གེགས་སེལ་ལ་རྒྱབ་སྐྱོར་གནང་བ།
རྩོམ་པ་པོ། མི་གསལ། དུས་ཚོད། 2017-08-02 རྩོམ་ཁུངས། མི་དམངས་དྲ་བ། ཀློག་གྲངས། 136

       ཀྲུང་དབྱང་ནོར་སྲིད་ཀྱིས་ཞོད་ཐན་སྔོན་འགོག་དང་ཞིང་ལས་ཐོན་སྐྱེད་ཀྱི་གེགས་སེལ་གནས་ཚུལ་གསར་པ་དང་བླང་བྱ་གསར་པར་གཞིགས་ཏེ་ཟླ་7ཚེས་31ཉིན་ཞིང་ལས་ཐོན་སྐྱེད་ཀྱི་གེགས་སེལ་དང་ཞོད་ཐན་ཆེས་ཆེ་བ་སྔོན་འགོག་གི་ཁ་གསབ་རོགས་དངུལ་ཡང་བསྐྱར་སྒོར་དུང་ཕྱུར་10.1བཏང་ཞིང་།དེའི་ཁྲོད་དུ་ཞོད་ཐན་ཆེས་ཆེ་བ་སྔོན་འགོག་ཐད་སྒོར་དུང་ཕྱུར་6.1བཏང་བ་དང་།ཞིང་ལས་ཐོན་སྐྱེད་ཀྱི་གེགས་སེལ་ཐད་སྒོར་དུང་ཕྱུར་4བཏང་བ་རེད།

        ཟླ་8ཚེས་1ཉིན་ནས་ཚེས་4ཉིན་བར་རང་རྒྱལ་གྱི་ཤར་རྒྱུད་ས་ཁུལ་གྱི་ཞིང་ཆེན་(གྲོང་ཁྱེར)བཅུ་ལྷག་ཏུ་དྲག་ཆར་འབབ་པའི་གནམ་གཤིས་འཆར་རྒྱུ་ཡིན་པ་དང་།འབྲི་ཆུའི་ལྷོ་ཕྱོགས་ཀྱི་བྱང་རྒྱུད་དང་།འབྲི་ཆུ་དང་ཧོའེ་ཧོ་ཆུ་བོའི་བཞུར་རྒྱུན།རྨ་ཆུ་དང་ཧོའེ་ཧོ་ཆུ་བོའི་བཞུར་རྒྱུན།ཧྭ་བྱང་གི་ཤར་རྒྱུད།བྱང་ཤར་ས་ཁུལ་སོགས་ཀྱི་ས་ཁུལ་ཁ་ཤས་སུ་སྔ་རྟིང་དུ་ཆར་པ་ཆེན་པོ་དང་དྲག་ཆར་འབབ་རྒྱུ་ཡིན་པ་དང་།ས་ཁུལ་ཆ་ཤས་སུ་དྲག་ཆར་ཆེན་པོ་འབབ་རྒྱུ་ཡིན་པས།འབབ་ཆུ་ཁ་ཤས་སུ་ཆུ་ཉེན་ཚད་ཐིག་ལས་བརྒལ་བའི་ཆུ་ལོག་འབྱུང་སྲིད་པ་རེད།

       གནས་ཚུལ་དེར་དམིགས་ནས་རྒྱལ་ཁབ་འབྲུབ་འགོག་ཐན་འགོག་སྤྱི་ཁྱབ་བཀོད་འདོམས་པུའུ་ཡིས་འབྲུབ་ཆུ་སྔོན་འགོག་གྲོས་མོལ་ཚོགས་འདུ་སྐོང་འཚོག་བྱས་ཏེ་ཟླ་8ཚེས་1ཉིན་གྱི་ཆུ་ཚོད་10ནས་བཟུང་འབྲུབ་ཆུ་སྔོན་འགོག་Ⅳརིམ་པའི་འཕྲལ་བསྟུན་ཁ་གཏད་འཇལ་ཐབས་སྤེལ་འགོ་འཛུགས་རྒྱུའི་གཏན་འབེབས་བྱས་ཤིང་།ཐོག་མའི་དུས་སུ་ལས་དོན་ཚོགས་ཆུང་10མངག་གཏོང་བྱས་པའི་རྨང་གཞིའི་ཐོག་ལས་དོན་ཚོགས་ཆུང་3སྣོན་གཏོང་བྱས་ཏེ་ཁག་བགོས་ཀྱིས་ལུའོ་ཉིང་དང་།ཅི་ལིན།ཧྲན་ཏུང་བཅས་ཞིང་ཆེན་གསུམ་དུ་བསྐྱོད་དེ་ས་གནས་ཀྱིས་ཆུ་ལོག་འགོག་བཅོས་ཀྱི་ལས་དོན་ལེགས་འགྲུབ་བྱེད་པར་རོགས་སྐྱོར་མཛུབ་སྟོན་བྱ་རྒྱུ་རེད།

        ཟླ་8ཚེས་1ཉིན་གྱི་ཆུ་ཚོད་18ཐོག་རྒྱལ་ཁོངས་ཐོན་ཁུངས་པུའུ་དང་ཀྲུང་གོ་གནམ་གཤིས་ཅུས་ཀྱིས་མཉམ་འབྲེལ་ཐོག་ས་གཤིས་ཀྱི་གནོད་འཚེ་འབྱུང་སྲིད་པའི་གནམ་གཤིས་ཀྱི་ཉེན་ཁ་སྔོན་འགོག་བྱ་རྒྱུའི་སྔོན་ཚུད་ཀྱི་ཉེན་བརྡ་བཏང་སྟེ་ཟླ་8ཚེས་1ཉིན་གྱི་ཆུ་ཚོད་20:00ནས་ཚེས་2ཉིན་གྱི་ཆུ་ཚོད་20:00བར་ཨན་ཧུའེ་ཡི་ལྷོ་རྒྱུད་དང་།ཅང་ཞིའི་བྱང་ཤར་རྒྱུད།ཀྲེ་ཅང་གི་ནུབ་རྒྱུད།ཧྥུའུ་ཅན་གྱི་ནུབ་བྱང་རྒྱུད།ཡུན་ནན་གྱི་ནུབ་རྒྱུད་དང་ལྷོ་རྒྱུད་སོགས་ཀྱི་ས་ཁུལ་ཁ་ཤས་སུ་ས་གཤིས་ཀྱི་གནོད་འཚེ་འབྱུང་སྲིད་པའི་གནམ་གཤིས་ཀྱི་ཉེན་ཁ་ཅུང་ཆེ་བའི་སྔོན་དཔག་བྱས་པ་རེད།

        གསར་འགོད་པས་དམངས་སྲིད་པུའུ་ནས་ཤེས་རྟོགས་བྱུང་གསལ། རླུང་འཚུབ་དྲག་པོ"ནཱ་ཧྲ"དང"ཧའེ་ཐང"གཉིས་ཀྱི་ཐུན་མོང་གནོད་སྐྱོན་ཐེབས་པའི་དབང་གིས་ཟླ་8ཚེས་1ཉིན་གྱི་ཆུ་ཚོད་9ཡི་བར་དུ་ཧྥུའུ་ཅན་དང་ཅང་ཞི་ཞིང་ཆེན་གྱི་མི་གྲངས་ཁྲི་17.9ལ་གནོད་འཚེ་ཕོག་པ་དང་།ཀོང་ཞི་དང་།སི་ཁྲོན།ཀུའེ་ཀྲོའུ།ཡུན་ནན་བཅས་ཞིང་ཆེན་གྱི་མི་གྲངས་ཁྲི་4.1ལ་གནོད་འཚེ་ཕོག་པ་རེད།

 

རྩོམ་སྒྲིག་པ། (གཡང་མཚོ།)