དབུ་ཤོག >> མི་རིགས་ཆོས་ལུགས། >> སྲོལ་རྒྱུན་དུས་སྟོན།
བོད་ལྗོངས་བྱང་ཐང་གི"རྟ་རྒྱུག་དུས་ཆེན"འགོ་ཚུགས་ཉེར་ཡོད་པ།
རྩོམ་པ་པོ། མི་གསལ། དུས་ཚོད། 2017-08-03 རྩོམ་ཁུངས། མི་དམངས་དྲ་བ། ཀློག་གྲངས། 327

    ཟླ་8ཚེས་10ཉིན་ནས་ཚེས་14ཉིན་བར་2017ལོའི་བྱང་ཐང་འཆར་ཅན་གེ་སར་རྟ་རྒྱུག་སྒྱུ་རྩལ་དུས་ཆེན་ནག་ཆུ་ས་ཁུལ་ནག་ཆུ་གྲོང་རྡལ་གེ་སར་རྟ་རྒྱུག་འགྲན་རར་སྤེལ་རྒྱུ་ཡིན་པ་རེད།ད་རེས་ཀྱི་བྱེད་སྒོའི་ནང་ལུས་རྩལ་དང་།རིག་གནས།ཡུལ་སྐོར།དམངས་སྲོལ་སོགས་གཞི་གཅིག་ཏུ་འདུས་པ་དང་།དེ་ནི་བོད་ལྗོངས་བྱང་ཐང་གི་མི་རིགས་ཁག་གི་མི་དམངས་ཀྱི་བསམ་པའི་ཉམས་འགྱུར་མཚོན་པའི་སྲོལ་རྒྱུན་གྱི་རྩྭ་ཐང་གི་རྒྱས་འཛོམས་ཤིག་ཡིན་པ་རེད།

    ད་རེས་ཀྱི་རྟ་རྒྱུག་སྒྱུ་རྩལ་དུས་ཆེན་རིང་མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་དང་།རྟ་རྒྱུགརྟ་ཐོག་ནས་ཁ་བཏགས་སྒྲུག་པ།རྟ་ཐོག་ནས་མདའ་འཕེན་པ།འགྲོས་འགྲན་བསྡུར་སོགས་ཀྱི་བྱེད་སྒོ་སྤེལ་རྒྱུ་ཡིན་ཞིང་།ནག་ཆུ་ས་ཁུལ་རིག་གནས་ཅུས་ཀྱི་ཅུས་ཀྲང་ཟླ་བཟང་ཨ་མེ་ཡིས་སྐབས་དེ་དུས་ནག་ཆུ་ས་ཁུལ་གྱི་ཞིང་འབྲོག་མང་ཚོགས་རྟ་རྒྱུག་འགྲན་བསྡུར་ནང་ཞུགས་རྒྱུ་དང་འབྲེལ་འགོ་ཚུགས་མཛད་སྒོའི་ཐོག་རལ་པ་དང་།གཞས་ཆེན།ཨར་གཞས་སོགས་ནང་དོན་ཕུན་སུམ་ཚོགས་པའི་གླུ་གར་འཁྲབ་སྟོན་བྱ་རྒྱུ་རེད་ཅེས་བརྗོད་བྱུང་།

བྱང་ཐང་འཆར་ཅན་གེ་སར་རྟ་རྒྱུག་སྒྱུ་རྩལ་དུས་ཆེན་ནི་ཟླ་བ་བརྒྱད་པར་གཉེར་གྱི་ཡོད་པ་དང་།དེ་ནི་ནག་ཆུ་ས་ཁུལ་གྱི་སྤུས་རྟགས་བྱེད་སྒོའི་གྲས་ཤིག་ཏུ་གྱུར་ཡོད།རྟ་རྒྱུག་དུས་ཆེན་དེར་ལོ་རྒྱུས་ཡུན་རིང་ལྡན་པ་མ་ཟད།2017ལོར་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་གཞག་གི་མིང་གཞུང་ནང་ཚུད་ཡོད་པ་རེད།

 

 

རྩོམ་སྒྲིག་པ། (གཡང་མཚོ།)