དབུ་ཤོག >> བོད་ཀྱི་རིག་གནས། >> གསོ་རིག >> བདེ་ཐང་མཛུབ་སྟོན།
གཉིད་ཁར་ཁ་པར་བརྩེས་ན་གནོད་པ་གང་དག་ཡོད།
རྩོམ་པ་པོ། མི་གསལ། དུས་ཚོད། 2017-08-06 རྩོམ་ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 141

    བརྟག་དཔྱད་བྱས་པ་ལྟར་ན།དེང་སང་དྲ་གྲོགས་མང་ཆེ་ཤོས་གཉིད་ཁར་ཁ་པར་མ་བརྩེས་ན་སྡོད་མི་ཚུགས་པ་ལྟར་གྱུར་འདུག་ཡིན་ནའང་།ཁྱོད་ཀྱིས་གཉིད་ཁར་ཁ་པར་བརྩེས་ན་གནོད་པ་ག་འདྲ་ཡོད་པ་ཨེ་ཤེས།

    དང་པོ།མཚན་མོར་མལ་དུ་ཉལ་ནས་ཁ་པར་བརྩེས་ན།ཁ་པར་གྱི་འོད་ཐད་ཀར་མིག་ངོས་ལ་དྲང་འཕྲོ་བྱེད་ཅིང་།འགྱེད་འཕྲོའང་ཤིན་ཏུ་ཆེ་བས་མིག་གཉིས་ལ་གནོད་པ་ཚབས་ཆེན་ཐེབས་ངེས་ཡིན།

    གཉིས་པ།ཁ་སྦུབས་སུ་ཉལ་ནས་ཁ་པར་བརྩེས་ན།གྲུ་མོ་དང་ཀླད་པའི་ཁྲག་རྒྱུན་རྒྱུན་ལྡན་ལྟར་འཁོར་རྒྱུག་བྱེད་མི་ཐུབ་ལ།མཚམས་རེར་ཁ་པར་གྱི་དྲ་སྒོ་མ་བརྒྱབ་པར་གཉིད་ཁུགས་པའང་ཡོད།དེ་ལྟར་བྱས་ཚེ་སྐེ་ཚིགས་ཡན་ཆད་ནས་ཁྲག་འཁོར་རྒྱུག་བྱེད་མི་ཐུབ་པ་ཡིན།

    གསུམ་པ།ཕྱོགས་གཡས་གཡོན་དུ་ལོག་ནས་ཁ་པར་བརྩེས་ན།མིག་གཡས་གཡོན་ལ་ཐེབས་པའི་གནོན་ཤུགས་མི་འདྲ་བས་མིག་ཤེས་ལ་མཐོ་དམའ་འཆོར་སྲིད།

    བཞི་པ།ཁ་པར་རྩེ་དུས་བརྙན་ཤེལ་གྱི་འོད་ཇི་ལྟར་གསལ་དྲགས་ན་མིག་ལ་གནོད་པ་དེ་ལྟར་ཆེ་བས།ཡུན་རིང་པོར་བཀོལ་སྤྱོད་བྱས་ཚེ་མིག་ནད་སྔོ་རིབ་སོགས་འབྱུང་སྲིད།

    ལྔ་པ།གན་རྐྱལ་དུ་ཉལ་ནས་ཁ་པར་བརྩེས་ན།གྲུ་མོས་ཤུགས་བཏོན་དྲགས་ཏེ་དཔུང་པ་དང་ལག་ངར་གྱི་ཁྲག་རྒྱུན་འཁོར་རྒྱུག་བྱེད་མི་ཐུབ་ལ་ཡུན་རིང་པོར་བསྡད་ཚེ་དཔུང་པ་དང་ལག་ངར་སྦྲིད་ནས་ཚོར་པ་ཉམས་པ་དང་ཁྲག་གྱི་འཁོར་རྒྱུག་ལའང་གནོད་པ་ཡོད།

    དྲུག་པ།མུ་མཐུད་དུ་ངལ་གསོ་མ་བྱས་པར་ཁ་པར་བརྩེས་པའི་གནོད་པ།མཚན་མོའི་ཆུ་ཚོད་དགུ་པ་ནི་དྲན་པ་གསལ་བའི་དུས་ཡིན་ཞིང་།དུས་ཚོད་བཅུ་གཅིག་གི་རྗེས་ནས་ལུས་ཁམས་ཀྱིས་རྙིང་དོར་གསར་ལེན་བྱེད་མགོ་རྩོམ་གྱིན་ཡོད་པས།ཁ་པར་རྩེ་ཡུན་རིང་དྲགས་ཚེ་ལུས་ཁམས་དུས་ལྟར་དུ་ངལ་གསོ་བྱེད་མི་ཐུབ་པ་བཅས་ཀྱི་གནོད་པ་ཡོད།

    བདུན་པ།མཚན་མོའི་ཆུ་ཚོད་བཅུ་གཅིག་ཕྱེད་ཀ་ནས་ཞོགས་པའི་ཆུ་ཚོད་བཞི་པའི་བར།མིའི་ལུས་ཁམས་ནས་མདོག་འགྱུར་ནག་པོ་འགོག་གིན་ཡོད་པས།གློག་འོད་འོག་ནས་ཁ་པར་བརྩེས་ན།ལུས་ཀྱི་སྤྲི་དཀར་མེ་རྫས་ཕྱིར་འདོན་མཚམས་ཆད་ནས་ལུས་ཁམས་ཡོངས་ལ་གནོད་པ་བཟོ་སྲིད།

 

རྩོམ་སྒྲིག་པ། (གཡང་མཚོ།)