དབུ་ཤོག >> དཔལ་འབྱོར་འཚོ་བ། >> དཔལ་འབྱོར་འགྱུར་སྟངས།
སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱིས་དབུལ་སྐྱོར་གནས་ཚུལ་གྱི་དོ་དམ་བཀོད་སྒྲིག་བྱས་པ།
རྩོམ་པ་པོ། མི་གསལ། དུས་ཚོད། 2017-08-06 རྩོམ་ཁུངས། སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ། ཀློག་གྲངས། 215

      སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཉེ་སྔོན།སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱིས་དབུལ་སྐྱོར་གྱི་ཆེད་དོན་གྲོས་ཚོགས་འཚོགས་ནས།གྲོང་ཁྱེར་ཡོངས་ཀྱི་དབུལ་སྐྱོར་བྱ་ཡུལ་གྱི་འགུལ་རྣམ་དོ་དམ་ལས་ཀ་ལ་བཀོད་སྒྲིག་ཡང་བསྐྱར་བྱས་པ་རེད།

      གྲོས་ཚོགས་ཀྱིས་གྲོང་ཁྱེར་ཡོངས་ཀྱི་དབུལ་སྐྱོར་བྱ་ཡུལ་གྱི་འགུལ་རྣམ་དོ་དམ་ལས་ཀའི་ཞིབ་བཤེར་དང་ཞིབ་བསྡུར་བྱེད་པའི་གནས་ཚུལ་ལྡོག་འདྲེན་བྱས་པ།

      གྲོས་ཚོགས་ཀྱིས་གྲོང་ཁྱེར་ཡོངས་ཀྱི་དབུལ་སྐྱོར་བྱ་ཡུལ་གྱི་འགུལ་རྣམ་དོ་དམ་ལས་ཀ་ནི་དབུལ་ཕོངས་ཀྱི་གནས་ཚུལ་དབྱེ་ཞིབ་བྱེད་པ་དང་ཡུལ་དངོས་ཞིབ་བཤེར་བྱེད་པ།བརྡ་འཕྲིན་ཞིབ་གྲངས་བསྐྱར་ཞིབ་བྱེད་པར་བརྒྱུད་ནས།ཐོག་མའི་ཇུས་གཞི་འདོན་པའི་དུས་རིམ་དང་ཉེ་བ་རེད་ཅེས་བཤད་པ་དང་།གྲོང་ཁྱེར་ཡོངས་ཀྱིས་དབུལ་སྐྱོར་བྱ་ཡུལ་གྱི་འགུལ་རྣམ་དོ་དམ་ལས་ཀར་མཐོང་ཆེན་བྱས་ནས།དུས་ཐོག་ཏུ་དབུལ་སྐྱོར་བྱེད་ཐུབ་པར་རྨང་གཞི་བརྟན་པོ་ཞིག་འདིང་དགོས་ཞེས་བསྟན་པ།

      གྲོས་ཚོགས་ཀྱིས་གྲོང་ཁྱེར་ཡོངས་ཀྱིས་སྔར་ལས་ལྷག་པར་འགོ་ཁྲིད་བྱེད་ཤུགས་ཆེ་རུ་བཏང་ནས།དབུལ་སྐྱོར་བྱ་ཡུལ་གྱི་འགུལ་རྣམ་དོ་དམ་དམིགས་འབེན་ལ་ཟིན་པར་ཁག་ཐེག་བྱེད་དགོས་པ་དང་།རིམ་པ་ཁག་གི་སྡེ་ཁག་སོ་སོས་ནན་ཏན་གྱིས་འགན་འཁུར་བྱེད་ཤུགས་ཆེ་རུ་བཏང་བ་དང་གོ་རིམ་གྱི་ཚད་གཞི་ནན་པོར་བཏང་ནས།ལས་ཀ་དམིགས་འབེན་ལྟར་ལེགས་གྲུབ་བྱུང་བར་ཁག་ཐེག་བྱེད་དགོས།སྔར་ལས་ལྷག་པར་མཐུན་སྦྱོར་བྱེད་ཤུགས་ཆེ་རུ་བཏང་ནས།དུས་ཐོག་ཏུ་དབུལ་སྐྱོར་འགག་སྒྲོལ་གྱི་ལས་འགན་ཁག་ལེགས་གྲུབ་བྱུང་བར་ཁག་ཐེག་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།

      སེམས་ཀྱི་ཉི་ཟླ་གྲོང་ཁྱེར་དབུལ་སྐྱོར་ལས་ཀའི་འབྲེལ་ཡོད་སྡེ་ཁག་22ཀྱི་འགན་འཁུར་བ་གཙོ་བོ་དང་ཤང་གྲོང་11གི་ཏང་ཨུ་དང་སྲིད་གཞུང་གི་འགན་འཁུར་བ་གྲོས་ཚོགས་སུ་ཞུགས་ཡོད།

 

རྩོམ་སྒྲིག་པ། (གཡང་མཚོ།)