དབུ་ཤོག >> བོད་ཀྱི་རིག་གནས། >> རྩོམ་རིག >> དམངས་ཁྲོད་རྩོམ་རིག
མྱི་ཟུར་གྱི་སྒོར་བྲོ་ཚ་ཡངས་ཞེས་པ་བཞུགས་སོ།།
རྩོམ་པ་པོ། པད་མ་ཚེ་རིང་། དུས་ཚོད། 2017-08-11 རྩོམ་ཁུངས། སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ། ཀློག་གྲངས། 161

གཡང་འཛོམས་དང་བློ་བཟང་སོགས་ཀྱིས་གཞས་ལེན་པ།       ཚེ་བཀྲ་ཤིས་དང་ཚེ་དོན་གྲུབ་ཀྱིས་སྒྲ་ཕབ་སྡུད་བྱས་པ།             པད་མ་ཚེ་རིང་གིས་ཡི་གེ་བསྡུ་སྒྲིག་བྱས་པ།

16、རྒྱ་བྱ་རྨ་བྱ་ཁུ་བྱུག་བྱ་དང་གསུམ།

གཞས་བ་ལ་དགུང་སྔོན་མཐོ་མོ་ལ།།
དགུང་སྔོན་ལ་མཐོ་མོ་ཞུགས་ཡས་ཞེས།།
ཨ་རོགས་འོ་དགུང་སྔོན་མཐོ་མོ་ཞུགས་ཡས་ཞེས།།
རྒྱ་བྱ་ལ་རྨ་བྱ་ཁུ་བྱུག་ཁུ་བྱུག་ལ་བྱ་དང་གསུམ་ཡས་ཞེས།།
ཨ་རོགས་འོ་ཁུ་བྱུག་ལ་བྱ་དང་གསུམ་ཡས་ཞེས།།
རྨ་བྱ་ལ་ཡར་ལྡིང་ཡར་ལྡིང་གཙང་གི་ཕྱོགས་ལ་ལྡིང་ཡས་ཞེས།།
ཨ་རོགས་འོ་གཙང་གི་ཕྱོགས་ལ་ལྡིང་ཡས་ཞེས།།
གཙང་གི་གཙང་ཆེན་མེ་ཏོག་སྐོར་ར་ལ་ལན་གསུམ་བསྐོར་ཡས་ཞེས།།
ཨ་རོགས་འོ་སྐོར་ར་ལ་ལན་གསུམ་བསྐོར་ཡས་ཞེས།།
ཁུ་བྱུག་ལ་ཕྱི་ལྡིང་ཕྱི་ལྡིང་རྒྱ་ཡུལ་རྒྱལ་ཁབ་ལ་ལྡིང་ཡས་ཞེས།།
ཨ་རོགས་འོ་རྒྱ་ཡུལ་རྒྱལ་ཁབ་ལ་ལྡིང་ཡས་ཞེས།།
རྒྱ་ནག་ལ་གླིང་ཆེན་མེ་ཏོག་སྐོར་ར་ལ་ལན་གསུམ་བསྐོར་ཡས་ཞེས།།
ཨ་རོགས་འོ་སྐོར་ར་ལ་ལན་གསུམ་བསྐོར་ཡས་ཞེས།།
རྒྱ་བྱ་ལ་ཚུར་ལྡིང་ཚུར་ལྡིང་ཤར་གྱི་རྒྱལ་ཐང་ལྡིང་ཡས་ཞེས།།
ཨ་རོགས་འོ་ཤར་གྱི་རྒྱལ་ཐང་ལྡིང་ཡས་ཞེས།།
གནས་ཆེན་རྒྱལ་བ་རིགས་ལྔ་སྐོར་ར་ལན་གསུམ་བསྐོར་ཡས་ཞེས།།
ཨ་རོགས་འོ་སྐོར་ར་ལན་གསུམ་བསྐོར་ཡས་ཞེས།།

  17、ལུང་པ་སྤང་ཕྱོགས་ནུབ་ཕྱོགས།

གཞས་བ་དགུང་སྔོན་མཐོ་མོ་སོ་ལས་ལོ།།
དགུང་སྔོན་མཐོ་མ་བཞུགས་ཡས་ཞེས།།
སོ་ལས་ལོ་དགུང་སྔོན་མཐོ་མ་བཞུགས་ཡས་ཞེས།།
ལུང་པ་སྤང་ཕྱོགས་ནུབ་ཕྱོགས་སོ་ལས་ལོ་བཞོན་མོ་སྟོང་དང་ལ་ལྔ་བརྒྱ་ཞེས།།
སོ་ལས་ལོ་བཞོན་མོ་སྟོང་དང་ལ་ལྔ་བརྒྱ་ཞེས།།
བཞོན་མོ་འགྲུབ་ཡང་མི་དགོས་སོ་ལས་ལོ་ཞོ་མ་རྣམ་དཔྱོད་ལྷ་ཡིས་བསེལ་ཞེས།།
སོ་ལས་ལོ་ཞོ་མ་རྣམ་དཔྱོད་ལྷ་ཡིས་བསེལ་ཞེས།།
བེའུ་ཆུང་གསོ་ཡང་དགོས་སོ་ལས་ལོ་སྟེང་ཕྱོགས་ལྷ་ཡིས་བསེལ་ཞེས།།
སོ་ལས་ལོ་སྡེང་ཕྱོགས་ལྷ་ཡིས་བསེལ་ཞེས།།
འོ་མ་བཞོ་ཡང་མི་དགོས་སོ་ལས་ལོ་འོ་མ་རྒྱ་མཚོ་ལ་འཁྱིལ་ཡས་ཞེས།།
སོ་ལས་ལོ་འོ་མ་རྒྱ་མཚོ་ལ་འཁྱིལ་ཡས་ཞེས།།
འོ་མ་དཀྲུག་ཡང་དགོས་སོ་ལས་ལོ་འོ་དོང་ལ་སྤོ་སྐོར་བཏང་ཡས་ཞེས།།
འོ་དོང་ལ་སྤོ་སྐོར་བཏང་ཡས་ཞེས།།
མར་སེར་ཕུད་ཡང་དགོས་སོ་ལས་ལོ་མར་སེར་གཅིར་སྤུངས་འཛུགས་ཡས་ཞེས།།
མར་སེར་གཅིར་སྤུངས་འཛུགས་ཡས་ཞེས།།
ཐུད་དཀར་ཕུད་ཡང་མི་དགོས་སོ་ལས་ལོ་ཐུད་དཀར་གངས་རི་ལ་འགྲིག་ཡས་ཞེས།།
ཐུད་དཀར་གངས་རི་ལ་འགྲིག་ཡས་ཞེས།།
མར་སེར་གཅིར་སྤུངས་འཛུགས་ཐོན་སོ་ལས་ལོ་ཐོར་སེར་རྐྱང་སྒལ་ལ་ཁལ་ཡས་ཞེས།།
ཐོར་སེར་རྐྱང་སྒལ་ལ་ཁལ་ཡས་ཞེས།།

  18、པ་སངས་ཤིང་གསུམ་འཁྲུངས་ཡས་ལ།

ཡ་མ་ཧུ་འོ་གཞས་ཡག་མོ་དགུང་སྔོན།།
དགུང་སྔོན་མཐོ་མོ་བཞུགས་ཡས་ལ།།
ཡ་མ་ཧུ་འོ་མར་རྒྱ་མཚོ་གཏིང་ལ་འོ།།
པ་སངས་ཤིང་གསུམ་འཁྲུངས་ཡས་ལ།།
རྒྱ་མཚོའི་གཏིང་ལ་པ་སངས་ཀྱི་ཤིང་གསུམ་འཁྲུངས་འོ་ཡས་ཞེས།།
ཡ་མ་ཧུ་འོ་ཤིང་རྩ་བ་ཡག་དྲགས་རིན་ཆེན་ས་ལ་ཁྱབ་ཡས་ལ་ཞེས།།
རྩ་བ་ཡག་དྲགས་རིན་ཆེན་གྱི་ས་ལ་ཁྱབ་འོ་ཡས་ལ་ཞེས།།
ཡ་མ་ཧུ་འོ་ཤིང་ཡལ་ལག་བདེ་དྲགས་ཕྱོགས་བཞི་བདེ་བཞི་བཀོད་ཡས་ལ་ཞེས།།
ཡལ་ལག་གི་བདེ་དྲགས་འོ་ཕྱོགས་བཞི་བདེ་བཞི་བཀོད་འོ་ཡས་ལ་ཞེས།།
ཡ་མ་ཧུ་འོ་ཤིང་ལོ་མ་ཡག་དྲགས་གཙང་མ་ཆབ་ལ་བཀུར་ཡས་ལ་ཞེས།།
ལོ་མ་ཡག་དྲགས་གཙང་མ་ཆབ་ལ་བཀུར་འོ་ཡས་ལ་ཞེས།།
ཡ་མ་ཧུ་འོ་ཤིང་སྦུགས་དཔངས་ཀྱི་མཐོ་དྲགས་ཨ་སྔོན་སྒང་ལ་སྙོམས་ཡས་ལ་ཞེས།།
སྦུགས་དཔངས་ཀྱི་མཐོ་དྲགས་ཨ་སྔོན་སྒང་ལ་སྙོམས་འོ་ཡས་ལ་ཞེས།།
སྦུགས་དཔངས་ཀྱི་མཐོ་དྲགས་ཨ་སྔོན་སྒང་ལ་སྙོམས་འོ་ཡས་ལ་ཞེས།།

  19、ཐོའི་ལུང་པ་དགའ་བ་ལ་ཐོའི་ལུང་སྐྱིད་བ་ལ།

འོ་ཐོའི་ལུང་པ་དགའ་བ་ལ་ཨ་ཐོའི་ལུང་སྐྱིད་ཡས་ལ།།
འོ་གཞས་བ་ཞེས་འོ་དགུང་མཐོ་མོ་བཞུགས་ཡས་ལ་ཞེས།།
འོ་ཐོའི་ལུང་པ་དགའ་བོ་ཨ་ཐོའི་ལུང་པ་སྐྱིད་ཡས་ལ།།
འོ་ཤིང་གི་སྐལ་པའི་རྒྱ་ལ་མཚོ།།
འོ་རྩ་བ་དང་འདྲ་བོ་རྩ་བ་ཡག་གསུམ་ཡག་ལས་ལོ།།
འོ་ས་ལ་མ་ཁྱབ་འོ་ས་དང་རིན་ཆེན་འབེལ་བསྡད་ལོ།།
འོ་འདི་ཕྱོགས་ག་ནས་ཁྱབ་འོ།།
འོ་ཐོའི་ལུང་པ་དགའ་བ་ལ་ཞེས།།
འོ་ཐོའི་ལུང་པ་སྐྱིད་བ་ལ་ཞེས།།
འོ་ཐོའི་ལུང་པ་དགའ་བ་ལ་ཨ་ཐོའི་ལུང་པ་སྐྱིད་ཡས་ལ།།
འོ་ཡལ་ལག་དང་འདྲ་བོ་ཡལ་ལག་ཡག་གསུམ་ཡག་ལས་ལོ།།
འོ་ཕྱོགས་བཞི་ནས་བཀོད་འོ།།
འོ་ཕྱོགས་བཞི་བདེ་བཞི་བཀོད་ཡས་ལ།།
འོ་ཐོའི་ལུང་པ་དགའ་བོ་ཐོའི་ལུང་པ་སྐྱིད་ཡས་ལ།།
འོ་ཐོའི་ལུང་པ་དགའ་བོ་ཐོའི་ལུང་པ་སྐྱིད་ཡས་ལ།།
འོ་ལོ་མ་དང་འདྲ་བོ་ལོ་མ་ཡག་གསུམ་ཡག་ལས་ལོ།།
འོ་ཆབ་ལ་མ་བཀུར་འོ།།
འོ་ཆབ་དང་བཀུར་མིན་ཡས་ལ།།
འོ་འདི་ཕྱོགས་ག་ནས་ཁྱབ་འོ།།
འོ་ཐོའི་ལུང་པ་དགའ་བ་ལ་ཐོའི་ལུང་པ་སྐྱིད་ཡས་ལ།།
འོ་ཐོའི་ལུང་པ་དགའ་བོ་ཐོའི་ལུང་པ་སྐྱིད་ཡས་ལ།།
འོ་སྦུགས་དཔངས་མཐོ་དང་འདྲ་འོ་སྦུགས་དཔངས་མཐོ་གསུམ་མཐོ་ལས་ལོ།།
འོ་སྒང་དང་མ་སྙོམས་འོ།།
འོ་སྒང་དང་ཨ་སྔོན་སྙོམས་ལས་ལོ།།
འོ་འདི་ཕྱོགས་ག་ནས་ཁྱབ་འོ།།
འོ་ཐོའི་ལུང་པ་དགའ་བ་ལ།།
འོ་ཐོའི་ལུང་སྐྱིད་བ་ལ།།

  20、རིན་ཆེན་གཡོན་རི་གཡས་རི།

གཞས་བ་དགུང་སྔོན་ལ་ན་མཐོ་ལ་མོ་ཞེས།།
གཞས་བ་དགུང་སྔོན་ལ་ན་མཐོ་ལ་མོ་ཞེས།།
སོ་སོ་ན་ཡག་ལ་དགུང་སྔོན་མཐོ་མོ་ཅིག་བཞུགས་ཡས།།
སོ་སོ་ན་ཡག་ལ་དགུང་སྔོན་མཐོ་མོ་ཅིག་བཞུགས་ཡས།།
རིན་ཆེན་གཡོན་རི་ལ་ན་གཡས་ལ་རི།།
རིན་ཆེན་གཡོན་རི་ལ་ན་གཡས་ལ་རི།།
སོ་སོ་ན་ཡག་ལ་གནས་རི་ག་ཡིན་མ་ཤེས་ཞེས།།
སོ་སོ་ན་ཡག་ལ་གནས་རི་ག་ཡིན་མ་ཤེས་ཞེས།།
གནས་རི་ག་ཡིན་ལ་ན་ཤེས་ལ་སྣང་།།
གནས་རི་ག་ཡིན་ལ་ན་ཤེས་ལ་སྣང་།།
སོ་སོ་ན་ཡག་ལ་གནས་ཆེན་ཁ་བ་དཀར་པོ།།
སོ་སོ་ན་ཡག་ལ་གནས་ཆེན་ཁ་བ་དཀར་པོ།།
གནས་ཆེན་ཁ་བ་ལ་ན་དཀར་ལ་པོ།།
གནས་ཆེན་ཁ་བ་ལ་ན་དཀར་ལ་པོ།།
སོ་སོ་ན་ཡག་ལ་གནས་སྐོར་རྒྱང་ཐག་རིང་བྱུང་།།
སོ་སོ་ན་ཡག་ལ་གནས་སྐོར་རྒྱང་ཐག་རིང་བྱུང་།།
གནས་སྐོར་རྒྱང་ཐག་ལ་ན་རིང་མོ།།
གནས་སྐོར་རྒྱང་ཐག་ལ་ན་རིང་མོ།།
སོ་སོ་ན་ཡག་ལ་སྐོར་གྱིས་སྨིན་ལམ་ཅིག་ཤོག་ཡས།།
སོ་སོ་ན་ཡག་ལ་མཇལ་གྱིས་སྨིན་ལམ་ཅིག་ཤོག་ཡས།།

རིན་ཆེན་གཡོན་རི་ལ་ན་གཡས་ལ་རི།།
རིན་ཆེན་གཡོན་རི་ལ་ན་གཡས་ལ་རི།།
སོ་སོ་ན་ཡག་ལ་གནས་རི་ག་ཡིན་མ་ཤེས་ཞེས།།
སོ་སོ་ན་ཡག་ལ་གནས་རི་ག་ཡིན་མ་ཤེས་ཞེས།།
གནས་རི་ག་ཡིན་ལ་ན་ཤེས་ལ་སྣང་།།
གནས་རི་ག་ཡིན་ལ་ན་ཤེས་ལ་སྣང་།།
སོ་སོ་ན་ཡག་ལ་གནས་ཆེན་གངས་དཀར་སྤུན་སུམ།།
སོ་སོ་ན་ཡག་ལ་གནས་ཆེན་གངས་དཀར་སྤུན་སུམ།།
གནས་ཆེན་གངས་དཀར་ལ་ན་སྤུན་ལ་སུམ།།
གནས་ཆེན་གངས་དཀར་ལ་ན་སྤུན་ལ་སུམ།།
སོ་སོ་ན་ཡག་ལ་གནས་སྐོར་རྒྱང་ཐག་ཅིག་རིང་བྱུང་།།
སོ་སོ་ན་ཡག་ལ་གནས་སྐོར་རྒྱང་ཐག་ཅིག་རིང་བྱུང་།།
གནས་སྐོར་རྒྱང་ཐག་ལ་ན་རིང་མོ།།
གནས་སྐོར་རྒྱང་ཐག་ལ་ན་རིང་མོ།།
སོ་སོ་ན་ཡག་ལ་སྐོར་གྱིས་སྨིན་ལམ་ཅིག་ཤོག་ཡས།།
སོ་སོ་ན་ཡག་ལ་མཇལ་གྱིས་སྨིན་ལམ་ཅིག་ཤོག་ཡས།།

རིན་ཆེན་གཡོན་རི་ལ་ན་གཡས་ལ་རི།།
རིན་ཆེན་གཡོན་རི་ལ་ན་གཡས་ལ་རི།།
སོ་སོ་ན་ཡག་ལ་གནས་རི་ག་ཡིན་མ་ཤེས་ཞེས།།
སོ་སོ་ན་ཡག་ལ་གནས་རི་ག་ཡིན་མ་ཤེས་ཞེས།།
གནས་རི་ག་ཡིན་ལ་ན་ཤེས་ལ་སྣང་།།
གནས་རི་ག་ཡིན་ལ་ན་ཤེས་ལ་སྣང་།།
སོ་སོ་ན་ཡག་ལ་གནས་ཆེན་གནས་ཆེན་རྒྱལ་བ་རིགས་ལྔ།།
སོ་སོ་ན་ཡག་ལ་གནས་ཆེན་གནས་ཆེན་རྒྱལ་བ་རིགས་ལྔ།།
གནས་ཆེན་རྒྱལ་བ་ལ་ན་རིགས་ལ་ལྔ།།
གནས་ཆེན་རྒྱལ་བ་ལ་ན་རིགས་ལ་ལྔ།།
སོ་སོ་ན་ཡག་ལ་གནས་སྐོར་རྒྱང་ཐག་ཅིག་རིང་བྱུང་།།
སོ་སོ་ན་ཡག་ལ་གནས་སྐོར་རྒྱང་ཐག་ཅིག་རིང་བྱུང་།།
གནས་སྐོར་རྒྱང་ཐག་ལ་ན་རིང་མོ།།
གནས་སྐོར་རྒྱང་ཐག་ལ་ན་རིང་མོ།།
སོ་སོ་ན་ཡག་ལ་སྐོར་གྱིས་སྨིན་ལམ་ཅིག་ཤོག་ཡས།།
སོ་སོ་ན་ཡག་ལ་མཇལ་གྱིས་སྨིན་ལམ་ཅིག་ཤོག་ཡས།

༼ཁག་ཅིག    མུ་འགོད། ༽

 

རྩོམ་སྒྲིག་པ། (Test)