དབུ་ཤོག >> བོད་ཀྱི་རིག་གནས། >> རྩོམ་རིག >> དེང་རབས་རྩོམ་རིག
ལྷག་བསམ།
རྩོམ་པ་པོ། ཚེ་དོན། དུས་ཚོད། 2017-08-11 རྩོམ་ཁུངས། སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ། ཀློག་གྲངས། 190

 སྐྱེས་མ་ཐག་པ་ནས་མིའི་རང་སྟེང་ལ་ལྷག་བསམ་བློ་དཀར་དང་གཞུང་དྲང་གི་རང་གཞིས་ཐུན་མོང་མ་ཡིན་པ་ཞིག་གྲུབ་ཡོད།   
 འཚར་ལོངས་བྱུང་བའི་གོ་རིམ་ཁྲོད་ཁོར་ཡུག་དང་སློབ་གསོའི་ཤུགས་རྐྱེན་ཐེབས་པ་དང་བསྟུན་ནས་མིའི་སེམས་ཁམས་དང་རང་གཤིས་ལ་འགྱུར་ལྡོག་གང་མིན་ཐེབས་ཀྱི་ཡོད་པ་ང་ཚོ་རང་སྟེང་ནས་རྒྱུས་ལོན་ངེས་ཅན་ཞིག་བྱེད་ཐུབ།  
 ལྷག་བསམ་བཟང་བོ་ཞིག་བཅང་རྒྱུ་ནི་དྲིན་ཕ་མ་དང་དགེ་རྒན་རྣམས་ཀྱིས་རྒྱུན་པར་ང་ཚོ་ལ་སློབ་སྟོན་གནང་བཞིན་པའི་གནས་ལུགས་གལ་ཆེན་ཞིག་ཡིན་པ་དང་།  དེ་ཡང་ལྷག་བསམ་གཙང་མ་ནི་རང་ཁོ་ནའི་ཁེ་ཕན་དང་དམིགས་ཡུལ་ཙམ་མ་ཡིན་པར།   ཚེ་སྲོག་ཡོད་པའི་སྐྱེ་དངོས་ཐམས་ཅད་ཀྱི་སྟེང་ལ་ཡང་དེ་འདྲའི་ལྷག་བསམ་གཙང་མ་འཛིན་འོས་པ་དང་།   སེམས་པ་བཟང་ན་ས་དང་ལམ་ཡང་བཟང་ཟེར་བས་ལྷག་བསམ་གཙང་མ་ནི་མི་ཚེ་གཅིག་གི་རྒྱན་ཆ་ཡིན་ལ།  ལྷག་བསམ་གཙང་མ་ཡོད་ན་ང་ཚོས་འཚོ་བའི་དོན་སྙིང་རྟོགས་པར་ཡང་ཕན་ཐོགས་ཡོད།