ས་འགུལ་གྱི་ཚད་རིམ་ཇི་ལྟར་དབྱེ་བ་ཡིན་ནམ།
རྩོམ་པ་པོ། མི་གསལ། དུས་ཚོད། 2017-08-13 རྩོམ་ཁུངས། ཀྲུང་གོའི་བོད་ཀྱི་དྲ་བ། ཀློག་གྲངས། 112

 

    མིག་སྔར་རང་རྒྱལ་གྱི་བཀོལ་སྤྱོད་བྱེད་བཞིན་པའི་ས་འགུལ་གྱི་ཚད་རིམ་ཚད་གཞི་ནི་རྒྱལ་སྤྱིའི་སྟེང་ན་གཅིག་གྱུར་སྒོས་བཀོལ་སྤྱོད་བྱེད་བཞིན་པའི་ལིས་ཧྲིའི་ཚད་རིམ9ཅན་གྱི་རིམ་འབྱེད་རེའུ་མིག་དེ་ཡིན།ས་འགུལ་གྱི་ཚད་རིམ་ནི་དབྱིན་ཡིག་གི་གསལ་བྱེདMཡིས་མཚོན་བཞིན་ཡོད་དེ།གསལ་ བྱེདMནི་ས་འགུལ་ལས་ཐོན་པའི་གཡོ་ཤུགས་དང་འབྲེལ་བ་ཡོད།ཚད་རིམ6ཅན་གྱི་ས་འགུལ་ལས་ཐོན་པའི་གཡོ་ཤུགས་ནི་འཛམ་གླིང་འཁྲུག་ཆེན་ཐེངས་གཉིས་པའི་སྐབས་སུ་ཨ་མི་རི་ཁས་འཇར་པན་གྱི་ཀོང་ཏའོ་གྲོང་ཁྱེར་ལ་འཕངས་པའི་རྡུལ་ཕྲན་མཚོན་ཆའི་འགད་ཤུགས་དང་གཅིག་མཚུངས་ཡིན།ས་འགུལ་གྱི་ཚད་རིམ་རེ་ལས་ཐོན་པའི་གཡོ་ཤུགས་ནི་ཚད་རིམ་སྔ་མ་ལས་ལྡབ32ཙམ་གྱི་ཆེ་བ་དང་།ས་འགུལ་གྱི་སྔ་ཕྱིའི་བར་ལ་ཚད་རིམ་གཉིས་ཡོད་ཕྱིན་གཡོ་ཤུགས་ལྡབ1000ལྷག་འབྱུང་སྲིད།དཔེར་ན།ཚད་རིམ6ཅན་གྱི་ས་འགུལ་ཐེངས་གཅིག་ལས་ཐོན་པའི་གཡོ་ཤུགས་དེ་ཚད་རིམ5ཅན་གྱི་ས་འགུལ་ཐེངས32ལས་ཐོན་པའི་གཡོ་ཤུགས་དང་འདྲ།ཚད་རིམ7ཅན་གྱི་ས་འགུལ་ཐེངས་གཅིག་ལས་ཐོན་པའི་གཡོ་ཤུགས་ནི་ཚད་རིམ5ཅན་གྱི་ས་འགུལ་ཐེངས1000བྱུང་བའི་གཡོ་ཤུགས་དང་འདྲ།མིག་སྔར་འཛམ་གླིང་དུ་བྱུང་མྱོང་བའི་ས་འགུལ་གྱི་ཆེས་མཐོ་བའི་ཚད་རིམ3ལས་བྱུང་བའི་ས་འགུལ་ལ་ས་འགུལ་ཆུང་བ་ཟེར་ཞིང་།གལ་སྲིད་ས་འགུལ་དེ་ས་ཡི་གཏིང་རིམ་ནས་བྱུང་ན་མི་རྣམས་ཀྱིས་ཚོར་མི་ཐུབ།ས་འགུལ་ཚད་རིམ3ལས་ཆེ་བའམ་མཉམ་པ།ཡང་ན་ཚད་རིམ4.5ལས་ཆུང་བའམ་མཉམ་པའི་ས་འགུལ་ལ་ཚོར་ནུས་པའི་ས་འགུལ་ཟེར།ཚོར་ནུས་པའི་ས་འགུལ་བྱུང་ཚེ་མི་རྣམས་ཀྱིས་ཚོར་ཐུབ་མོད།

    འོན་ཀྱང་།གཏོར་བརླག་བྱེད་པའི་ནུས་པ་མིད།ཚད་རིམ4.5ལས་ཆེ་བ་དང་ཚད་རིམ6.0ལས་ཆུང་བའི་ས་འགུལ་ལ་ས་འགུལ་འབྲིང་གྲས་ཟེར་ཞིང་།ས་འགུལ་དེ་རིགས་ནི་གཏོར་བརླག་རང་བཞིན་གྱི་ས་འགུལ་དུ་གཏོགས་མོད།འོན་ཀྱང་གཏོར་བརླག་ཐེབས་པའི་ལྕི་ཡང་དེ་ས་འགུལ་སའི་གཏིང་ནས་བྱུང་བ་སོགས་རྒྱུ་རྐྱེན་སྣ་ཚོགས་ལ་རག་ལས་པ་ཡིན།ཚད་རིམ6ཡན་གྱི་ས་འགུལ་ལ་ས་འགུལ་ཆེན་པོ་ཟེར་ཞིང་།ཚད་རིམ8ཅན་དང་ཡང་ན་ཚད་རིམ8ཡན་གྱི་ས་འགུལ་ལ་ཚད་དྲག་པའི་ས་འགུལ་ཟེར།རྒྱུན་ལྡན་གྱི་གནས་ཚུལ་འོག་ས་འགུལ་ཞིབ་འཇུག་སྡེ་ཁག་གིས་ས་ཆ་ག་གེ་མོ་རུ་ས་འགུལ་བྱུང་བའི་གནས་ཚུལ་ཁྱབ་སྒྲོག་བྱེད་སྐབས།ས་འགུལ་གྱི་ཚད་རིམ་དང་ས་འགུལ་གྱིས་གཏོར་བརླག་ཅི་ཙམ་བྱས་ཚུལ་གསལ་པོར་བསྒྲག་སྲིད།ས་འགུལ་གྱི་ཚད་རིམ་དང་ས་འགལ་གྱིས་གཏོར་བརླག་བྱས་ཚུལ་གཉིས་དོན་གཅིག་མིན་ཏེ།ས་འགུལ་གྱི་ཆེ་ཆུང་སྟོན་པ་དང་།ས་འགུལ་ཚད་འཇལ་འཕྲུལ་ཆས་ལ་བརྟེན་ནས་ས་འགུལ་རེ་རེ་ལས་ཐོན་པའི་གཡོ་ཤུགས་གཏན་ཁེལ་བྱེད་པ་ཞིག་ཡིན།ས་འགུལ་རེ་ལ་ཚད་རིམ་རེ་ཡོད་ལ།ས་ཆ་མི་འདྲ་བའི་དབང་གིས་ས་ཆ་སོ་སོར་བྱུང་བའི་ས་འགུལ་གྱི་ཚད་རིམ་ཡང་མི་འདྲའོ།།ས་འགུལ་གྱི་དྲག་ཞན་ནི་ས་འགུལ་གྱི་གནོད་འཚེ་ལས་བཟོས་པའི་ཚད་རིམ་ལ་གོ་དགོས་ཤིང་ས་འགུལ་ལ་ཚད་རིམ12དབྱེ་ཡོད།སྤྱིར་བཏང་གི་གནས་ཚུལ་འོག་ས་འགུལ་གྱི་དྲག་ཞན་དང་ས་འགུལ་གྱི་འབྱུང་གནས།ས་འགུལ་གྱི་ཚད་རིམ་བཅས་ཀྱི་འབྲེལ་བའི་ཐད་ནས་བརྗོད་ན།ས་འགུལ་བྱུང་བ་ཅི་ཙམ་ཆེ་ན།ས་འགུལ་འབྱུང་གནས་སའི་ཁ་དང་བར་ཐག་ཉེ་ཞིང་ས་འགུལ་བྱུང་ཚད་ཧ་ཅང་དྲག་པོ་ཡིན།།

རྩོམ་སྒྲིག་པ། (གཡང་མཚོ།)