དབུ་ཤོག >> སྐབས་དོན་གསར་འགྱུར། >> ས་གནས་གསར་འགྱུར།
མིའི་ཐབས་ཀྱིས་འདེབས་གསོ་བྱེད་པའི་དུས་ལྡོག་གི་ཀུའུ་ཀུའུ་ཤ་མོའི་སྐྱེས་བབ་བཟང་བ།
རྩོམ་པ་པོ། མི་གསལ། ཡིག་བསྒྱུར། གཡང་མཚོ། དུས་ཚོད། 2017-08-14 རྩོམ་ཁུངས། སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ། ཀློག་གྲངས། 1089

    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན།ཉེ་སྔོན།སེམས་ཀྱི་ཉི་ཟླ་གྲོང་ཁྱེར་སྐད་ཚགས་ཤང་ནགས་སྐེ་རགས་གྲོང་སྡེའི་ཀུའེ་པ་ཡུལ་མི་ཚོ་ཆུང་གི་ཀུའུ་ཀུའུ་ཤ་མོའི་ཚོད་ལྟའི་ཞིང་ཁར་ཀུའུ་ཀུའུ་ཤ་མོ་རྒྱུན་མཐུད་ཀྱིས་ཐོན་པ་དང་སྐྱེས་བབ་བཟང་པོ་བྱུང་བ།གནད་འཁེལ་དབུལ་སྐྱོར་བྱེད་པའི་ཁྲོད་དུ།བདེ་ཆེན་ཁུལ་ནགས་ལས་ཚན་རྩལ་སུའོ་ཡིས་འགོ་ཁྲིད་བྱས་ཏེ།སེམས་ཀྱི་ཉི་ཟླའི་ཁའེ་ཡུས་ཞིང་ལས་ཚན་རྩལ་ཚད་ཡོད་ཀུང་སི་དང་མཉམ་ལས་བྱས་ནས།སེམས་ཀྱི་ཉི་ཟླ་གྲོང་ཁྱེར་སྐད་ཚགས་ཤང་ནགས་སྐེ་རགས་གྲོང་སྡེའི་ཀུའེ་པ་ཡུལ་མི་ཚོ་ཆུང་དུ་མུའུ་10ཟིན་གྱི་དུས་ལྡོག་ཀུའུ་ཀུའུ་ཤ་མོ་མིའི་འདེབས་གསོ་ཚོད་ལྟ་བྱས།

 

      བདེ་ཆེན་ཁུལ་གྱི་ཤང་གྲོང་མང་ཆེ་བ་ནི་མཐོ་གྲང་རི་ཁུལ་དུ་གནས་ཡོད།ལོ་ཏོག་ཐོན་ཚད་དམའ་བ་དང་སྣ་རིགས་མང་པོ་མེད་ལ།ཞིང་པའི་ཡོང་འབབ་དམན་པའི་དོན་དངོས་ལ་དམིགས་ནས།ནགས་ལས་སྡེ་ཁག་གིས་ཕྱོགས་ཡོངས་སུ་ཞིབ་འཇུག་བྱས་པ་དང་མ་དངུལ་གྲབས་གསོག་བྱས་ནས།དུས་ལྡོག་གི་ཀུའུ་ཀུའུ་ཤ་མོའི་འདེབས་གསོ་ཚོད་ལྟ་དཔེ་སྟོན་བྱས་པ་དང་གྲུབ་འབྲས་ལེགས་པོ་ཐོབ་ཅིང་།ཁུལ་ཡོངས་ཀྱི་མཐོ་གྲང་རི་ཁུལ་གྱིས་ལུགས་མཐུན་ངང་འདེབས་གསོ་ཐོན་ལས་ཀྱི་སྒྲིག་གཞི་ལེགས་སྒྲིག་བྱེད་པ་དང་ཞིང་པའི་ཡོང་སྤར་ཕྱུག་འགྱུར་ལ་སྐུལ་འདེད་གཏོང་བར་ཚན་རྩལ་རོགས་སྐྱོར་འདོན་སྤྲོད་བྱས་པ་རེད། 

རྩོམ་སྒྲིག་པ། (གཡང་མཚོ།)