དབུ་ཤོག >> སྐབས་དོན་གསར་འགྱུར། >> ས་གནས་གསར་འགྱུར།
བོད་པའི་ཤོམ་འགྲན་བསྡུར་ཆེན་པོ་སྐབས་དང་པོར་བདེ་ཆེན་ནས་ཡོང་བའི་ཚེ་དབང་ཆོས་སྒྲོན་ལ་ཨང་གཉིས་པ་ཐོབ་པ།
རྩོམ་པ་པོ། གཡང་མཚོ། དུས་ཚོད། 2017-08-16 རྩོམ་ཁུངས། སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ། ཀློག་གྲངས། 1025

    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན།(གསར་འགོད་པ།སྒྲོལ་མ་གཡང་མཚོ།)ཟླ་8པའི་ཚེས་11ཉིན་གྱི་དགོང་མོར།བོད་པའི་ཤོམ་འགྲན་བསྡུར་ཆེན་པོ་སྐབས་དང་པོ་ཀན་སུའུ་ཞིང་ཆེན་ཀན་ལྷོ་ཁུལ་དུ་བསྡུས་པ།བདེ་ཆེན་ཁུལ་འཇོལ་རྫོང་ཀོང་རྩེད་ར་གྲོང་རྡལ་ནས་ཡོང་བའི་ཚེ་དབང་ཆོས་སྒྲོན་དེར་བཞུགས་ཡོད་དེ།བྱ་དགའ་ཨང་གཉིས་པ་ཐོབ་པ།

 

བདེ་ཆེན་ནས་ཡོང་བའི་འགྲན་ཞུགས་པ་ཚེ་དབང་ཆོས་སྒྲོན།

    ཐེངས་འདིའི་བོད་པའི་ཤོམ་འགྲན་བསྡུར་ཆེན་མོ་ལ་ཁྱོན་བསྡོམས་འགྲན་ཞུགས་པ་1000ལྷག་ཞུགས་ཡོད་པ་དང་།མཐའ་མཇུག་ཏུ་འགྲན་ཞུགས་པ་65རིམ་འཕར་བྱུང་ནས་རྟིང་རྩོད་འགྲན་བསྡུར་ལ་ཞུགས་པའི་གོ་སྐབས་ཐོབ་ཅིང་།བོད་པའི་ཤོམ་འགྲན་བསྡུར་ཆེན་པོར་དངོས་སུ་བོད་ཀྱི་རྒྱན་གོས་ཀྱི་ཡིད་དབང་འཕྲོག་ཤུགས་འགྲེམས་སྟོན་བྱས་ནས་བོད་ཀྱི་རྒྱན་གོས་ཀྱི་རིག་གནས་འགྲེམས་སྟོན་གཟབ་རྒྱས་ཤིག་བཤམས་པ།རྟིང་རྩོད་འགྲན་བསྡུར་ལ་ཀན་སུའུ་ཞིང་ཆེན་ཐེ་བོ་ནས་ཡིན་པའི་སངས་རྒྱས་དོན་འགྲུབ་ལ་ཨང་དང་པོ་ཐོབ་པ་དང་།སི་ཁྲོན་ཞིང་ཆེན་གསེར་རྟ་ནས་ཡོང་བའི་ཚེ་རིང་དབང་ཕྱུག་ལ་ཨང་གསུམ་པ་ཐོབ་པ་རེད།

    ཤེས་གསལ་བྱུང་དོན།ཐེངས་འདིའི་བོད་པའི་ཤོམ་འགྲན་བསྡུར་གཙོ་བསྒྲུབ་བྱེད་ཕྱོགས་ཀྱིས་སྲོལ་རྒྱུན་གྱི་བོད་པའི་རྒྱན་གོས་བསྡོམས་རྩིས་རགས་ཙམ་བྱས་པར་ལྟར་ན་ཁྱོན་བསྡོམས་རིགས་800ལྷག་ཡོད་པ་དང་།འགྲན་བསྡུར་གྱིས་ཞིང་ལྗོངས་ལྔའི་བོད་ཁུལ་གྱི་སྲོལ་རྒྱུན་སྤུས་ལེགས་ཀྱི་རྒྱན་གོས་གྲགས་ཅན་དང་བོད་ཀྱི་གཞི་རྒྱུ་གསར་གཏོད་བྱས་པའི་དར་སྲོལ་ཆེ་བའི་རྒྱན་གོས་གྲགས་ཅན།ཇུས་འགོད་དགེ་རྒན།བོད་པའི་ཤོམ་སོགས་བོད་ཀྱི་རྒྱན་གོས་རིག་གནས་དང་འབྲེལ་བའི་ཐོན་ལས་གཞི་རྒྱུ་གཙོ་བོ་དག་ཀན་ལྷོ་བོད་ཁུལ་དུ་གཅིག་བསྡུས་བྱས་ནས།བོད་པའི་ཤོམ་འགྲན་བསྡུར་བསྡུར་པར་བརྟེན་ནས་བོད་ཀྱི་རྒྱན་གོས་རིག་གནས་སྔོག་འདོན་དང་ཁྱབ་སྤེལ་བྱས་ནས་གྲགས་ཆེ་ཕུལ་དུ་ཕྱིན་པའི་བོད་ཀྱི་རྒྱན་གོས་དང་བོད་ཀྱི་གཞི་རྒྱུ་འཛམ་གླིང་གི་དར་སྲོལ་ཆེ་བའི་གཞི་རྒྱུ་གཙོ་བོར་ཁྱབ་སྤེལ་བྱས་ཏེ་བོད་ཁུལ་གྱི་ཕ་རི་སི་དར་སྲོལ་ཆེ་བའི་རྒྱན་གོས་གཟའ་འཁོར་སྐྲུན་ཐུབ་པའི་རེ་བ་བྱེད་ཀྱི་ཡོད་པ་རེད།

 

འགྲན་ཞུགས་པ།

འགྲན་ཞུགས་པ།

འགྲན་ཞུགས་པ།

འགྲན་ཞུགས་པ།

འགྲན་ཞུགས་པ།

འགྲན་ཞུགས་པ།

འགྲན་ཞུགས་པ།

འགྲན་ཞུགས་པ།

འགྲན་ཞུགས་པ།

 

རྩོམ་སྒྲིག་པ། (གཡང་མཚོ།)