དབུ་ཤོག >> བོད་ཀྱི་རིག་གནས། >> ལོ་རྒྱུས། >> བདེ་ཆེན་གྱི་ལོ་རྒྱུས།
སྐབས་དང་པོའི་བདེ་ཆེན་ཁུལ་ཨུའི་ཧྲུའུ་ཅི་ཏེང་ཙི་ཅུན།
རྩོམ་པ་པོ། ཚེ། དུས་ཚོད། 2017-08-24 རྩོམ་ཁུངས། སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ། ཀློག་གྲངས། 131

  

སྐབས་དང་པོའི་བདེ་ཆེན་ཁུལ་ཨུའི་ཧྲུའུ་ཅི་ཏེང་ཙི་ཅུན།

 སྔ་མའི་ཁུལ་ཨུའི་ཧྲུའུ་ཅི་ཏེང་ཙི་ཅུན་ནི་ད་ལོར་ལོ་ན86ལ་སོན་ཡོད་ཅིང་།   བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་བཙུགས་ནས་ལོ་འཁོར60ལོན་པའི་ཧྲུའུ་ཅི་རྒན་པ་དང་ཁུལ་དཔོན་རྒན་པར་བཅར་འདྲི་བྱེད་པའི་ཁྲོད་ནས་ལོ་ན་ཆེས་ཆེ་ཞིང་ལས་འགན་འཁུར་བའི་དུས་ཚོད་ཆེས་རིང་བའི་འགོ་ཁྲིད་རྒན་པ་དེ་རེད།   

བདེ་ཆེན་ནས་ལས་ཀ་ལས་པའི་ལོ་ཟླ་ལ་ཕྱིར་དྲན་བྱེད་དུས།   བློ་མཐུན་རྒན་པ་ཁོང་གིས་ང་ནི1978ལོའི་ཟླ6པར་བདེ་ཆེན་དུ་ཐོན་ནས་ལས་ཀ་ལས་པ་དང་།   སྐབས་དེར་ཟིང་ཟིང་གི་དུས་སྐབས་ཤིག་ལ་འཁེལ་ཡོད་པས་ང་ཚོས་གཙོ་བོ་སྲིད་ཇུས་དོན་འཁྱོལ་སྐོར་གྱི་ལས་ཀ་སྒྲུབ་པ་ཡིན་ཞེས་གསུངས་བྱུང་།   ཧུར་བརྩོན་གང་ལེགས་བྱས་པ་བརྒྱུད་ཁུལ་ཡོངས་ཀྱི་ནོར་འཛོལ་དང་མ་ཉེས་ཁ་གཡོག་ཐེབས་པའི་གྱོད་གཞི་ཚང་མ་དཀར་འདོན་དག་སེལ་བྱེད་ཐུབ་པ་བྱུང་ཡོད། 

ཏང་གི་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པས་སློབ་སྟོན་བསམ་བློའི་ཐོག་རྙོག་ཟིང་འཇགས་བཅོས་བྱས་ཏེ།   ཡང་བསྐྱར་མཱ་ཁེ་སི་རིང་ལུགས་ཀྱི་བསམ་བློའི་ཆབ་སྲིད་ལམ་ཕྱོགས་དང་རྩ་འཛུགས་ལམ་ཕྱོགས་གཏན་འཁེལ་བྱས་ཤིང་།   རྒྱལ་དམངས་དཔལ་འབྱོར་འཕེལ་རྒྱས་ཀྱི་སྣེ་ཁྲིད་ལམ་ཕྱོགས་གསར་བ་གཏན་འཁེལ་བྱས་པ་རེད།    བློ་མཐུན་རྒན་པ་ཁོང་གིས་ཚོར་སྣང་ཟབ་མོའི་ཉམས་སྐྱེ་བཞིན་གསུང་རྒྱུར། 1980ལོའི་རྗེས་སུ་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་ལྟར།  ང་ཚོས་ཐོག་མར་ཐོན་ཚད་དང་སྦྲེལ་བའི་འགན་གཙང་ལེན་འགན་འཁྲིའི་གནད་དོན་ཐག་གཅོད་བྱས་ཤིང་།  སྐབས་དེར་ཁུལ་ཡོངས་ཀྱི་རིམ་པ་ཁག་གི་ཆེས་ཆེ་བའི་སེམས་ཤུགས་དང་ལས་ཀ་ཚང་མ་ཐོན་ཚད་དང་སྦྲེལ་བའི་འགན་གཙང་ལེན་ཐོག་བཞག་ཡོད།  ཐོག་མར་ཐག་གཅོད་རྒྱུ་ནི་ལས་བྱེད་པའི་བསམ་བློའི་ངོས་འཛིན་གནད་དོན་ཐག་གཅོད་རྒྱུ་དེ་རེད།  

  དེའི་རྗེས་སུ་ཁུལ་ཡོངས་སུ་རིམ་པ་གསུམ་པའི་ལས་བྱེད་པའི་གྲོས་ཚོགས་འཚོགས་ནས།  ཐོག་མར་ལས་བྱེད་པ་དང་ཏང་ཡོན་ནས་འགོ་བརྩམས་ཏེ་བསམ་བློའི་ངོས་འཛིན་གནད་དོན་ཐག་གཅོད་བྱས་ཡོད།  ཏང་གི་སློབ་གྲྭ་ནས་གསོ་སྦྱོང་འཛིན་གྲྭ་དང་བདེན་ལུགས་ཚད་ལྡན་དཔྱད་གླེང་འཛིན་གྲྭ་སྒྲུབ་ནས་གཞི་རིམ་ཀུང་ཧྲེའི་ཧྲུའུ་ཅི་གཅིག་བསྡུས་གྱིས་གསོ་སྦྱོང་བྱས་ཏེ་ཁོ་ཚོའི་བསམ་བློ་བཅིང་འགྲོལ་དང་ངོས་འཛིན་བརྗེ་སྒྱུར་བྱས་ནས་མང་ཚོགས་ལ་སྐུལ་སློང་བྱས་ཏེ་ཐོན་ཚད་དང་སྦྲེལ་བའི་འགན་གཙང་ལེན་འགན་འཁྲིའི་ལམ་ལུགས་སྒྲུབ་ཏུ་བཅུག་ཡོད།  

རྒྱུ་ཆ་ལས་ཤེས་རྟོགས་བྱུང་བ་ལྟར་ན།  1982ལོའི་ལོ་སྟོད་དུ་ཁུལ་དང་རྫོང་།  ཧྲེ།  རུ་ཁག་སོགས་ཀྱིས་ཁྱོན་བསྡོམས་ལས་ཀའི་རུ་ཁག་གི་མི་སྣ908རྩ་འཛུགས་བྱས་ནས་ཞིང་གྲོང་དུ་གཟབ་ཞུགས་བྱས་ཡོད་ཅིང་།   གཙོ་བོ་ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་།   ཞིང་ཆེན་ཨུ་ལྷན་དང་ཞིང་ཆེན་སྲིད་གཞུང་གི་འབྲེལ་ཡོད་སློབ་སྟོན་དྲིལ་བསྒྲགས་གནང་ཡོད།  ལག་ལེན་དངོས་ལས་བདེན་དཔང་བྱེད་ཐུབ་པ་ལྟར།  དུད་ཚང་གིས་འགན་གཙང་ལེན་བྱེད་པའི་ཐོན་སྐྱེད་དོ་དམ་གྱི་རྣམ་པ་དེ་བྱེད་ཐབས་སྟབས་བདེ་ཞིང་།  ཁེ་ཕན་ཐད་ཀར་ཡིན་པ།  འགན་འཁྲི་བྱེ་བྲག་ཡིན་པ་སོགས་རང་ཁུལ་གྱི་རང་བྱུང་ཆ་རྐྱེན་དང་མཐུན་པས་ཐོན་སྐྱེད་འཕེལ་རྒྱས་ཀྱི་ཆུ་ཚད་དང་དོ་དམ་ཆུ་ཚད་སོགས་ལ་ཁུལ་ཡོངས་ཀྱི་རིགས་སོ་སོའི་མང་ཚོགས་ཀྱི་དགའ་བསུ་ཐོབ་ཡོད། 

བློ་མཐུན་རྒན་པ་ཁོང་གིས་སྤྱི་བསྡོམས་བྱེད་ཞོར་མི་རིགས་ས་ཁུལ་ནས་ལས་ཀ་ལེགས་པར་སྒྲུབ་ན་ཐོག་མའི་འགན་འཁྲི་ནི་ནན་ཏན་གྱིས་ཏང་གི་མི་རིགས་སྲིད་ཇུས་དང་ཆོས་ལུགས་སྲིད་ཇུས་དོན་འཁྱོལ་མཐར་ཕྱིན་བྱེད་རྒྱུ་དེ་ཡིན།   ཏང་གི་མི་རིགས་སྲིད་ཇུས་ལག་བསྟར་དོན་འཁྱོལ་བྱེད་པའི་གནད་འགག་གཙོ་བོ་ཅིག་ནི་ས་གནས་རང་གི་གྲངས་ཉུང་མི་རིགས་ཀྱི་ལས་བྱེད་པ་འདེམས་བསྐོ་དང་གསོ་སྐྱོང་བྱ་རྒྱུ་དེ་ཡིན་ཞིང་།   རིགས་སོ་སོའི་མི་དམངས་ཀྱིས་རང་ཁྱིམ་རང་བདག་བྱེད་པའི་ཁེ་དབང་ལོངས་སྤྱོད་བྱེད་དུ་བཅུག་ནས་དོན་དངོས་ཐོག་ཆབ་སྲིད་དང་དཔལ་འབྱོར།  རིག་གནས།  སློབ་གསོ་སོགས་ཕྱོགས་ཚང་མར་འདྲ་མཉམ་གྱི་ཁེ་དབང་ཡོད་པར་གཏོང་རྒྱུ་དེ་ཡིན་ཞེས་གསུངས།  

བདེ་ཆེན་གྱི་མ་འོངས་པར་སྨོན་འདུན་ཞུ་སྐབས་ཁོང་གིས་ད་ལོ་ནི་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་དབུ་བརྙེས་ནས་ལོ་འཁོར60ལོན་པའི་ལོ་ཡིན་ཞིང་།    སྤྱིར་ན་ངས་བདེ་ཆེན་དུ་ལས་ཀ་སྒྲུབ་པའི་དུས་ཚོད་ཆེས་རིང་པོ་མེད་ན་ཡང་ཕལ་ཆེར་བདེ་ཆེན་གྱི་རི་ལུང་ཚང་མར་བསྐྱོད་ཡོད་ལ།   རིགས་སོ་སོའི་མང་ཚོགས་དང་འབྲེལ་འདྲིས་རྒྱུས་ལོན་བྱེད་པ་བརྒྱུད་ནས་བདེ་ཆེན་ལ་བརྩེ་བ་ཟབ་མོ་ཆགས་ཡོད།    ལྷག་པར་བདེ་ཆེན་དུ་ལས་ཀ་སྒྲུབ་དུས་ཀྱི་ལོ་ཟླ་དག་རྒྱུན་པར་དྲན་གྱི་ཡོད།   ང་ཚོས་ངེས་པར་དུ་མཛེས་སྡུག་ལྡན་ལ་འབྱོར་ཕྱུག་ལྡན་པའི་སེམས་ཀྱི་ཉི་ཟླའི་ཡུལ་གྲུ་འདི་ལ་གཅེས་སྐྱོང་གང་ལེགས་བྱས་ནས་བདེ་ཆེན་འདི་ཉིད་སྔར་ལས་ལྷག་པར་འཛུགས་སྐྲུན་ཡག་པོ་བྱེད་པ་དང་།    རིགས་སོ་སོའི་མང་ཚོགས་སྔར་ལས་འབྱོར་ཕྱུག་ལྡན་པ་དང་སྔར་ལས་མཐུན་སྒྲིལ་དང་ལྡན་པ་ཞིག་ཏུ་གཏོང་དགོས་ཅེས་གསུངས་བྱུང་།   

 

རྩོམ་སྒྲིག་པ། (ཚེ།)