དབུ་ཤོག >> སྐབས་དོན་གསར་འགྱུར། >> ས་གནས་གསར་འགྱུར།
དེ་སྔའི་བདེ་ཆེན་ཁུལ་ཨུའི་ཧྲུའུ་ཅི་དང་ཁུལ་དཔོན་སྐལ་བཟང་དོན་གྲུབ།
རྩོམ་པ་པོ། མི་གསལ། དུས་ཚོད། 2017-08-29 རྩོམ་ཁུངས། སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ། ཀློག་གྲངས། 447

 

དེ་སྔའི་བདེ་ཆེན་ཁུལ་ཨུའི་ཧྲུའུ་ཅི་དང་ཁུལ་དཔོན་སྐལ་བཟང་དོན་གྲུབ།

    1991ལོའི་ཟླ་7པར།བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་སྐབས་བརྒྱད་པའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་དང་པོའི་ཐོག  སྐལ་བཟང་དོན་གྲུབ་ཁུལ་དཔོན་དུ་བདམས་ཐོན་བྱུང་བ་དང་ལོ་རྒྱུས་ཐོག་གི་སྐབས་ལྔ་པའི་ཁུལ་དཔོན་ཡིན་ཞིང་།1994ལོའི་ཟླ་2པར་ཁུལ་ཨུའི་ཧྲུའུ་ཅིའི་ལས་གནས་སུ་བསྒྱུར་བ་དང་1998ལོའི་ཟླ་3པར་ལས་གནས་འཕོ་བ་རེད།

   1995ལོར་སྤྱི་ཁྱབ་ཧྲུའུ་ཅི་ཅང་ཙེ་མིན་ལ་བདེ་ཆེན་གྱི་ལས་ཀ་སྙན་སེང་ཞུས་པ།

  1995ལོར་ཙུང་ལི་ལིན་ཕུང་ལ་བདེ་ཆེན་གྱི་ལས་ཀ་སྙན་སེང་ཞུས་པ།

    སྐལ་བཟང་དོན་གྲུབ་ཀྱིས་འགན་འཁུར་སྐབས།ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་ལས་འགན་གལ་ཆེ་བ་ནི་ཏང་གི་ལམ་ཕྱོགས་དང་བྱེད་ཕྱོགས་སྲིད་ཇུས་བདེ་ཆེན་དུ་དོན་འཁྱོལ་མཐའ་ཕྱིན་བྱེད་པ་དང་།བདེ་ཆེན་གྱི་འཕེལ་རྒྱས་མགྱོགས་སུ་གཏོང་བ་དང་མི་དམངས་ཀྱི་འཚོ་བ་ལེགས་སུ་བཏང་ནས།མི་རིགས་མཐུན་སྒྲིལ་དང་སྤྱི་ཚོགས་བརྟན་བརླིང་བྱུང་བར་ཁག་ཐེག་བྱེད་པ།ཏང་གི་འགོ་ཁྲིད་དང་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་ཡུན་ནན་བོད་ཁུལ་དུ་ལག་ལེན་བྱེད་པར་ཁག་ཐེག་བྱེད་པ་བཅས་རེད།

    1995ལོར་ཙུང་ལི་གཞོན་པ་ཀྲུའུ་རུང་ཅི་ལ་བདེ་ཆེན་གྱི་ལས་ཀ་སྙན་སེང་ཞུས་པ།

 1996ལོར་སྐབས་དེའི་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅིའི་འགན་འཛིན་པའི་ཝུན་ཅ་པའོ་ཡིས་བདེ་ཆེན་དུ་ལྟ་ཞིབ་གནང་བར་ཕེབས་རོགས་ཞུས།

   བདེ་ཆེན་ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་ཕྱོགས་ལྔ་ནས་གོང་གི་ལས་འགན་ལེགས་གྲུབ་བྱུང་ཆེད།གཅིག་ནས་ལྟེ་བ་གཅིག་དང་གཞི་རྩའི་གནད་གཉིས་དོན་འཁྱོལ་བྱས་པ་དང་།གཉིས་ནས་གཞི་རིམ་དུ་ཟབ་ཞུགས་བྱེད་པ་དང་གོང་རིམ་གྱི་རོགས་སྐྱོར་བརྩོན་ལེན་བྱས་པ།གསུམ་ནས་བདེ་ཆེན་གྱི་འཕེལ་རྒྱས་ལ་གནོད་སྐྱོན་ཡོད་པའི་འགྲིམ་འགྲུལ་སོགས་གནད་དོན་ཐག་གཅོད་བྱས་པ།བཞི་ནས་སྐད་གྲགས་ཚོད་ཚད་ནི་ཐོན་སྐྱེད་ནུས་ཤུགས་ཡིན་ཞེས་པའི་ལྟ་ཚུལ་བཏོན་པ་དང་རྒྱུན་འཁྱོངས་བྱས་པ།ལྔ་ནས་མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་རྒྱུན་འཁྱོངས་བྱས་ཡོད་པ་རེད།

 1993ལོར་ཞིང་ཀྲང་ཧོ་ཀྲི་ཆང་གིས་བདེ་ཆེན་དུ་ལས་ཡུལ་དངོས་ཀྱི་གཞུང་ལས་ཚོགས་འདུ་འཚོགས་པ།

    1993ལོར་ཞིང་ཀྲང་གཞོན་པ་དབྱང་ཅན་ཆང་གིས་བདེ་ཆེན་གནམ་གྲུ་ཐང་གི་གནས་ཡུལ་འདེམས་པའི་ལས་ཀར་རྟོག་ཞིབ་གནང་བར་ཕེབས་རོགས་ཞུས།

    1993ལོར་ཞིང་ཀྲང་གཞོན་པ་དབྱང་ཅན་ཆང་གིས་བདེ་ཆེན་གནམ་གྲུ་ཐང་གི་གནས་ཡུལ་འདེམས་པའི་ལས་ཀར་རྟོག་ཞིབ་གནང་བར་ཕེབས་རོགས་ཞུས།  སྐལ་བཟང་དོན་གྲུབ་ཀྱིས་འགན་འཁུར་སྐབས་བདེ་ཆེན་ལ་དཀའ་ངལ་མང་པོ་བྱུང་ཡོད་དེ།གཅིག་ནི་བདེ་ཆེན་ལས་ཀའི་སྐོར་གྱི་མཛུབ་སྟོན་ཐབས་ཕྱོགས་ལ་གནད་དོན་ཡོད་དེ།ལོ་འགའི་རིང་འབད་བརྩོན་བྱས་ནས།ལས་ཀའི་བྱེད་ཕྱོགས་དང་འཕེལ་རྒྱས་བསམ་ལམ་ལ་ལྟ་བ་གཅིག་གྱུར་བྱུང་བ་རེད།1994ལོར་རྒྱལ་ཡོངས་ཀྱི་བོད་ཁུལ་ཡག་ཤོས་ཤིག་ཏུ་འཛུགས་པའི་དམིགས་འབེན་བཏོན་པ་དང་གཏན་འབེབས་བྱས།1996ལོར་རྒྱལ་ཡོངས་བོད་ཁུལ་གྱི་རྒྱུན་མཐུད་འཕེལ་རྒྱས་ཀྱི་ཚོད་ལྟ་ས་ཁུལ་འཛུགས་པའི་བསམ་བློ་བཏོན་པ་རེད།གཉིས་ནི་གཞི་རྩའི་སྒྲིག་གཞི་རྗེས་ལུས་ཡིན་པའི་གནད་དོན།འདིར་གཙོ་བོ་བདེ་ཆེན་གནམ་གྲུ་ཐང་གི་བཟོ་སྐྲུན་དཔེར་བཀོད་ནས་མཚམས་སྤྱོར་ཞིག་བྱེད་ན།གནམ་གྲུ་ཐང་བཟོ་སྐྲུན་བྱེད་ཆེད།བདེ་ཆེན་ཁུལ་གྱི་ལས་བྱེད་པ་དང་ཁུན་མིང་དང་པེ་ཅིང་དུ་ལས་ཀ་བྱེད་བཞིན་པའི་བློ་མཐུན་རྣམས་ཀྱིས་ཇུས་ཤུགས་མཉམ་འདོན་བྱས་ནས་རང་གི་རྔུལ་ཆུ་བཏོན་ཡོད།1997ལོའི་ཟླ8པའི་ཚེས15ཉིན།རྒྱལ་སྲིད་སྤྱི་ཁྱབ་ཁང་དང་།ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གིས་དངོས་སུ་བདེ་ཆེན་གནམ་གྲུ་ཐང་འཛུགས་སྐྲུན་རྣམ་གྲངས་ལ་ཆོག་མཆན་བཀོད་པས།དེ་ནི་ཡུན་ནན་གྱི་ལོ་ལྔ་ཚན་དགུ་པའི་འཆར་བཀོད་ཀྱི་ཡུན་ནན་གྱི་ཐོག་དང་པོའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ལས་གཞི་འཛུགས་པའི་ཆོག་མཆན་བཀོད་པའི་གནམ་གྲུ་ཐང་གི་འཛུགས་སྐྲུན་རྣམ་གྲངས་ཞིག་ཡིན།1998ལོའི་ཟླ1པོའི་ཚེས་4ཉིན།བདེ་ཆེན་གནམ་གྲུ་ཐང་དངོས་སུ་འཛུགས་སྐྲུན་བྱེད་འགོ་བརྩམས་པ་དང་།1999ལོའི་ཟླ4པའི་ཚེས30ཉིན།དངོས་སུ་གནམ་གྲུ་གཏོང་འགོ་བརྩམས་པས།རྒྱལ་ནང་འཛམ་གླིང་འབྲེལ་འདྲེས་བྱེད་པའི་མཁའ་ལམ་འབྱེད་པ་དང་།བདེ་ཆེན་གྱི་འཕེལ་རྒྱས་ལ་སྐུལ་འདེད་དང་།མང་ཚོགས་ཡར་མར་འགྲོ་རྒྱུར་སྟབས་བདེ་སྐྲུན་པས།རྒྱལ་ཡོངས་ཀྱི་ཆེས་བཟང་བོའི་བོད་ཁུལ་ཞིག་འཛུགས་སྐྲུན་བྱེད་པའི་དམིགས་འབེན་མངོན་འགྱུར་བྱུང་བར་གལ་ཆེའི་རྨང་གཞི་སྐྲུན་པ་རེད།

    1994ལོའི་རྟ་རྒྱུག་དུས་ཆེན་སྐབས་བདེ་ཆེན་ཁུལ་གསར་འགྱུར་པའི་ཇ་སྟོན་ཚོགས་འདུར་ཞུགས་པ།

    1994ལོའི་རྟ་རྒྱུག་དུས་ཆེན་སྐབས་བདེ་ཆེན་ཁུལ་གསར་འགྱུར་པའི་ཇ་སྟོན་ཚོགས་འདུར་ཞུགས་པ།

    1996ལོར་ཞིན་ཅ་ཕོའི་སྨྱན་བྱད་ཚོགས་པར་བསུ་བ་ཞུས་པ།

 1997ལོར་ཁུན་མིང་དུ་རྟོག་ཞིབ་སློབ་སྦྱོང་བྱེད་པར་ཕྱིན་ཡོད།

   1998ལོའི་ཟླ་1པོར་བདེ་ཆེན་སེམས་ཀྱི་ཉི་ཟླའི་གནམ་གྲུ་ཐང་འཛུགས་སྐྲུན་བྱེད་འགོ་ཚུགས་པའི་མཛད་སྒོར་ཞུགས་པ།  

    ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་།ཞིང་ཨུ་དང་ཞིང་སྲིད་གཞུང་གི་འགོ་ཁྲིད་འོགབདེ་ཆེན་རིམ་པ་སོ་སོའི་ཏང་ཨུའི་སྲིད་གཞུང་གི་མཐུན་སྒྲིལ་སྣེ་ཁྲིད་འོགཁུལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་རྣམས་ཀྱིས་ནན་ཏན་གྱིས་སྤྱི་ཁྱབ་ཧྲུའུ་ཞིས་ཅིན་ཕིང་གིས་ཡུན་ནན་གྱི་གལ་ཆེའི་གསུང་གནད་དགོངས་དོན་དོན་འཁྱོལ་མཐར་ཕྱིན་བྱས་པ་དང་།གོ་སྐབས་དམ་འཛིན་བྱས་ནས་མི་རིགས་མཐུན་སྒྲིལ་དཔེ་སྟོན་ཁུལ་དང་།སྐྱེ་ཁམས་དཔལ་ཡོན་སྣེ་ཁྲིད་མཁན།ཨེ་ཤེ་ཡ་ལྷོ་མ་དང་ཨེ་ཤེ་ཡ་ཤར་ལྷོའི་འགྱེད་འཕྲོའི་ལྟེ་གནས་ཀྱི་འཐབ་ཇུས་ལས་འགན་ཆེན་པོ་གསུམ་འཛུགས་སྐྲུན་བྱས་ནས།མི་དང་མི་བར་དང་།མི་དང་རང་བྱུང་ཁམས་བར།མི་དང་སྤྱི་ཚོགས་བར་འཆམ་མཐུན་འཕེལ་རྒྱས་གྱི་སེམས་ཀྱི་ཉི་ཟླའི་དཔལ་ཡོན་ཅན་གྱི་སྤྱི་ཚོགས་དེ་འཛམ་གླིང་སྐྱེ་བོ་ཀུན་གྱི་མིག་ལམ་དུ་མངོན་རྒྱུ་ཡིན་པ་རེད།སྙིང་ཐག་པ་ནས་བདེ་ཆེན་སེམས་ཀྱི་ཉི་ཟླའི་སང་ཉིན་སྔར་ལས་མཛེས་ཤིང་ལྟ་ན་སྡུག་པ་དང་།བདེ་ཆེན་གྱི་ཡུལ་མི་སྤུན་ཟླ་རྣམས་བདེ་སྐྱིད་དང་བཀྲ་ཤིས་བདེ་ལེགས་ཡོང་བའི་སྨོན་འདུན་ཞུ་རྒྱུ་ཡིན།