དབུ་ཤོག >> སྐབས་དོན་གསར་འགྱུར། >> རྒྱལ་ཕྱི་ནང་གསར་འགྱུར།
རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ཉེར་དགུ་བ་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཚོགས།
རྩོམ་པ་པོ། ཚེ། དུས་ཚོད། 2017-08-29 རྩོམ་ཁུངས། སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ། ཀློག་གྲངས། 2084

ཚེས་བཅོ་བརྒྱད་ཉིན་གྱི་སྔ་དྲོར།  རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ཉེར་དགུ་བ་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཚོགས། ཨུ་ཡོན་ཀྲང་ཀྲང་ཏི་ཅང་གིས་གྲོས་ཚོགས་མགོ་འཛིན་མཛད།

 

  ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ཉེར་དགུ་བ་ཚེས་བཅོ་བརྒྱད་ཉིན་གྱི་སྔ་དྲོར་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཚོགས། ཨུ་ཡོན་ཀྲང་ཀྲང་ཏི་ཅང་གིས་གྲོས་ཚོགས་མགོ་འཛིན་མཛད། རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁོངས་གཏོགས་མི་སྣ་བརྒྱ་དང་ཞེ་བདུན་གྲོས་ཚོགས་ལ་ཞུགས་པས། བཅའ་ཁྲིམས་ཀྱིས་གཏན་འཁེལ་བྱས་པའི་མི་གྲངས་དང་མཐུན། གྲོས་ཚོགས་ནས་རྒྱལ་ཡོངས་དམངས་ཆེན་ཁྲིམས་ལུགས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཨུ་ཡོན་གཞོན་པ་སུའུ་ཙིག་ལིན་གྱིས་ཕུལ་བའི་ཉིང་རྡུལ་བདེ་འཇགས་ཀྱི་བཅའ་ཁྲིམས་འཆར་ཟིན་ལ་གྲོས་ཞིབ་བྱས་པའི་མཇུག་འབྲས་སྐོར་གྱི་འབྲེལ་ཡོད་སྙན་ཞུ་དང་། རྒྱལ་ཡོངས་དམངས་ཆེན་ཁྲིམས་ལུགས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཨུ་ཡོན་གཞོན་པ་སུང་པའོ་ཧྲུའུ་ཡིས་ཕུལ་བའི་ཁེ་ལས་ཆུང་འབྲིང་ལ་སྐུལ་འདེད་གཏོང་བའི་བཅའ་ཁྲིམས་འཆར་ཟིན་ལ་གྲོས་ཞིབ་བྱས་པའི་མཇུག་འབྲས་སྐོར་གྱི་འབྲེལ་ཡོད་སྙན་ཞུ། རྒྱལ་ཡོངས་དམངས་ཆེན་ཁྲིམས་ལུགས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཨུ་ཡོན་གཞོན་པ་ཀྲང་ཧེ་ཡང་གིས་ཕུལ་བའི་རྒྱལ་གླུའི་བཅའ་ཁྲིམས་འཆར་ཟིན་ལ་གྲོས་ཞིབ་བྱས་པའི་མཇུག་འབྲས་སྐོར་གྱི་འབྲེལ་ཡོད་སྙན་ཞུ་བཅས་ལ་ཉན་པ་དང་། ཁྲིམས་ལུགས་ཨུ་ཡོན་ལྷན་ཁང་གིས་བལྟས་ན་གོང་གསལ་གྱི་ཁྲིམས་ལུགས་འཆར་ཟིན་དེ་གསུམ་པོ་ཅུང་འཐུས་ཚང་ཡིན་པས། ཐེངས་འདིའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ནས་གྲོས་བསྡུར་བྱས་ཏེ་གྲོས་འཆམ་འབྱུང་རྒྱུའི་གྲོས་གཞི་བཏོན།

ད་ལོའི་ཟླ་ལྔ་བ་ནས་ཟླ་བདུན་པའི་བར་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཞིང་ཆེན་དང་གྲོང་ཁྱེར་ལྔའི་རྩོམ་འབྲིའི་བདག་དབང་བཅའ་ཁྲིམས་ལ་ཆེད་དུ་ཞིབ་བཤེར་བྱས་པར་མ་ཟད། ཞིང་ཆེན་དང་གྲོང་ཁྱེར་བཅུ་ཡི་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་འགན་བཅོལ་བྱས་ནས་སྲིད་འཛིན་ནང་ཁུལ་གྱི་ཁྱབ་ཁོངས་ནས་ཆེད་དུ་ཞིབ་བཤེར་བྱེད་དུ་བཅུག རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པའི་ཞོར་དུ་དྲུང་ཡིག་ཆེན་མོའི་འགན་འཁུར་མཁན་ཝང་ཁྲིན་གྱིས་ཁྲིམས་འཛིན་ཞིབ་བཤེར་ཚན་ཁག་གི་ཚབ་བྱས་ཏེ། རྩོམ་འབྲིའི་བདག་དབང་བཅའ་ཁྲིམས་ལག་བསྟར་བྱས་པའི་གནས་ཚུལ་ལ་ཞིབ་བཤེར་བྱས་པའི་འབྲེལ་ཡོད་སྙན་ཞུ་ཕུལ།

གྲོས་ཚོགས་ནས་ཨུ་ཡོན་ཀྲང་ཀྲང་ཏི་ཅང་གིས་ཕུའུ་ཐོ་ཡ་དང་ཕོ་ལན། སེར་ཝེ་ཡ་བཅས་ལ་འཚམས་འདྲི་བྱས་པའི་ཡིག་ཐོག་སྙན་ཞུ་ལ་གྲོས་ཞིབ་བྱས། ཨུ་ཡོན་ཀྲང་གྲོས་ཚོགས་ཀྱི་མངགས་བཅོལ་ལྟར་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་དྲུང་ཡིག་ཆེན་མོ་གཞོན་པ་ཞིན་ཁྲོན་ཡུན་གྱིས་ཕུལ་བའི་ཞང་ཀང་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་འཐུས་མིའི་འདེམ་བསྐོ་གྲོས་ཚོགས་ཀྱི་ཁོངས་མིའི་མིང་ཐོའི་འབྲེལ་ཡོད་འཆར་ཟིན་དང་། ཨོ་མིན་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་འཐུས་མིའི་འདེམ་བསྐོའི་གྲོས་ཚོགས་ཀྱི་ཁོངས་མིའི་མིང་ཐོའི་འཆར་ཟིན་གྱི་འབྲེལ་ཡོད་གནས་ཚུལ་གསལ་བཤད་བྱས།

རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་ལི་ཅན་ཀོ་དང་ཝང་ཧྲིན་ཅོན། ཁྲིན་ཁྲང་ཀྲི། ཡན་ཅོན་ཆི། ཧྲིན་ཡོ་ཡོ། ཅི་པེན་ཞོན། ཀྲང་ཕེན། བྱམས་པ་ཕུན་ཚོགས་། ཨེ་ལི་ཀིན་དབྱི་མེན་པ་ཧེ། ཝན་ཨིག་ཞང་། ཀྲང་པོ་ཝིན། ཁྲིན་ཀྲུའུ་བཅས་གྲོས་ཚོགས་ལ་ཞུགས། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་མཱ་ཁེ་དང་ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་ཀྲིན་ཆང་། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་ཡོན་ཀྲང་ཀྲིག་ཆང་། རྒྱལ་ཡོངས་དམངས་ཆེན་གྱི་ཆེད་ལས་ཨུ་ཡོན་ལྷན་ཁང་སོ་སོ། ཞིང་ཆེན་དང་རང་སྐྱོང་ཁུལ། ཁོངས་གཏོག་གྲོང་ཁྱེར་བཅས་ཀྱི་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་འགན་ཁུར་བ་དང་རྒྱལ་ཡོངས་དམངས་ཆེན་གྱི་འཐུས་མི་ཁ་ཤས་བཅས་གྲོས་ཚོགས་ལ་ཟུར་ཞུགས་བྱས།  །

 

རྩོམ་སྒྲིག་པ། (ཚེ།)