དབུ་ཤོག >> སྐྱེ་ཁམས་ཡུལ་སྐོར། >> ཡུལ་སྐོར་འགྱུར་སྟངས།
མཛེས་པའི་གནམ་མཚོ་ཕྱུག་མོ།
རྩོམ་པ་པོ། ཚེ དུས་ཚོད། 2017-08-29 རྩོམ་ཁུངས། སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ། ཀློག་གྲངས། 139

ཞོ་སྟོན་རིང་གནམ་མཚོར་ཡུལ་སྐོར་ལ་ཡོང་མཁན་ཇེ་མང་དུ་སོང་བ།

ལྷ་སའི་ཞོ་སྟོན་རིང་བོད་ལྗོངས་ཀྱི་ཡུལ་སྐོར་མཛེས་ལྗོངས་གང་སར་རྒྱལ་ཕྱི་རྒྱལ་ནང་ནས་ཕེབས་པའི་ཡུལ་སྐོར་བ་མངོན་གསལ་དོད་པོས་མང་དུ་ཕྱིན་ཡོད་པ་དང་།  གནམ་མཚོའི་མཛེས་ལྗོངས་སུ་གཟིགས་སྐོར་བྱེད་མཁན་ཡང་ཇེ་མང་དུ་ཕྱིན་ཞིང་།  ས་གནས་དེ་གའི་འབྲོག་པ་ཚོར་ཡུལ་སྐོར་དུས་བཟང་དེའི་ཁྲོད་ནས་ཡོང་འབབ་ཀྱང་མི་ཉུང་བ་ཞིག་བྱུང་ཡོད།

གནམ་མཚོ་ནི་ལྷ་ས་གྲོང་ཁྱེར་འདམ་གཞུང་རྫོང་གི་ནུབ་ཕྱོགས་སུ་གནམ་སྔོན་པོ་ཐང་ལ་ལྷུང་འདྲ་བའི་ཚུལ་དུ་ཡོད་ཅིང་མིང་གཞན་ལ་གནམ་མཚོ་ཕྱུག་མོ་ཡང་ཟེར།  ལྷ་ས་དང་བར་ཐག་སྤྱི་ལེ230ཙམ་ཡོད་ལ་ཚང་མ་སྣུམ་ནག་གཞུང་ལམ་ཡིན་པས་འགྲོ་སྐྱོད་བདེ་པོ་ཡོད།  མཚོ་དེའི་སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ1993ཙམ་ཡོད་པ་དང་མཚོ་ངོས་ཀྱི་མཐོ་ཚད་ལ་རྒྱ་མཚོའི་ངོས་ལས་སྨི4718དང་གཏིང་རིང་ཤོས་སྨི120ལས་བརྒལ་ཡོད།  མཚོ་འདིའི་དབྱིབས་ནི་མཚོ་འགོ་ནུབ་ཕྱོགས་སུ་ཡོད་པ་རྒྱ་ཆེ་ཞིང་མཚོ་མཇུག་ཤར་ཕྱོགས་སུ་ཡོད་པ་ནི་རྒྱ་ཆུང་བ་ཐུར་མའི་དབྱིབས་དང་འདྲ་བ་རེད།  །

 

གནམ་མཚོའི་ཡུལ་ལྗོངས་ལྷག་པར་མཛེས། ཡུལ་སྐོར་བ་ཡི་ཡིད་དབང་རབ་ཏུ་འཕྲོ

རྩོམ་སྒྲིག་པ། (ཚེ)