དབུ་ཤོག >> སྐབས་དོན་གསར་འགྱུར། >> ས་གནས་གསར་འགྱུར།
དེ་སྔའི་བདེ་ཆེན་གྱི་ཁུལ་དཔོན་ཁང་ཀྲུང་མིང་།
རྩོམ་པ་པོ། མི་གསལ། དུས་ཚོད། 2017-08-29 རྩོམ་ཁུངས། སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ། ཀློག་གྲངས། 428

1994ལོའི་ཟླ་4པར་ཁང་ཀྲུང་མིང་གིས་ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་དང་ཁུལ་དཔོན་གྱི་འགན་འཛིན་པ།2001ལོར་ཞིང་ཆེན་འགྲིམ་འགྲུལ་ཐིང་གི་ཏང་ཙུའུ་ཁོངས་མི་དང་ཐིང་ཀྲང་གཞོན་པའི་འགན་འཛིན་པ།བདེ་ཆེན་ཁུན་དཔོན་གྱི་འགན་དུས་ཡུན་ལོ་8འཛིན་པ་རེད།

1994ལོའི་རྒྱལ་ཐང་ལྔ་པའི་རྟ་རྒྱུག་དུས་ཆེན་སྐབས་དེ་སྔའི་བདེ་ཆེན་ཁུལ་ཨུའི་ཧྲུའུ་ཅི་སྐལ་བཟང་དོན་གྲུབ་དང་མཉམ་དུ་བདེ་ཆེན་ཁུལ་གསར་འགྱུར་པའི་ཇ་སྟོན་ཚོགས་འདུར་ཞུགས་པ།

    ཁང་ཀྲུང་མིང་གིས་བདེ་ཆེན་ཁུལ་དཔོན་གྱི་འགན་འཁུར་སྐབས་ནི་རང་རྒྱལ་གྱིས་འཆར་ལྡན་དཔལ་འབྱོར་ནས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཚོང་རའི་དཔལ་འབྱོར་དུ་སྒྱུར་བའི་དུས་སྐབས་ཡིན།ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་གལ་ཆེ་བའི་ལས་འགན་ནི་ཏང་གི་ཐབས་ཕྱོགས་སྲིད་ཇུས་བདེ་ཆེན་དུ་དོན་འཁྱོལ་མཐར་ཕྱིན་བྱེད་པ་དང་བདེ་ཆེན་གྱི་འཕེལ་རྒྱས་མགྱོགས་སུ་གཏོང་བ།མི་དམངས་ཀྱི་འཚོ་བ་ལེགས་སུ་བཏང་ནས།མི་རིགས་མཐུན་སྒྲིལ་དང་སྤྱི་ཚོགས་བརྟན་བརླིང་བྱུང་བར་ཁག་ཐེག་བྱེད་པ།ཏང་གི་འགོ་ཁྲིད་དང་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་ཡུན་ནན་བོད་ཁུལ་དུ་ལག་ལེན་བྱེད་པར་ཁག་ཐེག་བྱེད་པ་བཅས་རེད།

1995ལོའི་ཟླ་4པར།བདེ་ཆེན་ཁུལ་སྐབས་བརྒྱད་པའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་ལྔ་པའི་ཐོག་སྲིད་གཞུང་ལས་ཀའི་སྙན་སེང་ཞུས་པ།


    ལས་འགན་དེ་དག་ལེགས་གྲུབ་བྱུང་ཆེད།ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་སྒྲིག་འཛུགས་བྱས་ནས་བསམ་བློ་བཅིངས་འགྲོལ་བཏང་བ་དང་བདེ་ཆེན་ཁུལ་གྱི་གནས་ཚུལ་གྲོས་མོལ་བྱས་ནས།ནན་ཏན་གྱིས་བདེ་ཆེན་གྱི་འཕེལ་རྒྱས་དང་བརྟན་བརླིང་ལ་གནོད་པའི་འགལ་བ་གཙོ་བོ་ཐག་གཅོད་བྱས་པ་རེད།

    1995ལོའི་ཟླ་10པར།ཞིང་ཀྲང་གཞོན་པ་ཉིའུ་ཧྲའོ་ཡའོ་ཡིས་སྣེ་ཁྲིད་བྱེད་པའི་ཞིང་ཆེན་སྲིད་གཞུང་གི་རྟོག་ཞིབ་ཚོ་ཆུང་ལ་བདེ་ཆེན་གྱི་ཡུལ་སྐོར་ལས་ཀ་སྙན་སེང་ཞུས་པ།

 

   སྐབས་དེར་བདེ་ཆེན་ལ་རྨང་གཞི་ཞན་པ་སོགས་དཀའ་ངལ་མང་པོ་ཡོད་དེ།བདེ་ཆེན་ཁུལ་གྱིས་གཅིག་ནས་སློབ་གསོ་བྱེད་ཤུགས་ཆེ་རུ་བཏང་བ་དང་ལས་བྱེད་པའི་གླ་ཕོགས་བོད་ལྗོངས་ལས་བྱེད་པའི་གླ་ཕོགས་ལྟར་30%མཐོ་རུ་འཕར་ཡོད།

    གཉིས་ནས་བདེ་ཆེན་ཁུལ་གྱིས་འགྲིམ་འགྲུལ་ལེགས་སུ་གཏོང་རྒྱུ་ནི་བདེ་ཆེན་གྱི་དམིགས་འབེན་ལས་འགན་གཙོ་བོར་བཞག་ཡོད།ཁང་ཀྲུང་མིང་གིས་གཞི་རིམ་དུ་ཟབ་ཞུགས་ཐེངས་མང་བྱས་པ་དང་ཞིབ་འཇུག་ཐེངས་མང་བྱས་ནས།ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་ལྕགས་ལམ་གཅིག་དང་གནམ་གྲུ་ཐང་གཅིགགཞུང་ལམ་གཙོ་བོ་གསུམ།ཕྱི་ཕྱོགས་ལ་མཐུད་པའི་གཞུང་ལམ་བཞི།གྲོང་ཚོ་ཡོངས་ལ་མཐུད་པའི་གཞུང་ལམ་བཟོ་རྒྱུ་བསམ་གཞི་བཏོན་པ་རེད།

    གསུམ་ནས་བདེ་ཆེན་ཁུལ་གྱིས་ཞིང་ལས་གསུམ་ཞེས་པའི་ལས་ཀ་བདེ་ཆེན་གྱི་གཞི་རྩའི་ལས་འགན་དུ་བཞག་པ།གནད་ཆེ་བ་ནི་ཁུལ་ཡོངས་ཀྱི་ཞིང་ཆེན་ཆུ་བེད་གཞི་འཛུགས་རྣམ་གྲངས་དང་པོ་དང་རྒྱལ་ཐང་རྫོང་འབྲི་ཆུའི་སྐབས་དང་པོའི་ཆུ་འཐེན་བཟོ་སྐྲུན་ལག་བསྟར་བྱས་པས།རྣམ་གྲངས་དེ་ཞིང་ཆེན་རིམ་པའི་ཀུན་ལེགས་བཟོ་སྐྲུན་ལ་བདམས་པ།1995ལོའི་ཟླ2པའི་ཚེས27ཉིན།ཞིང་ཨུའི་ཧྲུའུ་ཅི་ཕུའུ་ཁྲའོ་ཀྲུའུ་ཡིས་གཙོ་སྐྱོང་གནང་ནས་ཞིང་ཨུའི་རྒྱུན་ལས་ཨུའི་གྲོས་ཚོགས་འཚོགས་ཏེ།བདེ་ཆེན་ཁུལ་གྱི་ལས་ཀའི་ཆེད་དོན་སྙན་སེང་ལ་གསན་འཇོག་བྱས་པ་རེད།ཟླ10པའི་ཚེས10ཉིན།རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཀྲུའུ་རུང་ཅི་ཡིས་ས་དམ་དུ་ཁང་ཀྲུང་མིང་དང་ཁུལ་ཨུའི་དྲིལ་བསྒྲགས་པུའུ་ཡི་པུའུ་ཀྲང་མ་ཞང་ཏུང་དང་མཇལ་འཕྲད་གནང་བ་དང་།བདེ་ཆེན་གྱི་ལས་ཀའི་སྙན་སེང་ལ་གསན་པ་མ་ཟད།བདེ་ཆེན་གྱི་རིགས་སོ་སོའི་མི་དམངས་ལ་མཚམས་འདྲི་བྱས་པ་རེད།1996ལོའི་ཟླ2པའི་ཚེས24ཉིན་ནས་ཚེས25ཉིན་བར་དུ།སྐབས་དེའི་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྗེས་སྣོན་ཨུ་ཡོན་དང་།ཧྲུའུ་ཅི་ཁྲུའུ་ཧྲུའུ་ཅིའི་འགན་བཞེས་པའི་ཝུན་ཅ་པའོ་བདེ་ཆེན་དུ་ལྟ་ཞིབ་དུ་ཕེབས་པ་རེད།

    1996ལོར་ཁུན་མིང་གིས་བདེ་ཆེན་གྱི་ཁ་གཏད་རོགས་སྐྱོར་མངོན་འགྱུར་བྱུང་བ་དང་།1996ལོ་ནས་2008ལོའི་བར་དུ།ཁུན་མིང་གྲོང་ཁྱེར་གྱིས་བདེ་ཆེན་ཁུལ་དུ་ཁ་གཏད་རོགས་སྐྱོར་གྱི་རྣམ་གྲངས་247ལག་བསྟར་བྱས་ལ།ཁ་གཏད་རོགས་སྐྱོར་གྱི་མ་དངུལ་སྒོར་ཁྲི6775.28བཏང་ཡོད་པ་རེད།

    བཞི་ནས་1998ལོའི་ཟླ8པར།ཏང་ཀྲུང་དབྱང་དང་།རྒྱལ་སྲིད་སྤྱི་ཁྱབ་ཁང་དང་ཡུན་ནན་ཞིང་ཆེན་གྱིས་ཕྱོགས་ཡོངས་ནས་འབྲི་ཆུའི་འབབ་རྒྱུན་གྱི་རང་བྱུང་ནགས་ཚལ་གཅོད་མཚམས་འཇོག་པའི་ཐག་གཅོད་བྱས་པ་དང་།ཟླ9པའི་ཚེས་1ཉིན་ནས་བཟུང་ཁུལ་ཡོངས་ནས་ཤིང་ཆ་གཅོད་བྲེག་གཏན་འགོག་བྱས་པ་རེད།རང་ཁུལ་གྱིས་ནན་ཏན་གྱིས་རང་བྱུང་ནགས་ཚལ་སྲུང་སྐྱོང་གི་ལས་གཞི་ལག་བསྟར་བྱས་ནས་རྒྱལ་དབང་ནགས་ཚལ་12བཙུགས་ནས་རྒྱལ་དབང་ནགས་ཚལ་གྱི་ཐོན་ཁུངས་ལ་སྲུང་སྐྱོང་གང་ལེགས་བྱས་པ་རེད།

      1995ལོའི་ཟླ་10པར།ས་དམ་དུ་ཙུང་ལི་གཞོན་པ་ཀྲུའུ་རུང་ཅི་ལ་བདེ་ཆེན་གྱི་ལས་ཀ་སྙན་སེང་ཞུས་པ།

 1996ལོའི་ཟླ་5པར།ཙུང་ལི་ལི་ཕེང་གིས་ཡུན་ནན་དུ་རྟོག་ཞིབ་གནང་སྐབས།ཁུལ་ཨུའི་ཧྲུའུ་ཅི་སྐལ་བཟང་དོན་གྲུབ་དང་མཉམ་དུ་ཙུང་ལི་ལ་བདེ་ཆེན་གྱི་ལས་ཀ་སྙན་སེང་ཞུས་པ།

    1996ལོའི་ལོ་འགོར།ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་གོ་སྐབས་དམ་འཛིན་བྱས་ནས་སེམས་ཀྱི་ཉི་ཟླའི་ཡུལ་སྐོར་ཐོན་ཁུངས་གསར་འབྱེད་ཀྱི་དཔྱད་གཞི་ཞིབ་འཇུག་བྱས་ནས།བདེ་བླག་ངང་སེམས་ཀྱི་ཉི་ཟླ་དེ་བདེ་ཆེན་དུ་གཞིས་ཆགས་པའི་འཆར་འགོད་ལེགས་འགྲུབ་བྱུང་།1997ལོའི་ཟླ9པའི་ཚེས14ཉིན།ཡུན་ནན་ཞིང་ཆེན་མི་དམངས་སྲིད་གཞུང་གིས་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་དབུ་བརྙེས་ནས་ལོ་འཁོར་40ལོན་པའི་རྟེན་འབྲེལ་མཛད་སྒོ་དང་སྐབས་གཉིས་པའི་ཡུན་ནན་དང་བོད་ལྗོངས།སི་ཁྲོན།མཚོ་སྔོན་ཚོགས་ཉེ་འཁོར་ས་ཁུལ་གྱི་རིག་གནས་སྒྱུ་རྩལ་དུས་ཆེན་སྐབས་ཀྱི་གསར་འགྱུར་ཁྱབ་བསྒྲགས་ཚོགས་འདུའི་ཐོག  འཛམ་གླིང་གི་སྐྱེ་བོ་ཀུན་ལ་སེམས་ཀྱི་ཉི་ཟླ་དེ་ཡུན་ནན་བདེ་ཆེན་དུ་ཡོད་པ་ཁྱབ་བསྒྲགས་བྱས་པ་རེད།

 1997ལོའི་ཟླ9པའི་ཚེས14ཉིན།ཡུན་ནན་ཞིང་ཆེན་མི་དམངས་སྲིད་གཞུང་གིས་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་དབུ་བརྙེས་ནས་ལོ་འཁོར་40ལོན་པའི་རྟེན་འབྲེལ་མཛད་སྒོའི་ཐོག འཛམ་གླིང་གི་སྐྱེ་བོ་ཀུན་ལ་སེམས་ཀྱི་ཉི་ཟླ་དེ་ཡུན་ནན་བདེ་ཆེན་དུ་ཡོད་པ་ཁྱབ་བསྒྲགས་བྱས་པ་རེད།

    2000ལོར་ཁང་ཀྲུང་མིང་གིས་སེམས་ཀྱི་ཉི་ཟླ་ཞེས་པའི་འཁྲབ་གཞུང་གི་རྩོམ་པ་པོ་སོགས་སེམས་ཀྱི་ཉི་ཟླར་རྒྱུ་ཆ་འཚོལ་བསྡུ་ལ་ཕེབས་རྒྱུའི་གདན་ཞུ་བྱས་ནས།སེམས་ཀྱི་ཉི་ཟླའི་མིང་གྲགས་ཆོད་ཚད་ཆེ་རུ་བཏང་བ་རེད།ད་ལྟ་སེམས་ཀྱི་ཉི་ཟླའི་ཡུལ་སྐོར་ལ་འཕེལ་རྒྱས་ཀྱི་ཚ་རླབས་འཕྱུར་བས།མིང་རྟགས་འཛམ་གླིང་དུ་ཁྱབ་ཡོད་པ་རེད།

ཁང་ཀྲུང་མིང་གིས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་།ཞིང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཐུགས་ཁུར་དང་རྒྱབ་སྐྱོར་འོགབདེ་ཆེན་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་གྲུབ་འབྲས་བླ་ན་མེད་པ་ལེན་ཐུབ་པ་དང་།མི་དམངས་ཀྱི་འཚོ་བ་སྔར་ལས་བདེ་ཞིང་སྐྱིད་པ།རིགས་སོ་སོའི་མི་དམངས་བདེ་སྐྱིད་ཡོང་རྒྱུའི་བཀྲ་ཤིས་སྨོན་འདུན་ཞུ་རྒྱུ་ཡིན་ཞེས་གསུང་བ་རེད།