དབུ་ཤོག >> མི་རིགས་ཆོས་ལུགས། >> ཆོས་ལུགས་ཀྱི་ད་ཚུལ།
ཡུན་ནན་ཞིང་ཆེན་གྱི་སྐབས་དང་པོའི་འབྲིང་རམས་པ་དང་ཚད་རམས་པའི་ཡོན་གནས་གནང་བའི་མཛད་སྒོ་བསྡུས།
རྩོམ་པ་པོ། མི་གསལ དུས་ཚོད། 2017-09-01 རྩོམ་ཁུངས། སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ། ཀློག་གྲངས། 129

ཡུན་ནན་ཞིང་ཆེན་གྱི་སྐབས་དང་པོའི་འབྲིང་རམས་པ་དང་ཚད་རམས་པའི་ཡོན་གནས་གནང་བའི་མཛད་སྒོ་བསྡུས།

     སྤྱི་ཟླ8པའི་ཚེས29ཉིན། ཡུན་ནན་ཞིང་ཆེན་གྱི་སྐབས་དང་པོའི་འབྲིང་རམས་པ་དང་ཚད་རམས་པའི་ཡོན་གནས་གནང་བའི་མཛད་སྒོ་དེ་བདེ་ཆེན་ཁུལ་དུ་བསྡུས། འདིས་བོད་རྒྱུད་ནང་བསྟན་ཡོན་གནས་སློབ་གསོའི་མ་ལག་འཛུགས་སྐྲུན་ཐད་མུ་མཐུད་དུ་ཤུགས་སྣོན་དང་འཐུས་ཚང་དུ་གཏོང་བ་མཚོན།
     རྒྱུས་ལོན་པ་ལྟར་ན། འདིའི་སྔོན་དུ་དུས་ཡུན་ཉིན་གསུམ་གྱི་འབྲེལ་ཡོད་སངས་རྒྱས་ཆོས་ལུགས་ཀྱི་ཤེས་བྱ་དང་ཚད་མ་སོགས་རྒྱུགས་ལེན་པར་བརྒྱུད། བདེ་ཆེན་དང་ལི་ཅང་། ནུའུ་ཅང་བཅས་རྫོང་སོ་སོ་ནས་ཡོང་བའི་གྲྭ་བཙུན130ལྷག་གི་ཁྲོད། གྲྭ་བཙུན65ལ་འབྲིང་རམས་པའི་ཡོན་གནས་དང་གྲྭ་བཙུན24ལ་ཚད་རམས་པའི་ཡོན་གནས་གནང་བ་མ་ཟད། ཉིན་དེར་ཡོན་གནས་གནང་བའི་མཛད་སྒོའི་སྟེང་ཡོན་གནས་དཔང་ཡིག་ཀྱང་གནང་བ་རེད།

 

རྩོམ་སྒྲིག་པ། (ཚ)