དབུ་ཤོག >> སྐྱེ་ཁམས་ཡུལ་སྐོར། >> སྐྱེ་ཁམས་སྲུང་སྐྱོང་།
སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི་སྐྱེ་ཁམས་ནགས་སྲུང་མི་སྣ1330ལས་གནས་སུ་ཞུགས་པ།
རྩོམ་པ་པོ། ཀྲུང་བོད། དུས་ཚོད། 2017-09-01 རྩོམ་ཁུངས། སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ། ཀློག་གྲངས། 95

 མིག་སྔར། ཡུན་ནན་ཞིང་ཆེན་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི་ཞིང་ཆེན་རིམ་པའི་ནོར་སྲིད་ཀྱི་ཡིག་ཚགས་དང་གཱ་བཟོས་པའི་མི་འབོར་དབུལ་པོའི་སྣོད་བཅུད་ནགས་སྲུང་མི་སྣ1330ཡི་གདམ་གསེས་གདན་ཞུའི་ལས་དོན་ཁྱོན་ཡོངས་ནས་མཇུག་འགྲིལ་རྒྱུ་དང་ད་ཐེངས་ཀྱི་གདམ་གསེས་གདན་ཞུ་བྱས་པའི་སྣོད་བཅུད་ནགས་སྲུང་མི་སྣ་དེ་དག་ནི་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི་ཤང་དང་གྲོང་རྡལ10དང་དབུལ་སྒྲོལ་འགག་སྒྲོལ་གྲོང་ཚོ22ཀྱི་གྲོང་མིའི་ཚན་ཆུང213གྱི་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ1330དང་འབྲེལ་བ་ཡོད།

 ཤེས་རྟོགས་བྱུང་བར་གཞིགས་ན། ཀྲུང་དབྱང་དང་ཞིང་ཆེན་གྱི་སྐྱེ་ཁམས་ཁ་གསབ་དང་སྐྱེ་ཁམས་སྲུང་སྐྱོང་འདུ་འགོད་ཀྱི་མ་དངུལ་བེད་སྤྱོད་བྱས་ཏེ་ས་ཆ་དེ་གའི་ངལ་རྩོལ་བྱེད་ནུས་ཡོད་པའི་ཡིག་ཚགས་དང་གཱ་བཟོས་པའི་དབུལ་ཕོངས་མི་འབོར་ཆ་ཤས་ནི་སྣོད་བཅུད་ཀྱི་འགན་བཅོལ་བྱེད་ལམ་གསར་པའི་སྲུང་སྐྱོང་མི་སྣར་འགྱུར་རྒྱུའི་སྲིད་ཇུས་དོན་འཁྱོལ་བྱེད་མགྱོགས་སུ་བཏང་ནས་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱིས་“སྣོད་བཅུད་ཁ་གསབ་ལ་བརྟེན་ནས་མི་འབོར་ཚོ་ཞིག་དབུལ་སྒྲོལ་ཐོབ་རྒྱུའི”དབུལ་སྐྱོར་དམིགས་ཚད་ལས་འགན་དེ་ཇེ་མགྱོགས་སུ་དངོས་འགྲུབ་ཡོང་ཆེད།སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི་ཞིང་ཆེན་རིམ་པའི་ནོར་སྲིད་ཀྱི་ཡིག་ཚགས་དང་གཱ་བཟོས་པའི་མི་འབོར་དབུལ་པོའི་སྣོད་བཅུད་ནགས་སྲུང་མི་སྣའི་གདམ་གསེས་གདན་ཞུའི་ལས་དོན་དེ2017ལོའི་ཟླ5པའི་ཟླ་དཀྱིལ་རྗེས་སུ་ཁྱོན་ཡོངས་ནས་སྤེལ་འགོ་ཚུགས་པ་དང་། ཤང་(གྲོང་རྡལ)གི་ཏང་ཨུ་སྲིད་གཞུང་དང་སྡེ་དམངས་ཨུ་ཡོན་ལྷན་ཁང་། རྒྱལ་ཁབ་ལ་དབང་བའི་ནགས་ར་ས་ཚིགས་བཅས་ཀྱིས་མཉམ་ལས་ཤུགས་ཆེན་བྱས་པ་དང་།སྲིད་ཇུས་དྲིལ་བསྒྲགས་བྱས་པ་དང་ཚོགས་འདུ་འཚོགས་པ།མིང་ཐོ་བཀོད་པ།དེ་བཞིན་ཡོངས་བསྒྲགས་སོགས་ཀྱི་གོ་རིམ་བརྒྱུད།མིག་སྔར། སྣོད་བཅུད་ནགས་སྲུང་མི་སྣ1330ཡི་གདམ་གསེས་གདན་ཞུ་དང་། བདག་སྐྱོང་གན་རྒྱ་འཇོག་པ། ལས་ཞུགས་སྔོན་གྱི་གསོ་སྦྱོང་དང་དངོས་སུ་ལས་གནས་ཐོག་ནགས་ཚལ་བདག་སྐྱོང་སོགས་ཀྱི་ལས་དོན་ནང་ཞུགས་པའི་ལས་ཀ་ཁྱོན་ཡོངས་ནས་ལེགས་གྲུབ་བྱུང་ཡོད།

སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི་ཡིག་ཚགས་དང་གཱ་བཟོས་པའི་མི་འབོར་དབུལ་པོ་རང་སར་སྣོད་བཅུད་ནགས་སྲུང་མི་སྣར་གྱུར་རྗེས།2017ལོར་གྲོང་ཁྱེར་དེ་ཡོངས་ཀྱི་གྲོང་ཚོ་དབུལ་པོ22ཀྱི་ཁྱབ་ཁོངས་ནང་། ལས་ཞུགས་ཀྱི་ལས་གནས་གསར་པ1330བསྣན་ཡོད་པ་དང་། མི་རེའི་ཆ་སྙོམས་ཡོང་འབབ་སྒོར་ཁྲི1མང་དུ་བཏང་ཡོད་དེ། དབུལ་སྒྲོལ་མི་གཅིག་བྱས་ན་དུད་ཚང་གཅིག་ལ་སྐུལ་ཁྲིད་བྱེད་ཐུབ་པའི་བསམ་ཕྱོགས་ལྟར། ཚད་ངེས་ཅན་ཞིག་གི་ཐོག་གྲོང་ཁྱེར་དེ་ཡོངས་ཀྱི་དབུལ་སྒྲོལ་འགག་སྒྲོལ་གྱི་གོམ་སྟབས་ཇེ་མགྱོགས་སུ་བཏང་ཡོད། །

 

རྩོམ་སྒྲིག་པ། (ཚེ།)