དབུ་ཤོག >> སྐབས་དོན་གསར་འགྱུར། >> ས་གནས་གསར་འགྱུར།
དེ་སྔའི་བདེ་ཆེན་ཁུལ་ཨུའི་ཧྲུའུ་ཅི་ཀྲང་པའེ་རུའུ།
རྩོམ་པ་པོ། མི་གསལ། དུས་ཚོད། 2017-09-01 རྩོམ་ཁུངས། སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ། ཀློག་གྲངས། 697

དེ་སྔའི་བདེ་ཆེན་ཁུལ་ཨུའི་ཧྲུའུཅི་ཀྲང་པའེ་རུའུ།

    2001ལོའི་ཟླ་4པར།ཀྲུང་གུང་ཡུན་ནན་ཞིང་ཨུས་ཀྲང་པའེ་རུའུ་བདེ་ཆེན་ཁུལ་ཨུའི་ཧྲུའུ་ཅི་བསྐོ་བཞག་གནང་བ།2001ལོའི་ཟླ་6པའི་ཚེས་18ཉིན་ནས་ཚེས་22ཉིན་བར།ཀྲུང་གོ་གུང་ཁྲན་ཏང་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་གྱི་འཐུས་མི་ཚོགས་ཆེན་ཐེངས་ལྔ་པའི་ཐོག་ཀྲང་པའེ་རུའུ་ཀྲུང་གུང་བདེ་ཆེན་ཁུལ་ཨུའི་ཧྲུའུ་ཅིར་བདམས་ཐོན་བྱུང་ཞིང་།2001ལོའི་ཟླ་12པར།ཁུལ་ཨུའི་ཧྲུའུ་ཅི་ཀྲང་པའེ་རུའུ་ལས་གནས་ཞིང་ཆེན་དུ་འཕོ་བ་རེད།

    ཀྲང་པའེ་རུང་གིས་བདེ་ཆེན་ཁུལ་ཨུའི་ཧྲུའུ་ཅིའི་འགན་འཁུར་སྐབས།གཙོ་བོ་ནི་ཕྱོགས་ལྔའི་ལས་ཀ་བསྒྲུབས་ཡོད།

    ཐོན་ལས་སྒྲིག་གཞིའི་ལེགས་སྒྲིག་ཐད་ལ་ཞིབ་མཇུག་གནང་བ་དང་།སྤྱི་ཁམས་དཔལ་ཡོན་གྱི་འཛུགས་སྐྲུན་ཐད་ལ་ཞིབ་མཇུག་གནང་བ།མི་རིགས་ཆོས་ལུགས་ཀྱི་ལས་ཀ་ཐད་ལ་སློབ་སྦྱོང་དང་རྟོག་ཞིང་གནང་བ་རེད།

    ཀྲང་པའེ་རུའུ་ཡིས་ཁུལ་ཨུའི་ཧྲུའུ་ཅིའི་འགན་འཁུར་སྐབས།《བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་གྱིས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་བྱེད་པའི་འཆར་འགོད་རྩ་གནད་》ཐོག་བཏོན་པའི་འཕེལ་རྒྱས་བསམ་བློ་ནི།ཏེང་ཞའོ་ཕེང་གི་རིགས་པའི་གཞུང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོར་སྒྲེང་བྱེད་པ་དང་།ཕྱོགས་ཡོངས་ནས་མཚོན་བྱེད་གསུམ་གྱི་གལ་ཆེའི་དགོངས་པ་ལག་ལེན་མཐར་ཕྱིན་བྱེད་པ།ཏང་གི་ཚོགས་ཆེན་བཅུ་དྲུག་པར་བཏོན་པའི་འཐབ་ཇུས་བཀོད་སྒྲིག་སྐྱེ་ཁམས་ལ་བརྟེན་ནས་ཁུལ་འཛུགས་པ་དང་རིག་གནས་ལ་བརྟེན་ནས་ཁུལ་དར་བ།ཐོན་ལས་ལ་བརྟེན་ནས་ཁུལ་སྟོབས་ལྡན་དུ་གཏོང་བས།དཔལ་འབྱོར་འཕེལ་རྒྱས་དང་མི་རིགས་མཐུན་སྒྲིལ།སྤྱི་ཚོགས་བརྟན་བརླིང་གི་གནས་ཚུལ་ལེགས་པོ་གཏན་འཇགས་སུ་གཏོང་ཞིང་།རྒྱལ་ཡོངས་དང་མཉམ་དུ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་པའི་སྤྱི་ཚོགས་དམིགས་འབེན་མངོན་གྱུར་བྱུང་བ།འབད་བརྩོན་གྱིས་བདེ་ཆེན་འདི་ཉིད་རྒྱལ་ཡོངས་ཀྱི་བོད་ཁུལ་ཡག་ཤོས་ཤིག་ཏུ་འཛུགས་སྐྲུན་བྱེད་དགོས།

    འབད་འཐབ་ཀྱི་དམིགས་འབེན་ནི།2020ལོར་སླེབས་སྐབས།རྒྱལ་ནང་གི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་དེ་ལྡབ་གསུམ་འཕར་ནས། སྒོར་དུང་ཕྱུར་80 ཟིན་པ་དང་།ཁུལ་ཡོངས་ཀྱི་ཕྱོགས་བསྡུས་དཔལ་འབྱོར་སྟོབས་ཤུགས་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ཏེ་སྒོ་ཀུན་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་འཆར་འགོད་ཀྱི་དམིགས་འབེན་མངོན་འགྱུར་བྱུང་སྟེ།བདེ་ཆེན་འདི་ཉིད་རྒྱལ་ཡོངས་ཀྱི་ཆེས་བཟང་བའི་བོད་རིགས་ས་ཁུལ་ཤིག་ཏུ་སྐྲུན་རྒྱུ་བརྩོན་ལེན་བྱེད་དགོས། 

    2002ལོའི་ཟླ8པའི་ཚེས15ཉིན་ནས་ཟླ11པའི་ཚེས10ཉིན་བར།ཁུལ་ཡོངས་ཀྱིས་དུས་ཡུན་ཟླ་3རིང་ལ་མཐུན་སྒྲིལ་ལས་སྒྲུབ་ཀྱི་བསམ་བློའི་སློབ་གསོའི་བྱེད་སྒོ་གཏིང་ཟབ་ཏུ་སྤེལ་ནས་གྲུབ་འབྲས་ཕུལ་དུ་བྱུང་བ་ཐོབ་ཡོད་དེ།གཅིག་ནི་མཐུན་སྒྲིལ་ལས་སྒྲུབ་བྱེད་སྒོའི་ནང་ཤེས་རྟོགས་ཇེ་མཐོར་སོང་བ་དང་།བསམ་བློ་གཅིག་གྱུར་བྱས་ནས་འགྲིལ་ཤུགས་ཆེ་རུ་ཕྱིན་ཡོད་པ་རེད།གཉིས་ནི་སྙིང་གཏམ་ཤོད་རེས་བྱས་པ་བརྒྱུད།ཏང་གཤིས་བློ་སྦྱོང་བྱེད་ཤུགས་ཆེ་རུ་བཏང་བ་དང་།རིམ་པ་སོ་སོའི་ཚན་ཁག་གི་གོང་བུར་འགྲིལ་ཤུགས་དང་འཐབ་འཛིང་བྱེད་ཤུགས་ཇེ་ཆེར་སོང་བ།གསུམ་ནི་ལས་ཀའི་ལམ་སྲོལ་སྔར་བས་ཚད་ལྡན་དུ་བཏང་བ་རེད།བཞི་ནི་བསམ་བློ་བཅིངས་འགྲོལ་དང་།དུས་རབས་དུས་བསྟུན་མདུན་སྐྱོད་དང་བསྟུན་ནས་མདུན་དུ་སྐྱོད་པ།གསར་གཏོད་ཀྱི་བསམ་བློ་དང་ལས་ཀའི་སྤྱོད་ཚུལ་ལེགས་པོར་གྲུབ་ནས།བདེ་ཆེན་གྱི་ལས་དོན་ཁག་ལ་སྐུལ་འདེད་ཀྱི་ནུས་པ་ལྡན་པ་རེད།ལྔ་ནི་དམིགས་གསལ་ཅན་གྱི་གསོ་སྐྱོང་བྱས་ཏེ།དཔེ་སྟོན་དང་སྐུལ་ཁྲིད་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཡོད་དེ།2003ལོར་ཁུལ་ཡོངས་ལ་གྲོང་གསེབ་ཀྱི་ཏང་ཡོན་གསར་པ་མི་530 འཕེལ་རྒྱས་བྱུང་ཡོད་པ་རེད།

    གྲོང་གསེབ་ཀྱི་ཏང་ཡོན་དང་གཞི་རིམ་ལས་བྱེད་པར་བྱང་ཚད་སློབ་གསོའི་ལས་གཞི་ལག་བསྟར་བྱས་ནས།གྲོང་གསེབ་ཀྱི་ཏང་ཡོན་ཕྱུག་འགྱུར་འཇོན་ཐང་ཅན་གསོ་སྐྱོང་བྱས།ཁུལ་ཡོངས་ཀྱིས་གྲོང་རྡལ་ལས་ཁུངས་ཀྱི་ལས་བྱེད་པ་540དང་གྲོང་ཚོའི་ལས་བྱེད་པ་གཙོ་བོ་མི་180དང་ཧྲེ་ཀྲང་600  ཞིང་པའི་ཏང་ཡོན་1580 ཞང་གྲོང་ཁེ་ལས་དང་གྲོང་ཚོ་ཐུན་མོང་གི་དོ་དམ་མི་སྣ་25བཅས་ཁྱོན་བསྡོམས་མི2925གསོ་སྦྱོང་བྱས་པ་རེད།

    2004ལོར་“ཡུན་ལིང་གདོང་ལེན”ལས་གཞི་དེ་གཙོ་བྱས་ནས་ལག་བསྟར་བྱས་ཏེ།ཁུལ་ཡོངས་ཀྱི་གཞི་རིམ་རྩ་འཛུགས་འཛུགས་སྐྱོང་ལ་ཤུགས་བསྣན་པ་དང་།ཤང་གྲོང་རིམ་པ་གཉིས་ཀྱི་རྩ་འཛུགས་འགན་ནུས་འདོན་སྤེལ་བྱས།2004ལོར་ཁུལ་ཡོངས་ཀྱི་གྲོང་ཚོ་རིམ་པའི་རྩ་འཛུགས་ཀྱི་སྐབས་བརྗེ་བའི་གོ་རིམ་ཁྲོད།གྲོང་གསེབ་ཀྱི་ཕྱུག་འགྱུར་འཇོན་ཐང་ཅན་གྱི་ཞིང་པ་གྲོང་ཚོའི་ཀྲུའུ་རིན་ལ་བསྐོས་པ་མི་81 ཡོད་པ་དང་། ཁུལ་ཡོངས་ཀྱི་ཤང་དང་གྲོང་རྡལ་གྱི་ལས་བྱེད་པ་ཁྱོན་བསྡོམས་མི་གྲངས་248གྲོང་ཚོ་177དང་འབྲེལ་འདྲིས་བྱས་ནས།གྲོང་གསེབ་ཀྱི་ཕྱུག་འགྱུར་རྣམ་གྲངས་248ཁྱབ་སྤེལ་བྱས་པ་དང་།ཁྱོན་བསྡོམས་རྣམ་གྲངས་248ལ་མ་དངུལ་སྒོར་ཁྲི1813བཏང་ཡོད་ལ།དབུལ་ཕོངས་སློབ་ཕྲུག་248 ལ་རོགས་སྐྱོར་བྱས་པ་རེད།

    སྔོན་ཐོན་རང་བཞིན་གྱི་སློབ་གསོའི་བྱེད་སྒོ་ཁག་གསུམ་པ་སྤེལ་བ་དང་།ཁུལ་ཡོངས་ཀྱིས་གྲོང་གསེབ་ཀྱི་ཏང་ཡོན་497ཕྱུག་འགྱུར་འཇོན་ཐང་ཅན་དུ་གསོ་སྐྱོང་བྱས་ལ།ཕྱུག་འགྱུར་འཇོན་ཐང་ཅན་གྱི་མི་201་ཏང་ཞུགས་ཧུར་བརྩོན་ཅན་དུ་་གསོ་སྐྱོང་བྱས་པ།གྲོང་གསེབ་ཀྱི་ཏང་ཡོན་དང་ཕྱུག་འགྱུར་འཇོན་ཐང་ཅན་64 ཡི་གྲོང་ཚོའི་ལས་བྱེད་པར་གསོ་སྐྱོང་བྱས་པ་རེད།

    ཤང་གྲོང་ལས་བྱེད་པའི་ཁྲོད་དུ་“གྲོང་ཚོ་གཅིག་ལ་འབྲེལ་གཏུག་དང་། ཕྱུག་འགྱུར་རྣམ་གྲངས་གཅིག་ཁྱབ་གདལ་གཏོང་བ།ཏང་གི་སློབ་གསོ་ཁྲིད་ཐེངས་གཅིག་བྱེད་པ།དབུལ་པོའི་སློབ་ཕྲུག་གཅིག་ལ་རོགས་སྐྱོར་བྱེད་པ།ཏང་ཞུགས་ཧུར་བརྩོན་ཅན་ཁག་གཅིག་གསོ་སྐྱོང་བྱེད་པ།ཕྱུག་འགྱུར་འཇོན་ཐང་ཅན་གཅིག་སྐྱོང་བ་བཅས་“གཅིག་ཅན་དྲུག་”གི་བྱེད་སྒོ་བསྡུས།

    ཀྲང་པའེ་རུང་གིས་དེ་རིང་གི་བདེ་ཆེན་ནི་རྒྱལ་ཡོངས་ཀྱི་བོད་ཁུལ་འཛུགས་སྐྲུན་དང་འཕེལ་རྒྱས་ཀྱི་དཔེ་མཚོན་ཞིག་ཡིན་པ་རེད།བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་དབུ་བརྙེས་ནས་ལོ་འཁོར་60ལོན་པའི་སྐབས་འདིར།ངས་སྙིང་ཐག་པ་ནས་ས་མཐོའི་མུ་ཏིག་རྡོག་པོ་འདྲ་བའི་བདེ་ཆེན་འདི་ཉིད་སྔར་བས་བཀྲག་མདངས་རྣམ་པར་བཀྲ་བ་དང་།དམངས་རྣམས་བདེ་ཞིང་སྐྱིད་པའི་བཀྲ་ཤིས་སྨོན་འདུན་ཞུ་རྒྱུ་ཡིན་ཞེས་བཤད་པ་རེད།