དབུ་ཤོག >> དཔལ་འབྱོར་འཚོ་བ། >> འབྱོར་ཕྱུག་གཏམ་རྒྱུད།
ཕྱུག་འགྱུར་ལམ་བུ་འདིང་བ།
རྩོམ་པ་པོ། མི་གསལ། དུས་ཚོད། 2017-09-04 རྩོམ་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། ཀློག་གྲངས། 199

    སྟོབས་ཆེ་བའི་གཟི་ཕུག་འབྲི་གཡག་ནི་བོད་ཀྱི་རྒྱུད་བཟང་འབྲི་གཡག་རིགས་བཞིའི་གྲས་ཤིག་རེད།གཟི་ཕུག་ལུང་ཤུར་གྱི་འབྲོག་པ་ཚོའི་ངོས་ནས་བརྗོད་ན་འབྲི་གཡག་ནི་ཁོང་ཚོའི་འབབ་འཕར་ཕྱུག་འགྱུར་གྱི་མཆོག་ནོར་ལྟ་བུ་རེད།འབྲོག་པ་མང་ཚོགས་ལ་ཕྱུག་འགྱུར་གྱི་ཕྱོགས་སུ་སྐྱོད་པའི་ལམ་བུ་ཞིག་གདིང་ཆེད་ལྷ་ས་གྲོང་ཁྱེར་མལ་གྲོ་གུང་དཀར་རྫོང་གིས་མ་དངུལ་སྒོར་ཁྲི་500བཏང་སྟེ་གཟི་ཕུག་འབྲི་གཡག་རིགས་རྒྱུད་སྲུང་སྐྱོང་དང་འབྲི་གཡག་དུས་ཐུང་སྡོམ་གསོའི་རྣམ་གྲངས་ལག་ལེན་བསྟར་ཞིང་།མིག་སྔར་རྫོང་དེའི་གཟི་ཕུག་འབྲི་གཡག་ལྟེ་བའི་ཁུལ་དུ་འབྲི་གཡག་500ཙམ་ཡོད་པ་དང་དུས་མཚུངས་སུ་རྫོང་དེས་རང་སྐྱོང་ལྗོངས་ཞིང་འབྲོག་ཚན་རིག་ཁང་དང་འབྲེལ་མཐུད་བྱས་ནས་གཟི་ཕུག་འབྲི་གཡག་གི་ཕ་གཡག་གསོ་སྤེལ་ལག་རྩལ་ཞབས་ཞུ་མཉམ་ལས་ཀྱི་འདོད་འདུན་ཡི་གེའང་བཞག་ཡོད་པ་རེད།འདི་ནི་ལྷ་ས་གྲོང་ཁྱེར་མལ་གྲོ་གུང་དཀར་རྫོང་གཟི་ཕུག་འབྲི་གཡག་ལྟེ་བའི་ཁུལ་གྱི་ལས་དོན་པས་འབྲི་གཡག་ལ་ཚྭ་སྟེར་བའི་གནས་ཚུལ་ཡིན་པ།