དབུ་ཤོག >> སྐབས་དོན་གསར་འགྱུར། >> ས་གནས་གསར་འགྱུར།
བདེ་ཆེན་གྱི་ཁུལ་དཔོན་ཆི་ཅན་ཞིན།
རྩོམ་པ་པོ། མི་གསལ། དུས་ཚོད། 2017-09-11 རྩོམ་ཁུངས། སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ། ཀློག་གྲངས། 433

བདེ་ཆེན་གྱི་ཁུལ་དཔོན་ཆི་ཅན་ཞིན།

      2016ལོའི་ཟླ་2པར་ཁུལ་སྐབས་བཅུ་གཉིས་པའི་མི་དམངས་འཐུས་མིའི་ཚོགས་ཆེན་ཐེངས་དྲུག་པར་ཆི་ཅན་ཞིན་བདེ་ཆེན་གྱི་ཁུལ་དཔོན་དུ་བདམས་ཐོན་བྱུང་བ།2017ལོའི་ཟླ་3པར་ཁུལ་སྐབས་བཅུ་གསུམ་པའི་མི་དམངས་འཐུས་མིའི་ཚོགས་ཆེན་ཐེངས་དང་པོར་ཆི་ཅན་ཞིན་ཡང་བསྐྱར་སྐབས་བཅུ་གསུམ་པའི་བདེ་ཆེན་གྱི་ཁུལ་དཔོན་དུ་བདམས་ཐོན་བྱུང་བ་རེད།

      2020ལོར་བདེ་ཆེན་རྒྱལ་ཡོངས་དང་ཞིང་ཆེན་ཡོངས་དང་མཉམ་དུ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་མངོན་འགྱུར་བྱུང་ཆེད།ཆི་ཅན་ཞིན་གྱིས་ཁུལ་དཔོན་གྱི་འགན་འཁུར་བའི་སྐབས།གཅིག་ནི་སྟོབས་ཤུགས་གང་ཡོད་ཀྱིས་གཞུང་ལམ་དང་ལྕགས་ལམ།མཁའ་ལམ་བཅས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དམ་འཛིན་བྱས་ནས།བདེ་ཆེན་སེམས་ཀྱི་ཉི་ཟླ་ཆེན་པོའི་ཡུལ་སྐོར་དཔལ་འབྱོར་གྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་རེད།

      གཉིས་ནི་སྟོབས་ཤུགས་གང་ཡོད་ཀྱིས་ས་ཁོངས་ཡོངས་ཀྱི་ཡུལ་སྐོར་འཕེལ་རྒྱས་དང་།ཡུལ་སྐོར་གཞུང་ལམ་གྱི་འཛུགས་སྐྲུན་དམ་འཛིན་བྱེད་རྒྱུ།མཐོ་སྒང་ཁྱད་ལྡན་སྐྱེ་ཁམས་ཐོན་ལས་ཀྱི་འཕེལ་རྒྱས་དམ་འཛིན་བྱེད་རྒྱུ།རྒྱུན་མཐུད་ཀྱིས་རྫ་ཆུ་རྒྱུག་ཁུལ་ཆེ་གྲས་ཀྱི་ཆུ་གློག་ས་ཚིགས་ཀྱི་འཛུགས་སྐྲུན་མགྱོགས་སུ་གཏོང་བ་དང་འབྲི་ཆུ་རྒྱུག་ཁུལ་གློག་འདོན་ས་ཚིགས་ཀྱི་དུས་སྐབས་སྔོན་མའི་ལས་ཀ་ལ་སྐུལ་འདེད་གཏོང་བ་སོགས་ཆུ་གློག་ཐོན་ལས་ཀྱི་འཕེལ་རྒྱས་དམ་འཛིན་བྱེད་རྒྱུ།

    གསུམ་ནི་གཏིང་ཟབ་ཀྱིས་བདེ་ཆེན་བོད་ཁུལ་གྱི་དབུལ་སྒྲོལ་འགག་སྒྲོལ་བྱེད་པའི་འཆར་གཞི་ལ་སྐུལ་འདེད་གཏོང་བ་དང་།ཁུལ་ཡོངས་ཀྱི་དབུལ་ཕོངས་མི་གྲངས་ཁྲི་6.3དུས་བཀག་ཏུ་དབུལ་སྒྲོལ་བྱུང་བར་ཁག་ཐེག་བྱེད་པ་དང་།ནན་ཏན་གྱིས་ཏང་གི་སློབ་གསོ་བྱེད་ཇུས་དོན་འཁྱོལ་མཐའ་ཕྱིན་བྱེད་པ།སྨན་བཅོས་འཕྲོད་བསྟེན་གྱི་ལས་དོན་གཏོང་བ།ད་ལོར་ཤམ་བྷ་ལ་སྐྱེ་ཁམས་རློན་སའི་སྤྱི་གླིང་འཛུགས་སྐྲུན་བྱེད་པ་དང་གྲོང་ཁྱེར་གཙོ་བོའི་བགྲོད་ལམ་དང་ཁྲོམ་ལམ་གྱི་འཛུགས་སྐྲུན་སོགས་ལག་བསྟར་བྱེད་དེ།གྲོང་ཁྱེར་དང་གྲོང་གསེབ་ཀྱི་མི་འཚོ་ཁོར་ཡུག་ལེགས་སུ་གཏོང་ནས།སྟོབས་ཤུགས་གང་ཡོད་ཀྱིས་དམངས་འཚོ་ལེགས་སུ་གཏོང་རྒྱུ་རེད།

      བཞི་ནི་སྐྱེ་ཁམས་དཔལ་ཡོན་གྱི་འཛུགས་སྐྲུན་དམ་འཛིན་བྱེད་པ།2020ལོའི་བར།ཡུན་ནན་བོད་རིགས་ས་ཁུལ་གྱི་དྲོད་རླངས་མཁོ་འདོན་རྣམ་གྲངས་འཛུགས་སྐྲུན་ཁྱོན་ཡོངས་ནས་ལེགས་འགྲུབ་བྱེད་རྒྱུ།  མགྱོགས་མྱུར་གྱིས་ཁུལ་ཡོངས་ཀྱི་ཆུ་བོ་སོ་སོའི་ཕྱོགས་བསྡུས་བཅོས་སྐྱོང་ལས་གྲྭ་ལག་བསྟར་བྱས་ནས་ཁུལ་ཡོངས་ཀྱི་ཆུ་རྐའི་ཁོར་ཡུག་ལེགས་སུ་གཏོང་རྒྱུ།གཏིང་ཟབ་ཀྱིས་ལྗང་འགྱུར་ལས་གཞི་ལ་སྐུལ་འདེད་བྱས་ཡོད་དེ།བསྟུད་མར་ལོ་ལྔའི་ནང་ལོ་རེར་འོས་འགན་ཤིང་འཛུགས་སྡོང་རྐང་ཁྲི་130བཙུགས་ཏེ་ཁྱོན་ཡོངས་ནས་ཁོར་ཡུག་སྲུང་སྐྱོབ་ལས་དོན་ལ་ཤུགས་བསྣན་རྒྱུ།

    ལྔ་ནི་སྟོབས་ཤུགས་གང་ཡོད་ཀྱིས་སྤྱི་ཚོགས་འཆམ་མཐུན་བརྟན་བརླིང་དམ་གྱིས་འཛིན་རྒྱུ།རྒྱལ་ཡོངས་བོད་ཁུལ་གྱི་མི་རིགས་ཡར་ཐོན་དཔེ་སྟོན་ཁུལ་འཛུགས་སྐྲུན་བྱེད་རྒྱུའི་འཐབ་ཇུས་དང་གནས་བབ་ལ་དམིགས་ནས།གཏིང་ཟབ་ཀྱིས་ཀྲུང་དབྱང་གི་“ཁྲིམས་ལྟར་བོད་སྐྱོང་བ་དང་།དམངས་ཕྱུག་བོད་དར།ཡུན་རིང་བོད་འཛུགས་པ།མི་སེམས་གཅིག་སྒྲིལ།རྨང་གཞི་བརྟན་གཏོང་”གི་རྩ་དོན་གལ་ཆེན་ལག་བསྟར་དོན་འཁྱོལ་དང་།ཀྲུང་ཧྭ་མི་རིགས་ཁྱིམ་ཚང་གཅིག་ལྟར་བརྩེ་ལ།བློ་སེམས་གཅིག་མཐུན་ངང་ནས་ཀྲུང་གོའི་ཕུགས་འདུན་སྐྲུན་རྒྱུ།བདེ་ཆེན་གྱི་སྤྱི་ཚོགས་འཆམ་མཐུན་བརྟན་ལྷིང་དང་ཡུན་རིང་བདེ་འགོད་ཡོང་བར་སྐུལ་འདེད་གཏོང་རྒྱུ།

    རྗེས་ཕྱོགས་ཀྱི་ལས་ཀའི་ཁྲོད།ང་ཚོས་རིམ་བཞིན་དམངས་འཚོར་ཞབས་ཞུ་དང་སྐྱེ་ཁམས་དམ་དུ་འཛིན་ནས།སྐྱེ་ཁམས་ལེགས་བཅོས་དང་དམངས་འཚོ་ཕན་བདེའི་རིན་ཐང་སྐྲུན་པའི་ཁ་ཕྱོགས་གཏན་ཁེལ་བྱས་ཏེ།སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དེ་ཆེས་འབུར་དུ་ཐོན་པའི་གནས་བབ་ཏུ་བཞག་ནས་དམ་འཛིན་བྱེད་རྒྱུ།

    རྒྱལ་ཁབ་དང་ཞིང་ཆེན་དུ་སྐྱེ་ཁམས་སྲུང་སྐྱོང་གི་ཁ་གསབ་ལམ་སྲོལ་འཐུས་ཚང་དུ་གཏོང་བར་བརྩོན་ལེན་བྱས་ནས།རྒྱ་ཆེའི་ཞིང་འབྲོག་མང་ཚོགས་གྱིས་སྐྱེ་ཁམས་སྲུང་སྐྱོང་བྱེད་པའི་ཁྲོད་ནས་ཁེ་ཕན་དངོས་ཐོབ་པ་དང་།ཡུལ་སྐོར་ཐོན་ལས་དང་།སྐྱེ་དངོས་ཐོན་ལས་འདི་ཉིད་ཁུལ་ཡོངས་ཀྱི་མི་རིགས་ཁག་གི་མང་ཚོགས་ཕྱུག་འགྱུར་དུ་འགྲོ་བའི་དམངས་ཕྱུག་ཐོན་ལས་བསྐྲུན་པར་བརྩོན་ལེན་བྱེད་པ།

    2016ལོར་ཁུལ་ཡོངས་ཀྱིས་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར180.6མངོན་འགྱུར་བྱུང་བ་ནི་1957ལོའི་ལྡབ་1420ཡིན་པ་རེད།གཏན་འཇགས་རྒྱུ་ནོར་མ་དངུལ་འཇོག་གྲངས་སྒོར་དུང་ཕྱུར315མངོན་འགྱུར་བྱུང་བ་དེ་1957ལོའི་ལྡབ་90130ཡིན་པ།ནོར་སྲིད་ཀྱི་སྤྱིའི་ཡོང་འབབ་སྒོར་དུང་ཕྱུར་16.5མངོན་འགྱུར་བྱུང་བ་དེ་1957ལོའི་ལྡབ་2287ཡིན་པ།ཞིང་པ་མི་རེའི་ཆ་སྙོམས་ཡོང་འབབ་སྒོར་7088མངོན་འགྱུར་བྱུང་བ་ནི་1957ལོའི་ལྡབ་122ཡིན་པ།ཁུལ་ཡོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་ཐད་མཆོང་སྐྱོད་ཆེན་པོ་དང་སྤྱི་ཚོགས་བྱ་གཞག་ཁྱོན་ཡོངས་ནས་ཡར་རྒྱས་བྱུང་ཡོད་ལ།མི་དམངས་ཀྱི་འཚོ་བའི་ཆུ་ཚད་གོང་མཐོར་ཤུགས་ཆེན་སོང་ཡོད་པ་དང།གྲོང་ཁྱེར་དང་གྲོང་གསེབ་ཀྱི་རྣམ་པ་འགྱུར་ལྡོག་ཧ་ཅང་ཆེན་པོ་བྱུང་ཡོད།

    བདེ་ཆེན་ཁུལ་དབུ་བརྙེས་ནས་ལོ་འཁོར་60ལོན་པའི་བཀྲ་ཤིས་པའི་ཉིན་མོ་འདི་ཐོན་ལ་ཉེ་བའི་སྐབས་འདིར།ཁུལ་དཔོན་ཆི་ཅན་ཞིན་གྱིས་བདེ་ཆེན་གྱི་མ་འོངས་བ་མཛེས་ཤིང་སྡུག་པ་དང་།ཕ་ཡུལ་གྱི་ཡུལ་མི་སྤུན་ཟླ་རྣམས་བདེ་ཞིང་སྐྱིད་པའི་བཀྲ་ཤིས་སྨོན་འདུན་ཞུ་ཞེས་གསུངས་བྱུང་།