དེ་སྔའི་བདེ་ཆེན་ཁུལ་གྱི་ཁུལ་དཔོན་གཞོན་པ་ཝང་ཧྲུའུ་ཧྥེན་ལགས།
རྩོམ་པ་པོ། ཚེ། དུས་ཚོད། 2017-09-12 རྩོམ་ཁུངས། སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ། ཀློག་གྲངས། 109

 ཡུན་ནན་ཞིང་ཆེན་དམངས་ཆེན་རྒྱུན་ཨུའི་ཀྲུའུ་རེན་གཞོན་པའམ་དེ་སྔའི་བདེ་ཆེན་ཁུལ་མི་དམངས་སྲིད་གཞུང་གི་ཁུལ་དཔོན་གཞོན་པ་ཝང་ཧྲུའུ་ཧྥེན་ནི་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི་བོད་པའི་ཞིང་འབྲོག་མང་ཚོགས་ཀྱི་ཁྱིམ་ཚང་ཞིག་ཏུ་སྐྱེས།  1979ལོའི་ཟླ7པར་རྫོང་ཡོངས་ཀྱི་རྩིས་ཚན་གྱི་སྐར་འབྲས་ཨང་དང་པོ་བླངས་ནས་ཁུན་མིང་རང་བྱུང་བཟོ་སྐྲུན་སློབ་གླིང་ལྕགས་བཞུ་ཚན་ཁག་ཏུ་རྒྱུགས་འཕྲོད་ཅིང་།    སློབ་གླིང་དེ་ག་ནས་མཐར་ཕྱིན་རྗེས་ཡུན་ནན་ཞིང་ཆེན་ལྕགས་བཞུ་ཐིང་ལས་ཁུངས་ནང་ལས་བགོས་བྱས་པ་རེད།   བོད་ཁུལ་ནས་ཐོན་པའི་གྲངས་ཉུང་མི་རིགས་ཀྱི་སློབ་གྲྭ་ཆེན་མོ་བ་ཞིག་པའི་ངོས་ནས་ཧུར་ཐག་གིས་འབོད་སྐུལ་དང་ལེན་བྱས་ཏེ་ཞིང་ཆེན་དུ་ལས་ཀ་སྒྲུབ་པའི་གོ་སྐབས་བསྐྱུར་ནས་རང་གི་ཕ་ཡུལ་དུ་ཕྱིར་ལོག་ཅིང་ལས་ཀའི་ནང་ཞུགས་པ་རེད།   སྔ་ཕྱིར་དུ་བདེ་ཆེན་ཁུལ་བཟོ་ལས་དང་འགྲིམ་འགྲུལ་སྐྱེལ་འདྲེན་ཅུས་དང་ཁུལ་ཨུའི་རྩ་འཛུགས་པུའུ།  ཁུལ་གྱི་ཤང་དང་གྲོང་རྡལ་ཁེ་ལས་དོ་དམ་ཅུས་སོགས་ནས་ལས་འགན་འཁུར་བ་དང་།    ལས་ཀའི་ཞོར་དུ་ཏང་གི་རིག་གཞུང་ལ་སློབ་སྦྱོང་བྱས་ནས་ཏང་གི་རྗེས་སུ་འབྲངས་པའི་ཡིད་ཆེས་ཇེ་བརྟན་དུ་བཏང་བ་རེད། 

 ཡུན་ནན་ཞིང་ཆེན་དམངས་ཆེན་རྒྱུན་ཨུའི་ཀྲུའུ་རེན་གཞོན་པའམ་དེ་སྔའི་བདེ་ཆེན་ཁུལ་མི་དམངས་སྲིད་གཞུང་གི་ཁུལ་དཔོན་གཞོན་པ་ཝང་ཧྲུའུ་ཧྥེན།

         1994ལོའི་ཟླ9པར་རྩ་འཛུགས་ཀྱི་ཐུགས་ཁུར་དང་མི་དམངས་མང་ཚོགས་ཀྱི་ཡིད་ཆེས་འོག  ལོ་ན32ལ་ཐོན་པའི་ཝང་ཧྲུའུ་ཧྥེན་བདེ་ཆེན་ཁུལ་མི་དམངས་སྲིད་གཞུང་གི་ཁུལ་དཔོན་གཞོན་པར་བདམས་པ་དང་།    གཙོ་བོ་ནོར་སྲིད་དང་།   དངུལ་རྩ། ཁྲལ་དོན།   བཟོ་ལས།   རྒྱལ་དབང་ཁེ་ལས་བཅོས་སྒྱུར་དང་ཚོང་འདྲེན་དངུལ་འགུག   དབུལ་སྐྱོར་སོགས་ཀྱི་ལས་ཀའི་སྐོར་ལ་འགན་འཁུར་གནང་བ་རེད།   བདེ་ཆེན་དང་ཁུན་མིང་གཉིས་ཀྱི་དཔལ་འབྱོར་མཉམ་ལས་ལ་སྐུལ་འདེད་བཏང་སྟེ་མ་དངུལ་ནང་འདྲེན་བྱས་ནས་ཞོ་རྡོ་སྒང་ཆུ་བོར་ཆུ་གློག་སྐས་རིམ་གསར་སྤེལ་བྱས་ལ།  བེ་ཤ་ལས་སྣོན་བཟོ་གྲྭ་སོགས་ཀྱི་ཁེ་ལས་བཙུགས་ནས་བདེ་ཆེན་གྱི་དཔལ་འབྱོར་ལ་རྨང་གཞི་བརྟན་པོ་ཞིག་བཏང་བ་རེད།  

           རྩ་འཛུགས་ཀྱི་གསོ་སྐྱོང་དང་ཕ་ཡུལ་མི་དམངས་ཀྱི་རྒྱབ་སྐྱོར་འོག     ཝང་ཧྲུའུ་ཧྥེན་བདེ་ཆེན་ནས་ཞིང་ཆེན་དུ་ལས་གནས་སྤར་ཏེ་ཞིང་ཆེན་དམངས་སྲིད་ཐིང་ཐིང་ཀྲང་གི་ལས་གནས་གཙོ་བོའི་འགནའ་ཁུར་བ་རེད།   ཉེ་ཆར་ཡུན་ནན་ཞིང་ཆེན་དམངས་ཆེན་རྒྱུན་ཨུའི་ཀྲུའུ་རེན་གཞོན་པའི་འགན་འཁུར་གྱི་ཡོད།  ས་ཆ་གང་དུ་སོང་རུང་ལས་འགན་ཅི་ཞིག་འཁུར་རུང་ཆེས་བརྗེད་དཀའ་བ་ནི་ཕ་ཡུལ་ལ་བཅངས་པའི་བརྩེ་སེམས་དེ་ཡིན་ལ།    བོད་ཁུལ་སྤུན་ཟླ་ཚོའི་འཚོ་བའི་དཀའ་ཁག་གི་གནད་དོན་ནི་ཁོ་མོས་ཆེས་སེམས་ཁུར་བྱེད་ས་དེ་ཡིན་ཞེས་གསུངས་ཡོད།  ལས་འགན་འཁུར་བའི་སྐབས་སུ་ཁོ་མོས་ཡུན་ནན་བོད་ཁུལ་གྱི་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་གྱི་གནད་དོན་དང་།   བོད་ཁུལ་དྲོད་གཏོང་འཛུགས་སྐྲུན་རྣམ་གྲངས།   བོད་ཁུལ་གྱི་སྐྱེ་ཁམས་སྲུང་སྐྱོང་སོགས་ཀྱི་གནས་ཚུལ་རྒྱལ་ཡོངས་དམངས་ཆེན་ལ་ཕུལ་ནས་བསམ་འཆར་དང་གྲོས་གཞི་བཏོན་ཡོད།  

           དེང་སྐབས་ཞིང་ཆེན་གྱིས་ནན་ཏན་སྒོས་ཀྲུང་དབྱང་གི་བོད་ཀྱི་ལས་དོན་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་གནང་བཞིན་ཡོད་ཅིང་།   བོད་ཁུལ་ལ་འཕེལ་རྒྱས་ཀྱི་གོ་སྐབས་བཟང་བོ་འཕྲད་ཡོད།   བློ་བརྟན་འགྱུར་མེད་ཀྱིས་ཏང་གི་རྗེས་སུ་འབྲངས་པ་དང་།  ཏང་ལ་བློ་དཀར་བ།  ཏང་དང་རྒྱལ་ཁབ་ལ་དགའ་བ།   མི་རིགས་ལ་དགའ་བ། རང་རྟོགས་སྒོས་མེས་རྒྱལ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ།  བོད་ཁུལ་འཆམ་མཐུན་བརྟན་བརླིང་ཡོང་བར་འབད་བརྩོན་བྱེད་དགོས་པའི་གྲོས་གཞི་བཏོན་ཡོད་ཅིང་།    དེ་དང་ཆབས་ཅིག   བསམ་བློ་བཅིང་འགྲོལ་དང་།   བསམ་གཞིགས་གསར་སྤེལ།   འགན་ལེན་ཕོད་པ།  དོན་དངོས་སྒྲུབ་ནས་ལས་ལམ་གསར་འབྱེད་བྱེད་དགོས་པ་སོགས་ཀྱི་རེ་བ་བཏོན་ཡོད།  

           2017ལོའི་ཟླ9པའི་ཚེས13ཉིན་ནི་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་དབུ་བརྙེས་ནས་ལོ་འཁོར་དྲུག་ཅུ་ལོན་པའི་དགའ་སྤྲོ་འཁོལ་བའི་ཉིན་མོ་ཡིན།   སྐྱེས་ཁོངས་བདེ་ཆེན་ཡིན་པའི་ལས་བྱེད་པ་ཞིག་གི་ངོས་ཐད་ནས་གླེང་ན།   བདེ་ཆེན་དུ་ལོ་ངོ་ཉི་ཤུ་ལྷག་ལ་ལས་ཀ་སྒྲུབ་ཡོད།  རང་སྟེང་ནས་བཅོས་སྒྱུར་སྒོ་འབྱེད་བྱས་ཚུན་བདེ་ཆེན་དུ་བྱུང་བའི་འཕེལ་རྒྱས་དང་འགྱུར་ལྡོག་ར་སྤྲོད་བྱེད་ཐུབ་ཅིང་། ཕ་ཡུལ་ལ་འགྱུར་ལྡོག་དང་འཕེལ་རྒྱས་ཡག་པོ་བྱུང་ཡོད་པ་མཐོང་དུས་སེམས་ལ་ང་རྒྱལ་དང་གཟི་བརྗིད་སྐྱེས་ཡོང་།   སྤྱིར་ན་ཕ་ཡུལ་དང་ཁ་གྱེས་ཏེ་ཁུན་མིང་གྲོང་ཁྱེར་ནས་ལོ་ངོ་བཅུ་ལྷག་ལ་ལས་ཀ་སྒྲུབ་པའི་དུས་ཚོད་འགོར་ན་ཡང་།    དུས་རྒྱུན་པར་ཁོ་མོའི་སེམས་པ་ནི་བདེ་ཆེན་གྱི་འཕེལ་རྒྱས་དང་བརྟན་བརླིང་དང་དམ་དུ་སྦྲེལ་ཡོད།  བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་དབུ་བརྙེས་ནས་ལོ་འཁོར་དྲུག་ཅུ་ལོན་པའི་དགའ་སྤྲོའི་ཉིན་མོ་ལ་ཁོ་མོས་བདེ་ཆེན་གྱི་མཆོང་སྐྱོད་འཕེལ་རྒྱས་དང་ཡུན་རིང་བདེ་འགོད་ཀྱི་ལས་ཀ་སྔར་ལས་ལྷག་པའི་སྒོ་ནས་ཇེ་བཟང་ཇེ་ཡག་ཏུ་འགྲོ་བ་དང་།   ལྷག་བསམ་རྣམ་དག་གིས་ཁུལ་ཡོངས་ཀྱི་རིགས་སོ་སོའི་མང་ཚོགས་ཀྱི་འཚོ་བ་བདེ་སྐྱིད་ལྡན་པའི་བཀྲ་ཤིས་སྨོན་འདུན་ཞུ་རྒྱུ་ཡིན་ཞེས་གསུངས་ཡོད་ལ།  སེམས་ཀྱི་ཉི་ཟླའི་མ་འོངས་པ་སྔར་ལས་མཛེས་སྡུག་ལྡན་པར་སྨོན་ཞེས་བཀྲ་ཤིས་བདེ་ལེགས་ཀྱི་ཁ་གཡང་ཡང་སྒྲོག་ཡོད་པ་རེད།   

 

རྩོམ་སྒྲིག་པ། (ཚེ།)