དབུ་ཤོག >> སྐྱེ་ཁམས་ཡུལ་སྐོར། >> སྐྱེ་ཁམས་སྲུང་སྐྱོང་།
བདེ་ཆེན་ལ་ཀྲུང་གོའི་ཏན་སྤྲེའུ་སྤུ་སེར་གྱི་ཕ་ཡུལ་ཞེས་པའི་མཚན་སྙན་ཐོབ་པ།
རྩོམ་པ་པོ། མི་གསལ། དུས་ཚོད། 2017-09-19 རྩོམ་ཁུངས། སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ། ཀློག་གྲངས། 128

        སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཉེ་སྔོན།ཀྲུང་གོའི་རི་སྐྱེས་སྲོག་ཆགས་སྲུང་སྐྱོང་མཐུན་ཚོགས་ཀྱིས་བདེ་ཆེན་ལ་ཀྲུང་གོའི་ཏན་སྤྲེའུ་སྤུ་སེར་གྱི་ཕ་ཡུལ་ཞེས་པའི་མཚན་སྙན་གནང་བ་རེད།

        ཏན་སྤྲེའུ་སྤུ་སེར་ནི་ཀྲུང་གོར་དམིགས་བསལ་དུ་ཡོད་པའི་སྲོག་ཆགས་ཤིག་ཡིན།2002ལོར་འཛམ་གླིང་ཐོག་གི་ཆེས་རྒྱུན་ཆད་ལ་ཉེ་བའི་བློ་ལྡན་སྲོག་ཆགས་རིགས་25ཡི་གྲས་སུ་བཅུག་པ་དང་།རྒྱལ་ཁབ་ཀྱི་རིམ་པ་དང་པོའི་གཙོ་གནད་སྲུང་སྐྱོང་སྲོག་ཆགས་ཤིག་ཀྱང་རེད།

 

        མིག་སྔར།འཛམ་གླིང་ཡོངས་ལ་ཏན་སྤྲེའུ་སྤུ་སེར་སྣ་རིགས་13དང་མགོ་གྲངས་3000ཡོད།བདེ་ཆེན་གྱི་མངའ་ཁོངས་ནང་སྣ་རིགས་9དང་མགོ་གྲངས་2100ལྷག་ཡོད་པས།འཛམ་གླིང་ཡོངས་ཀྱི་ཏན་སྤྲེའུ་སྤུ་སེར་མགོ་གྲངས་ཀྱི་75﹪ལ་ཟིན་པ།དུས་རྒྱུན་དུ་བདེ་ཆེན་གྱིས་ཏན་སྤྲེའུ་སྤུ་སེར་གྱི་སྲུང་སྐྱོང་ལས་ཀ་ལ་ཚད་མཐོའི་མཐོང་ཆེན་གནང་ཞིང་།ཏན་སྤྲེའུ་སྤུ་སེར་རིགས་ཀྱི་མགོ་གྲངས་དང་འཚོ་ཁུལ་གྱི་སྐྱེ་དངོས་སྣ་མང་རང་བཞིན་ལ་ནུས་ཡོད་ཀྱི་སྲུང་སྐྱོང་དང་མཐོ་སྤར་བྱུང་བ།ཏན་སྤྲེའུ་སྤུ་སེར་གྱི་ཚན་རིག་ཞིབ་མཇུག་ཡང་ཡུན་རིང་འཕེལ་རྒྱས་ཐོབ་པས།ཏན་སྤྲེའུ་སྤུ་སེར་དང་དེའི་འཚོ་ཁུལ་ལ་སྲུང་སྐྱོང་དང་ཞིབ་མཇུག་བྱེད་རྒྱུར་རྨང་གཞི་བརྟན་པོ་འདིང་བ་རེད།