དབུ་ཤོག >> སྐྱེ་ཁམས་ཡུལ་སྐོར། >> གནས་སྐོར་མཛེས་ལྗོངས།
ཏན་ཁྲོན་བགྲོད་ལམ་གྱི་སྔོན་ལུང་ནས་སི་ཁྲོན་སྨན་སྔོའི་བར་གྱི་ལམ་དུམ་བསྐྲུན་ཏེ་ཤར་གཏོང་ཐུབ་པ།
རྩོམ་པ་པོ། མི་གསལ། དུས་ཚོད། 2017-09-20 རྩོམ་ཁུངས། སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ། ཀློག་གྲངས། 85

བྱམས་པ་རྒྱལ་མཚན་དང་ཆི་ཅན་ཞིན།ཁམས་ཀྲུང་མིང་དར་ཚོན་འབྲེག་པ།

    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཟླ་9པའི་ཚེས་17ཉིན་གྱི་སྔ་དྲོར།ཏན་ཁྲོན་བགྲོད་ལམ་གྱི་སྔོན་ལུང་ནས་སི་ཁྲོན་སྨན་སྔོའི་བར་གྱི་ལམ་དུམ་གྱི་རླངས་འཁོར་ཤར་གཏོང་མཛད་སྒོ་དེ་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གཏེར་མ་རོང་ཤང་དུ་བསྡུས་ཤིང་།གཏེར་མ་རོང་ཤང་གི་རྒྱ་ཆེའི་མང་ཚོགས་ཀྱིས་གཟབ་ཆས་སྤྲད་ནས་ཏན་ཁྲོན་བགྲོད་ལམ་བཟོས་ནས་རླངས་འཁོར་ཤར་གཏོང་ཐུབ་པར་དགའ་སྟོན་རྟེན་འབྲེལ་ཞུས་པ་རེད།

    དེ་སྔའི་ཡུན་ནན་ཞིང་ཆེན་མི་དམངས་འཐུས་མིའི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་བྱམས་པ་རྒྱལ་མཚན་ཤར་གཏོང་མཛད་སྒོར་ཞུགས་ཤིང་ཏན་ཁྲོན་བགྲོད་ལམ་དངོས་སུ་རླངས་འཁོར་ཤར་གཏོང་ཐུབ་པ་ཁྱབ་བསྒྲགས་གནང་བ་རེད།

    བདེ་ཆེན་ཁུལ་ཨུའི་ཧྲུའུ་ཅིན་གཞོན་པའམ་ཁུལ་དཔོན་ཆི་ཅན་ཞིན་དང་དེ་སྔའི་ཡུན་ནན་ཞིང་ཆེན་མི་དམངས་འཐུས་མིའི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ནང་དོན་ཁྲིམས་འཛིན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཨུ་ཡོན་གཞོན་པ་ཁམས་ཀྲུང་མིང་།བད་ཆེན་ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་འབྲེལ་ཡོད་འགོ་ཁྲིད།སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི་འབྲེལ་ཡོད་འགོ་ཁྲིད།སྡེ་རོང་རྫོང་།ཕྱག་ཕྲེང་རྫོང་གི་འབྲེལ་ཡོད་འགོ་ཁྲིད་རླངས་འཁོར་ཤར་གཏོང་མཛད་སྒོར་ཞུགས་པ་དང་འབྲེལ་དར་ཚོན་འབྲེག་པ་རེད།

    ཏན་ཁྲོན་བགྲོད་ལམ་ནི་ཏན་ཁྲོན་ཞིང་ཆེན་གཉིས་ཀྱི་གལ་ཆེའི་འབྲེལ་མཐུད་བགྲོད་ལམ་ཞིག་ཡིན་ཞིང་།ཏན་ཁྲོན་བགྲོད་ལམ་དེ་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི་སྔོན་ལུང་ནས་སི་ཁྲོན་སྡེ་རོང་གི་སྨན་སྔོར་བསྲེངས་ཡོད་ལ།སེམས་ཀྱི་ཉི་ཟླ་གྲོང་ཁྱེར་དང་སི་ཁྲོན་སྡེ་རོང་རྫོང་དང་ཕྱག་ཕྲེང་རྫོང་གི་འབྲེལ་མཚམས་སུ་འགོ་ཚུགས་ཤིང་།སྡེ་རོང་རྫོང་རྐེད་ཤོད་ཤང་གི་སྨན་སྔོ་གྲོང་སྡེར་མཚམས་འཇོག་པ།གཞུང་ལམ་དེ་སྤྱི་ལེ་58ཡོད་པ་དང་དེ་རིམ་པ་གསུམ་པའི་གཞུང་ལམ་ཡིན་ལ།སྤྱིའི་མ་དངུལ་སྒོར་དུང་ཕྱུར་12.1བཏང་ཡོད་པ་རེད།

    ཏན་ཁྲོན་བགྲོད་ལམ་བཟོས་ནས་རླངས་འཁོར་ཤར་གཏོང་ཐུབ་རྒྱུ་དེ་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་དང་སྡེ་རོང་རྫོང་།ཕྱག་ཕྲེང་རྫོང་མི་དམངས་ཀྱི་རྒྱུན་བཅངས་རེ་འདོད་ཡིན་པ་དང་།རྫོང་(ཁྱེར་གསུམ)གྱི་འགྲིམ་འགྲུལ་འཛུགས་སྐྲུན་ལོ་རྒྱུས་ཐད་ཀྱི་དོན་ཆེན་ཞིག་ཡིན་ཞིང་།དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཁྲོད་ཀྱི་དགའ་འོས་པའི་དོན་དག་ཅིག་ཡིན།རྣམ་གྲངས་དེ་ལས་གྲྭ་རྙོག་འཛིང་ཆེ་ཤོས་དང་དཀའ་ཚད་ཆེ་ཤོས་དང་ཆ་རྐྱེན་ཞན་ཤོས་ཀྱི་རྣམ་གྲངས་གྲས་ཤིག་ཡིན།2009ལོའི་ཟླ་12པའི་ཚེས་24ཉིན་འཛུགས་འགོ་ཚུགས་པ་ནས་བཟུང་།ལོ་ངོ་7དང་ཟླ་8བརྒྱུད་ཡོད།བར་སྐབས་སུ།ཡུན་ནན་ཞིང་ཆེན་དང་སི་ཁྲོན་ཞིང་ཆེན།བདེ་ཆེན་ཁུལ།དཀར་མཛེས་ཁུལ་བཅས་ཀྱིས་རྒྱབ་སྐྱོར་ཆེན་མོ་གནང་ཡོད་པ་དང་།ལམ་རྒྱུད་ཀྱི་ཤང་དང་གྲོང་རྡལ་དང་རྒྱ་ཆེའི་མི་དམངས་མང་ཚོགས་ཀྱི་དགེ་མཚན་ལྡན་པའི་རོགས་འདེགས་དང་རྒྱབ་སྐྱོར་ཐོབ་ཅིང་།འབྲེལ་ཡོད་སྡེ་ཁག་སོ་སོ་ནས་སྟོབས་ཤུགས་གཅིག་སྒྲིལ་བྱས་པ་རེད།གཞུང་ལམ་དེ་ཤར་གཏོང་ཐུབ་རྗེས།སྔར་ལས་ལྷག་པར་སེམས་ཀྱི་ཉི་གྲོང་ཁྱེར་གྱི་གཞུང་ལམ་དྲ་བ་འཐུས་ཚང་དུ་གཏོང་བ་དང་།མཐར་འཁོར་རྫོང་དང་གྲོང་ཁྱེར་གྱི་གཞུང་ལམ་བགྲོད་ལམ་ཁོར་ཡུག་ལེགས་སུ་གཏོང་བ།མ་དངུལ་མཉམ་འདྲེས་ཁོར་ཡུག་ལེགས་སུ་གཏོང་བ།སེམས་ཀྱི་ཉི་ཟླ་གྲོང་ཁྱེར་འདི་ཉིད་བོད་ཁུལ་གྱི་དངོས་ཟོག་འཁོར་རྒྱུག་འདུས་འགྲེམ་ལྟེ་གནས་དང་ཡུལ་སྐོར་རྒྱ་སྐྱད་ལྟེ་གནས།རིག་གནས་ལྟེ་གནས་སུ་འཛུགས་པར་དགེ་མཚན་ལྡན་པའི་ཕན་ནུས་ལྡན་པ་རེད།དེ་བཞིན་ཏན་བོད་བགྲོད་ལམ་དེ་དཔལ་འབྱོར་དང་ཡུལ་སྐོར།སྐྱེ་ཁམས་དཔལ་ཡོན་གྱི་བགྲོད་ལམ་དུ་འགྱུར་རྒྱུ་དང་།རྫོང་(གྲོང་ཁྱེར)གསུམ་བར་གྱི་འཕེལ་རྒྱས་ལམ་བུ་དང་མཛའ་མཐུན་ལམ་བུ།མཐུན་སྒྲིལ་ལམ་བུར་འགྱུར་ངེས་རེད།