འཛམ་གླིང་སྟེང་ཆེས་སྐད་གྲགས་ཆེ་བའི་བོད་ཀྱི་ཚོང་དཔོན་ཞིག
རྩོམ་པ་པོ། མི་གསལ། དུས་ཚོད། 2017-09-25 རྩོམ་ཁུངས། 藏区头Tiao ཀློག་གྲངས། 313

    ཚོང་དཔོན་ནོར་བུ་བཟང་བོ་ནི་མིང་རྒྱལ་རབས་སྐབས་ཀྱི་མིང་དུ་གྲགས་པའི་བོད་ཀྱི་ཚོང་བ་ཞིག་ཡིན་ལ།ཁོང་ད་ལྟའི་མཚོ་སྔོན་ཞིང་ཆེན་གཞོང་ཐང་རྫོང་དུ་སྐུ་འཁྲུངས།སྐུ་འཁྲུངས་པའི་དུས་སུ་ཡ་མཚར་བའི་རྟགས་དང་རྟེན་འབྲེལ་མང་བོ་མངོན།ལྷག་པར་དུ་ངོ་མཚར་བ་ཞིག་ལ་ཁོང་གིས་ལག་གཡས་པར་འབྲུ་ལྡོག་གཅིག་བཟུང་ཡོད།ཆེ་ཆུང་ཕལ་ཆེར་སྲེག་སྒོང་དང་འདྲ་ལ།དེའི་སྟེང་དུ་འོད་གསེར་སྟོང་ལྡན་འཕྲོ་བར་གསུངས་འདུག

    ནོར་བུ་བཟང་པོས་དགུང་ལོ་༢༦སྟེང་མཚོ་སྔོན་དང་ཀ་ཆུ།ཞི་ཨན་སོགས་ནས་ཚོང་ལས་གཉེར་མགོ་བརྩམས་ཤིང་།མ་འགྱངས་བར་མ་རྩ་མང་བོ་བསགས་ནས་ཚོང་བའི་ཁྲོད་སྐད་གྲགས་ཆེ་ཆེར་རྒྱས།དུས་མཚུངས་སུ་ཁོ་རང་བོད་སྐད་དང་རྒྱ་སྐད།ཧོར་སྐད་སོགས་ལ་བྱང་ཆུབ།དགུང་ལོ༣༨སྟེང་ཁོང་གིས་ཚོང་ལས་ནང་སོག་དང་ཕྱི་སོགཞིན་ཅང་།རྒྱ་གར་སོགས་སུ་རྒྱ་བསྐྱེད།

    སྐབས་དེར།ཚོང་ལ་འགྲོ་དུས་རྔ་མོང་དང་དྲེལ།ཁལ་མ་སོགས་ལ་བརྟེན་ནས་ཚོང་ཟོག་སྐྱེལ་འདྲེན་བྱེད་བཞིན་ཡོད།ལམ་ཐག་རིང་བའི་རྐྱེན་གྱིས་ས་རུབ་དུས་གང་ལ་ཐོན་ན་གནས་དེར་སྒར་བཏབ་ནས་ངལ་གསོ་བྱ་དགོས།རྔ་མོང་དང་དྲེལ།ཁལ་མ་དང་འཁོར་གཡོག་སོགས་ཁྲི་ཕྲག་དུ་མས་གྲུབ་པའི་རྣམ་པ་དེ་ནི་ཧ་ཅང་གཞི་རྒྱ་ཆེ་ལ།ཟིལ་ཤུགས་ལྡན།ཚོང་བ་མང་བོ་ཞིག་གིས་ཁོང་དང་མཉམ་འབྲེལ་བྱས་ཏེ་ཚོང་ལས་གཉེར་རྒྱུ་ནི་མི་ཚེ་ཁྲོད་ཆེས་ཆེ་བའི་རེ་བ་གལ་ཆེན་ཞིག་ཏུ་གྱུར་ཡོད།དུས་དེ་ནས་བཟུང་ནོར་བུ་བཟང་བོའི་ཚོང་ལས་ཇེ་ལེགས་སུ་སོང་བ་དང་བསྟུན་ནས་ཁོང་ནི་འཛམ་གླིང་ན་སྐད་གྲགས་གང་སར་ཁྱབ་པའི་ཚོང་དཔོན་ཆེན་པོ་ཞིག་ཏུ་གྱུར་ཡོད།  ཁོང་གིས་ཕོ་བྲང་ནོར་བཟང་གླིང་ག་བསྐྱར་སྐྲུན་བྱས།བསྐྱར་སྐྲུན་རྗེས་ཀྱི་ཕོ་བྲང་ནོར་བཟང་གླིང་གའི་ཕྱི་མཁར་ནི་ཞི་ཨན་མཁར་དང་འདྲ་ལ།ཞེང་ཚད་མཛོ་མོ་མཁར་ལས་ཀྱང་མཐུག་པས་བརྗིད་ཉམས་ཧ་ཅང་ཆེ།རིམ་བཞིན་ཚོང་དཔོན་ནོར་བུ་བཟང་བོའི་མཚན་སྙན་འབྲུག་སྒྲ་ཇི་བཞིན་ཕྱོགས་ཡོངས་ལ་ཁྱབ།

    བོད་ལྗོངས་དང་བལ་བོའི་ས་མཚམས་སུ་གདུག་རྩུབ་ཆེ་བའི་ཇག་རྐུན་སྐོར་ཞིག་གིས་ཕར་འགྲོ་ཚུར་འོང་བྱེད་པའི་ཚོང་བ་རྣམས་ཀྱི་རྒྱུ་ནོར་འཕྲོག་བཅོམ་བྱས་ནས།མི་ཤི་རྟ་འགྱེལ་གྱི་དོན་རྐྱེན་སྣ་ཚོགས་བྱུང་ཡོད།  བལ་བོའི་རྒྱལ་བོ་ཡང་བྱ་ཐབས་ཅི་ཡང་མེད་པར་གྱུར་ཡོད། ནོར་བུ་བཟང་བོ་ས་དེར་བརྒྱུད་དུས་ཇག་རྐུན་དེ་དག་དང་འཕྲད།ཁོང་གིས་དེ་མ་ཐག་གཞུ་སྟེང་ལ་མདའ་མོ་གསུམ་བཞག་ཏེ་འཕངས་བས་ཇག་རྐུན་གྱི་འགོ་བ་གསུམ་བསད།དེ་བས་གཞན་དག་གིས་པུས་མོ་སར་བཙུགས་ནས་སྲོག་ཐར་གཏོང་བའི་རེ་བ་ཞུས།

    ནོར་བུ་བཟང་བོས་ཇག་རྐུན་བཟུང་ནས་བལ་བོའི་རྒྱལ་བོར་སྤྲད་པས་བལ་བོ་མི་དམངས་ཀྱིས་ཁོང་ལ་བསྟོད་བསྔགས་ཚད་མེད་བྱས།བལ་བོའི་རྒྱལ་བོའི་ཐུགས་དགྱེས་ནས་ཁོང་ལ་གསོལ་སྟོན་རྒྱ་ཆེན་བཤམས།གསོལ་སྟོན་སྐབས་སུ་བལ་བོའི་རྒྱལ་བོས་ཁོང་གིས་དཔའ་ངར་ལ་བསྟོད་བསྔགས་ཚད་མེད་བྱས་པ་མ་ཟད།བལ་བོ་ནས་ཚོང་ལས་གཉེར་བའི་རེ་བ་ཡང་ཞུས།བལ་བོའི་རྒྱལ་བོས་རོགས་སྐྱོར་འོག་ནོར་བུ་བཟང་བོའི་ཚོང་ལས་ཀྱི་བྱ་བ་ལ་དར་རྒྱས་ཆེན་པོ་བྱུང་།རིམ་བཞིན་འཛམ་གླིང་གི་ས་གནས་སོ་སོར་ཁོང་གི་ཚོང་རྫས་ཐོན་ནས།བོད་ཀྱི་ལོ་རྒྱུས་སྟེང་འབྱོར་ཕྱུག་ཀླུ་ཡུལ་ལ་འགྲན་པའི་ཚོང་བ་སྟོབས་ཆེན་ཞིག་ཏུ་གྱུར།