དབུ་ཤོག >> བོད་ཀྱི་རིག་གནས། >> གསོ་རིག >> བདེ་ཐང་མཛུབ་སྟོན།
ཆམ་རིམས་སྔོན་འགོག་བྱ་ཐབས།
རྩོམ་པ་པོ། མི་གསལ། དུས་ཚོད། 2017-09-25 རྩོམ་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། ཀློག་གྲངས། 138

    སྨན་པའི་དྲན་སྐུལ།

    1.མི་སྒེར་དང་ཁོར་ཡུག་གི་གཙང་སྦྲ་ལེགས་པོ་རྒྱུན་འཁྱོངས་བྱེད་དགོས་ལ་ཚོང་ཁང་དང་།སྤྱི་སྤྱོད་རླངས་འཁོར།སྤྱི་པའི་དོ་ར་སོགས་ལ་སྐྱོད་རྗེས་ལག་པར་ཡི་ཙེ་བརྒྱབ་ནས་བཀྲུ་དགོས།ཆམ་རིམས་འགོ་ཁྱབ་ཆེ་བའི་སྐབས་རང་གི་ཨ་ཅོར་དང་དུང་བན་སོགས་སོ་སོར་སྤྱོད་པ་ལས་མི་གཞན་དང་མཉམ་དུ་སྤྱོད་མི་རུང་།

    2.ཆམ་རིམས་ཕོག་ནས་དྲག་སྐྱེད་མ་བྱུང་གོང་མི་ཚོགས་ཁྲོད་ཧབ་སྦྲིད་རྒྱག་པ་དང་སྣ་ལུད་གང་བྱུང་དུ་དབྱུག་པ་སོགས་བྱེད་མི་རུང་ལ་ཕྱི་ནང་གང་རུང་དུ་ཁ་རས་བརྒྱབ་ནས་ནད་དུག་མི་གཞན་ལ་མི་འགོ་བ་བྱེད་དགོས།

    3.བཟའ་འཐུང་ལ་དོ་སྣང་དང་།  ལུས་སྦྱོང་འོས་འཚམ།  ངལ་གསོ་ཡག་པོ་རྒྱག་པ་བཅས་བྱེད་པ་ལས་ངལ་དུབ་ཆེ་དྲགས་རྒྱུ་མེད།

    4.ཉིན་ལྟར་ཁང་པའི་སྒོ་དང་སྒེའུ་ཁུང་ཕྱེ་ནས་ཁང་པའི་ནང་མཁའ་རླུང་སོས་པ་འགྲོ་རྒྱུགས་ཐུབ་པ་བྱེད་པ་དང་།ཆམ་རིམས་འགོ་ཁྱབ་ཆེ་བའི་སྐབས་མི་ཚོགས་མང་ས་དང་མཁའ་རླུང་འགྲོ་རྒྱུག་དཀའ་བའི་ས་ཆར་འགྲོ་རྒྱུ་མེད།གལ་སྲིད་འགྲོ་དགོས་ཚེ་ངེས་པར་དུ་ཁ་རས་རྒྱག་དགོས།