དབུ་ཤོག >> སྐྱེ་ཁམས་ཡུལ་སྐོར། >> ཡུལ་སྐོར་འགྱུར་སྟངས།
སེམས་ཀྱི་ཉི་ཟླར་ཀྲུང་གོའི་ལུས་རྩལ་ཡུལ་སྐོར་གྱི་སྤུས་རྩེ་བཅུའི་མཚན་སྙན་ཐོབ་པ།
རྩོམ་པ་པོ། ཚེ། དུས་ཚོད། 2017-09-28 རྩོམ་ཁུངས། སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ། ཀློག་གྲངས། 249

    ཟླ9པའི་ཚེས23ཉིན། 2017ལོའི་ཀྲུང་གོའི་ལུས་རྩལ་རིག་གནས་དང་ལུས་རྩལ་ཡུལ་སྐོར་དངོས་མང་བཤམས་ཚོགས་དེ་ནང་སོག་རང་སྐྱོང་ལྗོངས་པོ་ཐོའུ་གྲོང་ཁྱེར་ནས་བསྡུས།ལུས་རྩལ་ཡུལ་སྐོར་སྤུས་ལེགས་རྣམ་གྲངས་དཔྱད་འདེམས་ཀྱི་སྒོ་བྱང་འགེལ་བའི་མཛད་སྒོ་ཐོག་ཡུན་ནན་ཞིང་ཆེན་གྱི་རྣམ་གྲངས12རྒྱལ་ཡོངས་སྤུས་ལེགས་རྣམ་གྲངས་ནང་ཚུད་ཡོད་ཅིང་།དེའི་ཁྲོད་ནུའུ་ཅང་གྲོག་རོང་ཆེན་མོའི་ཆུ་གཡེང་རྒྱུག་འགུལ་དང་སེམས་ཀྱི་ཉི་ཟླ་ལ་རྒྱལ་ཡོངས་ཀྱི་སྤུས་རྩེ་བཅུའི་མཚན་སྙན་ཐོབ་ཡོད། 

 བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་གྱི་ངོ་མཚར་བའི་རང་བྱུང་ཁོར་ཡུག་དང་ཕུན་སུམ་ཚོགས་པའི་མི་རིགས་རིག་གནས།  སྒོ་ཕྱིའི་འགུལ་སྐྱོད་ཀྱི་ཆ་རྐྱེན་ཡག་པོ་བཅས་ལ་ལུས་རྩལ་ཡུལ་སྐོར་བ་གང་མང་ཞིག་གི་དགའ་བསུ་ཐོབ་ཡོད།

 

རྩོམ་སྒྲིག་པ། (ཚེ།)