དབུ་ཤོག >> དཔལ་འབྱོར་འཚོ་བ། >> དཔལ་འབྱོར་འགྱུར་སྟངས།
ཞིང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ཞིང་ཆེན་ཡོངས་ཀྱི་བདེ་ཐང་དབུལ་སྐྱོར་ལས་དོན་གྱི་བརྙན་འཕྲིན་ཁ་པར་ཚོགས་འདུ་འཚོགས་པ།
རྩོམ་པ་པོ། མི་གསལ། དུས་ཚོད། 2017-09-29 རྩོམ་ཁུངས། སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ། ཀློག་གྲངས། 61

      སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཟླ་9ཚེས་25ཉིན།ཞིང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ཞིང་ཆེན་ཡོངས་ཀྱི་བདེ་ཐང་དབུལ་སྐྱོར་ལས་དོན་གྱི་བརྙན་འཕྲིན་ཁ་པར་ཚོགས་འདུ་འཚོགས་པ།བདེ་ཆེན་ཁུལ་གྱིས་ཡན་ལག་ཚོགས་ར་བཙུགས་ནས་ལྟ་ཉན་བྱས་པ་རེད།

      ཁུལ་ཨུའི་ཧྲུའུ་ཅིའམ་ཁུལ་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་ཀུའུ་ཁུན་བདེ་ཆེན་ཡན་ལག་ཚོགས་རའི་ཚོགས་འདུར་ཞུགས་པ་རེད།

      གྲོས་ཚོགས་ནས་བསྟན་དོན།བདེ་ཐང་དབུལ་སྐྱོར་ལས་དོན་དེ་དབུལ་སྒྲོལ་འགག་སྒྲོལ་གྱི་ཁྱོན་ཡོངས་དང་།དབུལ་པོའི་མང་ཚོགས་ཀྱི་བདེ་ཐང་དང་བདེ་སྐྱིད་དང་འབྲེལ་བ་ཡོད།རིམ་ཁག་སྡེ་ཚན་ཁག་གིས་ཞིང་ཆེན་ཡོངས་ཀྱི་བདེ་ཐང་དབུལ་སྐྱོར་ལས་དོན་གྱི་ཛ་དྲག་དུས་བབ་ལ་ངོས་འཛིན་གང་ལེགས་བྱེད་པ་དང་།གཤམ་ལ་སྤྲོད་གྲབས་ཡོད་པའི་《ཡུན་ནན་ཞིང་ཆེན་གྱི་བདེ་ཐང་དབུལ་སྐྱོར་བྱེད་ཐབས་30》དང་《ཡུན་ནན་ཞིང་ཆེན་གྱི་བདེ་ཐང་དབུལ་སྐྱོར་ལས་དོན་གྱི་དཔྱད་ཞིབ་བྱ་ཐབས》དོན་འཁྱོལ་ནན་ཏན་བྱས་ཏེ།ཡིད་ཆེས་བརྟན་པོ་དང་མགྱོགས་མྱུར་སྒོས་ལས་ཀ་གཞན་དབང་དུ་གྱུར་པའི་རྣམ་པ་དེ་འགྱུར་ལྡོག་བཏང་སྟེ་བདེ་ཐང་དབུལ་སྐྱོར་གྱི་ཡར་ལངས་དམག་འཐབ་ཆེན་པོའི་རྒྱལ་ཁ་མཐའ་གཅིག་ཏུ་བླངས་དགོས།

      བདེ་ཆེན་ཁུལ་གྱི་འགོ་ཁྲིད་དབྱང་ཙི་ཅང་དང་།སུའུ་ཅིན་ཁྲུན།ཧོ་ཡུང་ཀྲུང་།ཨོ་རྒྱན་བསྟན་འཛིན་སོགས་བདེ་ཆེན་ཡན་ལག་ཚོགས་རའི་ཚོགས་འདུར་ཞུགས་པ་དང་།རྫོང་(གྲོང་ཁྱེར་)གསུམ་དང་གསར་སྤེལ་ཆུས་ཀྱི་འགན་འཁུར་བ་ཡན་ལག་ཚོགས་རའི་ཚོགས་འདུར་ཞུགས་ཡོད།

      

 

 

རྩོམ་སྒྲིག་པ། (གཡང་མཚོ།)