དབུ་ཤོག >> སྐབས་དོན་གསར་འགྱུར། >> རྒྱལ་ཕྱི་ནང་གསར་འགྱུར།
མཁའ་དབྱིངས་ཀྱི་བོད་ལྗོངས།མི་ཡུལ་གྱི་གནས་མཆོག་ཅེས་པའི་གྲངས་གཞིའི་སྒྱུ་རྩལ་འགྲེམས་སྟོན་མོ་སི་ཁོ་གྲོང་ཁྱེར་དུ་སྤེལ་འགོ་ཚུགས་པ།
རྩོམ་པ་པོ། མི་གསལ། དུས་ཚོད། 2017-09-29 རྩོམ་ཁུངས། མི་དམངས་དྲ་བ། ཀློག་གྲངས། 191

    ས་གནས་དེ་གའི་ཟླ་9ཚེས་25ཉིན་གྱི་དགོང་མོར།"མཁའ་དབྱིངས་ཀྱི་བོད་ལྗོངས།མི་ཡུལ་གྱི་གནས་མཆོག"ཅེས་པའི་གྲངས་ཀའི་སྒྱུ་རྩལ་འགྲེམས་སྟོན་མོ་སི་ཁོ་གྲོང་ཁྱེར་གྱི་ཀྲུང་གོའི་རིག་གནས་ལྟེ་གནས་སུ་སྤེལ་འགོ་ཚུགས་ཤིང་།འགྲེམས་སྟོན་དུ་དེང་སྐབས་དར་ཁྱབ་ཆེས་ཆེ་བའི་རྟོག་བཟོའི་དངོས་ཡོད་ལག་རྩལ་སྤྱད་ནས་ཨུ་རུ་སུའི་ལྟད་མོ་བ་ཚོར་བོད་ལྗོངས་ཀྱི་མི་ཆོས་མཛེས་ལྗོངས་དང་འཕེལ་རྒྱས་ཀྱི་ད་ཡོད་གནས་ཚུལ་ཕྱོགས་ཡོངས་ནས་ངོ་སྤྲོད་བྱས་པ་རེད།

    ཨུ་རུ་སུ་དང་ཀྲུང་གོ་མཛའ་བརྩེ་མཐུན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་དང་པོ་ཅ་ལི་ནཱ་ཁུ་ལི་ཁོ་ཝ་ཡིས་འགོ་ཚུགས་མཛད་སྒོ་རུ་ཤིས་ཚིག་གསུངས་ནས་ལོ་མང་རིང་གི་འཛུགས་སྐྲུན་དང་འཕེལ་རྒྱས་བཏང་བ་བརྒྱུད་བོད་ལྗོངས་ཀྱི་སྤྱི་ཚོགས་དང་དཔལ་འབྱོར་ལ་ཡར་རྒྱས་ཧ་ཅང་ཆེན་པོ་བྱུང་བ་རེད།བོད་རང་སྐྱོང་ལྗོངས་སྲིད་གཞུང་གིས་བོད་ཀྱི་རིག་གནས་ཀྱི་དམིགས་བསལ་རང་བཞིན་རྒྱུན་འཛིན་བྱས་པ་དང་དུས་མཚུངས་སུ་འོས་འགན་སློབ་གསོ་སྤེལ་ཤུགས་ཆེ་རུ་བཏང་ནས་ལོ་15ཡི་སློབ་ཡོན་མི་དགོས་པའི་སློབ་གསོ་མངོན་འགྱུར་བྱུང་བ་དང་།གྲོང་མི་རྣམས་ཀྱི་འཚོ་བ་བཟང་ཚད་དང་སློབ་གསོ་སྤུས་ཚད་མཐོ་རུ་མངོན་གསལ་བྱུང་བ་རེད་ཅེས་བརྗོད་པ་རེད།

    ཨུ་རུ་སུར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཁང་གི་རིག་གནས་ཚན་ཙཱན་ཀོང་ཅ་ཅ་ཡིས་ཐོས་པ་བརྒྱ་ལས་མཐོང་བ་གཅིག་བདེན།ཐེངས་འདིའི་འགྲེམས་སྟོན་དུ་དམིགས་བསལ་གྱི་ལག་རྩལ་སྤྱད་ནས་འཛམ་གླིང་ཡང་རྩེར་ལྡན་པའི་ཐུན་མིན་ཡིད་དབང་འཕྲོག་ཤུགས་ངོམ་སྟོན་བྱས་ཡོད་པས།ཨུ་རུ་སུའི་དམངས་ཚོགས་ལ་ས་ཆ་དངོས་སུ་ཕྱིན་པ་ལྟ་བུའི་ཚོར་སྣང་ཞིག་གནང་འདུག་ཅེས་བསྟན་པ་དང་།ཁོ་མོས"འགྲེམས་སྟོན་དུ་ཕེབས་པའི་ལྟད་མོ་བ་ཚང་མར་འབྱུང་འགྱུར་བོད་ལྗོངས་ལ་ཕེབས་ནས་བོད་ལྗོངས་ཀྱི་ངོ་མཚར་ཅན་དང་མཛེས་སྡུག་དངོས་སུ་མྱོང་རོལ་ཐུབ་པའི་རེ་སྒུག་བྱེད་ཀྱི་ཡོད་པར་ཡིད་ཆེས་ཡོད"ཅེས་བརྗོད་པ་རེད།

    མཁའ་དབྱིངས་ཀྱི་བོད་ལྗོངས་ཞེས་པའི་གྲངས་ཀའི་སྒྱུ་རྩལ་འགྲེམས་སྟོན་འདི་ནི་ཀྲུང་གོའི་སྤོ་སྒུལ་འཕྲིན་གཏོང་ཚོགས་པ་བོད་ལྗོངས་ཚད་ཡོད་ཀུང་སི་དང་།ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགྱུར་ཆ་འཕྲིན་ལྟེ་གནས།མོ་སི་ཁོ་ཀྲུང་གོའི་རིག་གནས་ལྟེ་གནས་བཅས་ཀྱིས་མཉམ་འབྲེལ་བྱས་ཏེ་གཙོ་གཉེར་བྱས་པ་རེད།

 

རྩོམ་སྒྲིག་པ། (གཡང་མཚོ།)