དབུ་ཤོག >> སྐབས་དོན་གསར་འགྱུར། >> རྒྱལ་ཕྱི་ནང་གསར་འགྱུར།
རྒྱལ་སྟོན་དུས་ཆེན་གྱི་ཉིན་དང་པོར་རྒྱལ་ཡོངས་ཀྱི་ཡུལ་སྐོར་བ་མི་ཐེངས་དུང་ཕྱུར་༡དང་བྱེ་བ་༡དང་ས་ཡ་༣ལ་སྣེ་ལེན་ཞུས་པ།
རྩོམ་པ་པོ། མི་གསལ། དུས་ཚོད། 2017-10-02 རྩོམ་ཁུངས། ཀྲུང་གོའི་རླུང་འཕྲིན་དྲ་བ། ཀློག་གྲངས། 108

 

    

    ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ་ནས་གནས་ཚུལ་འབྱོར་གསལ།སྤྱི་ཟླ་༡༠པའི་ཚེས་༡ཉིན་ནས་འགོ་ཚུགས་ཏེ་རྒྱལ་ཡོངས་མི་དམངས་ཀྱིས་རྒྱལ་སྟོན་དང་། ཟླ་མཆོད་དུས་ཆེན་གཉིས་བརྩེགས་ཀྱི་དུས་ཆེན་ཆེན་མོ་དགའ་གཏོང་བྱས་ཡོད། རྒྱལ་ཁབ་ཡུལ་སྐོར་ཅུས་གྲངས་གཞིའི་ལྟེ་གནས་ཀྱིས་ཕྱོགས་བསྡུས་ཚོད་རྩིས་བརྒྱབ་པར་གཞིགས་ན། རྒྱལ་ཡོངས་ཀྱིས་ཉིན་དེར་ཁྱོན་ཡུལ་སྐོར་བ་མི་ཐེངས་དུང་ཕྱུར་གཅིག་དང་བྱེ་བ་གཅིག་དང་ས་ཡ་གསུམ་ལ་སྣེ་ལེན་ཞུས་པ་དང་། ན་ནིང་གི་དུས་མཚུངས་དང་བསྡུར་ན་བརྒྱ་ཆ་བཅུ་དང་གྲངས་ཆུང་ལྔ་འཕར་སྣོན་ཕྱིན་པ་དང་། ཡུལ་སྐོར་ཡོང་འབབ་སྒོར་དུང་ཕྱུར་དགུ་བརྒྱ་དྲུག་བཅུ་རེ་ལྔ་ཟིན་པ་དང་ དུས་མཚུངས་ལས་བརྒྱ་ཆ་བཅུ་གཉིས་དང་གྲངས་ཆུང་གཉིས་འཕར་སྣོན་ཕྱིན་ཡོད། རྒྱལ་ཡོངས་དུས་སྟོན་ཡུལ་སྐོར་ཁྲོམ་ར་འཁོར་རྒྱུག་བརྟན་པོ་བྱུང་བ་དང་། ཡུལ་སྐོར་དང་འབྲེལ་བ་ཡོད་པའི་བདེ་འཇགས་རྐྱེན་ངན་ཆེན་པོ་ཐོན་མེད་པ་རེད།རྒྱལ་ཁབ་ཡུལ་སྐོར་ཅུས་ཀྱི་འབྲེལ་ཡོད་འགན་ཁུར་མི་སྣས་བཤད་པར་གཞིགས་ན། དམངས་ཡོངས་ཀྱི་ཡུལ་སྐོར་དུས་རབས་སླེབས་པ་དང་བསྟུན། མང་ཚོགས་ཀྱི་ཡུལ་སྐོར་སྤྲོ་སེམས་ཤིན་ཏུ་ཆེ་བ་དང་། སྒེར་གྱི་རླངས་འཁོར་བཏང་ནས་ཡུལ་སྐོར་དུ་སྐྱོད་པ་དང་། རང་མོས་ཡུལ་སྐོར། རང་འདེམས་ཡུལ་སྐོར། རྒྱབ་ཁུར་ཡུལ་སྐོར་སོགས་དུས་སྟོན་ངལ་གསོའི་རིང་གི་ཡུལ་སྐོར་གཏོང་སྟངས་ཀྱི་རྒྱུན་སྲོལ་གསར་པར་འགྱུར་ཡོད།

 

རྩོམ་སྒྲིག་པ། (པདྨ།)