དབུ་ཤོག >> བོད་ཀྱི་རིག་གནས། >> རྩོམ་རིག >> དམངས་ཁྲོད་རྩོམ་རིག
བདེ་ཆེན་ཁུལ་གྱི་དམངས་ཁྲོད་རྩོམ་རིག
རྩོམ་པ་པོ། ཚེ་དོན། དུས་ཚོད། 2017-10-03 རྩོམ་ཁུངས། སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ། ཀློག་གྲངས། 82

    བདེ་ཆེན་ཁུལ་དུ་མི་རིགས་མང་པོ་གཏན་སྡོད་བྱས་ཡོད་པས།མི་རིགས་ཀྱི་སྐད་ཆ་དང་།མི་རིགས་སོ་སོའི་ངག་ཐོག་རྩོམ་རིག་ཀྱང་ཕུན་སུམ་ཚོགས་ཤིང་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ལྡན།དམངས་ཁྲོད་རྩོམ་རིག་གི་རྣམ་གྲངས་11ཡོད་དེ།དེའི་ནང་ཁུལ་རིམ་པའི་རྣམ་གྲངས་9དང་།རྫོང་རིམ་པའི་རྣམ་གྲངས་2ཡོད་པ་རེད།དམངས་ཁྲོད་རྩོམ་རིག་གི་རྣམ་གྲངས་ལ་དབྱེ་ན།མི་རིགས་སྐད་ཆའི་རིགས་ཀྱི་རྣམ་གྲངས་4དང་།དམངས་ཁྲོད་གླུ་གཞས་རིགས་ཀྱི་རྣམ་གྲངས་3དམངས་ཁྲོད་གཏམ་རྒྱུད་རིགས་ཀྱི་རྣམ་གྲངས་2  མི་རིགས་ལོ་རྒྱུས་སྙན་རྩོམ་རིགས་ཀྱི་རྣམ་གྲངས་1བཅས་ཡོད་པ་རེད།དམངས་ཁྲོད་རྩོམ་རིག་གི་རྣམ་གྲངས་ནི་མི་རིགས་མང་པོས་མཉམ་དུ་གྲུབ་པ་ཞིག་སྟེ།བོད་རིགས་ཀྱི་རྣམ་གྲངས་4དང་།ལི་སུའུ་རིགས་ཀྱི་རྣམ་གྲངས་3 འཇང་རིགས་ཀྱི་རྣམ་གྲངས་2 པའེ་རིགས་ཀྱི་རྣམ་གྲངས1 མི་རིགས་གཞན་གྱི་རྣམ་གྲངས་གཅིག་བཅས་ཡོད་པ་རེད།

    གྲངས་ཉུང་མི་རིགས་ཀྱི་སྐད་ཆ་ནི་ངག་ཐོག་རྩོམ་རིག་གི་མཚོན་ཐབས་དང་སྨྱན་བྱད་ཡིན་པས། ངག་རྒྱུན་དུ་ཆགས་པའི་རྩོམ་རིག་དང་དབྱེ་བ་འབྱེད་མི་རུང་།མི་རིགས་ཀྱི་སྲོལ་རྒྱུན་སྐད་ཆ་ནི་ངག་ཐོག་གི་མཚོན་བྱེད་ལག་ཆ་ཞིག་ཡིན་པ་མ་ཟད།མི་རིགས་རིག་གནས་ཀྱི་བླ་སྲོག་ཀྱང་ཡིན།དོ་སྣང་བྱེད་དགོས་པ་ནི།བདེ་ཆེན་ཁུལ་དུ་རྒྱ་སྐད་དང་བོད་སྐད་མཉམ་སྤྱོད་བྱེད་པ་དང་བསྟུན།གྲངས་ཉུང་མི་རིགས་ཀྱི་སྐད་ཆ་དང་ཡི་གེ་ལ་མགྱོགས་མྱུར་གྱིས་མེད་པར་གྱུར་པ་རེད། སྐད་ཆའི་ཁོར་ཡུག་མི་འདྲ་བས།གྲངས་ཉུང་མི་རིགས་ཁ་ཤས་ཀྱི་སྲོལ་རྒྱུན་རིག་གནས་དང་རྩོམ་རིག་དོན་སྤྱི་ཀྱང་འགྱུར་ལྡོག་བྱུང་བ་རེད།དེའི་དབང་གིས་གྲངས་ཉུང་མི་རིགས་ཀྱི་སྐད་ཆ་དང་སྐད་ཆའི་ཁོར་ཡུག་ལ་སྲུང་སྐྱོབ་བྱེད་རྒྱུ་ནི་གལ་ཆེ་བའི་ལས་ཀ་ཞིག་ཡིན།བདེ་ཆེན་གྱི་གྲངས་ཉུང་མི་རིགས་ཀྱི་སྐད་ཆ་ལ་སྣ་མང་ཅན་གྱི་ཁྱད་ཆོས་ཆེས་འབུར་དུ་ཐོན་ཡོད་དེ།སྐད་ཆའི་སྐད་ཁོངས་ལ་བཤད་ན།བདེ་ཆེན་ཀྱི་མི་རིགས་སྐད་ཆ་ནི་རྒྱ་བོད་སྐད་ཁོངས་སུ་གཏོགས་པ་རེད།སྤྱི་ཡོངས་སུ་རྒྱ་ཡིག་སྤྱོད་པ་ལས་གཞན་རང་མི་རིགས་ཀྱི་ཡི་གེ་རིགས་ལྔ་ཡོད་དེ།དབྱིས་ཡིག་དང་བོད་ཡིགདེ་གཉིས་སོ་སོར་ཚད་ལྡན་ཡིག་ཆ་མང་པོ་ཡོད་ལ།བོད་ཡིག་ནི་ལོ་ངོ་1200རིང་གི་ལོ་རྒྱུས་ལྡན་པས།བོད་ཡིག་ལོ་རྒྱུས་ཀྱི་དེབ་ཐེར་སྣ་མང་ཤུལ་དུ་བཞག་ཡོད།གནའ་སྔ་མོའི་ཡི་གེའི་རྣམ་བཞག་ནང་དུ།       འཇང་རིགས་ཀྱི་སྟོན་པའི་ཡི་གེ་ནི་གནའ་སྔ་མོའི་འདྲ་གཟུགས་ཡི་གེ་ཡིན་ཏེ།འཇང་རིགས་ཀྱི་སྟོན་པའི་རིག་གནས་ཀྱི་དར་ཡུལ་སན་པ་ཤང་འབའ་སྡེ་གྲོང་སྡེར་འཇང་རིགས་ཀྱི་འདྲ་གཟུགས་ཡི་གེ་1500ཡས་མས་ཡོད་པ་དང་།བདེ་ཆེན་ས་ཁུལ་དུ་ཝ་རེན་པོས་གསར་བཟོ་བྱས་པའི་ལི་སུའུ་རིགས་ཀྱི་་ཚེག་བར་ཅན་གྱི་ཡི་གེ་ཁྱོན་བསྡོམས་888ཡོད་དེ།གཞི་རྩའི་སྟེང་ས་གནས་འདི་གའི་ལི་སུའུ་རིགས་ཀྱི་སྐད་ཆའི་སྒྲ་གདངས་ཡོངས་སུ་མཚོན་ཡོད།མིག་སྔར།གནའ་སྔ་མོའི་ཡི་གེ་འདི་དག་ཁོང་དུ་ཆུད་ཐུབ་པའི་མི་ཚོགས་ཀྱི་ལོ་ན་རྒས་ཤིང་མི་གྲངས་ཉུང་བས།དམངས་ཁྲོད་རྩོམ་རིག་ལ་ངོས་འཛིན་དང་དར་ཁྱབ་བྱེད་པ་དང་།དེའི་ལོ་རྒྱུས་རིན་ཐང་དང་རྩོམ་རིག་དོན་སྤྱི་ལ་ཞིབ་འཇུག་བྱེད་པར་མི་ཕན།  

 

རྩོམ་སྒྲིག་པ། (པདྨ།)