དབུ་ཤོག >> སྐབས་དོན་གསར་འགྱུར། >> ས་གནས་གསར་འགྱུར།
ཟླ་མཆོད་དུས་ཆེན་གྱི་དགོང་མོར་སེམས་ཀྱི་ཉི་ཟླའི་ཕྱོགས་སུ་སྐར་རྡོ་ཞིག་ལྷུང་བ།
རྩོམ་པ་པོ། པདྨ་མཚོ། དུས་ཚོད། 2017-10-06 རྩོམ་ཁུངས། སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ། ཀློག་གྲངས། 78

 

    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཟླ10པའི་ཚེས4ཉིན་ཏེ་ཟླ་མཆོད་དུས་ཆེན་གྱི་དགོང་མོའི་ཆུ་ཚོད་20དང་སྐར་མ་7ཐོག་གནམ་མཁའ་ནས་སྐར་རྡོ་ཞིག་འོད་ལམ་ལམ་གྱིས་སེམས་ཀྱི་ཉི་ཟླའི་ཕྱོགས་སུ་ལྷུང་བ་རེད།

 

    NASAགཞུང་ཕྱོགས་དྲ་བ་ནས་རྒྱུས་ལོན་བྱུང་བ་ལྟར་ན།ཐེངས་འདིའི་སྐར་རྡོ་དེ་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི་ནུབ་བྱང་ཁ་ཕྱོགས་ཀྱི་སྤྱི་ལེ40ཡས་མས་སུ་ལྷུང་ཡོད་པ་དང་།འབར་གས་ཀྱི་ནུས་པ་དེ་TNTཏུན་540འབར་བ་དང་མཚུངས།མིག་སྔར།སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ནས་ཚེ་སྲོག་དང་རྒྱུ་ནོར་ལ་གནོད་སྐྱོན་བྱུང་བའི་གནས་ཚུལ་བྱུང་མེད།

 

རྩོམ་སྒྲིག་པ། (པདྨ།)