དབུ་ཤོག >> སྐབས་དོན་གསར་འགྱུར། >> ས་གནས་གསར་འགྱུར།
མཛེས་སྡུག་ལྡན་པའི་ཀླུ་ཆུ།
རྩོམ་པ་པོ། ཀྲང་གོ་ཧྭ། དུས་ཚོད། 2017-10-06 རྩོམ་ཁུངས། སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ། ཀློག་གྲངས། 69

 

    སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི་ཅིན་ཅང་གྲོང་རྡལ་ཝ་གྲོང་ཀླུ་ཆུ་ནག་པོ་དེ་འབྲི་ཆུའི་ཤར་རྒྱུད་དུ་གནས་ཡོད་པ་དང་།གནའ་སྡོང་ཁྱུ་དང་ཀླུ་ཆུ་ལ་བརྟེན་ནས་མིང་དུ་གྲགས།

 

 

    ཁྱུང་ནི་ཀྲུང་ཧྭ་མི་རིགས་དར་རྒྱས་དང་རིག་གནས་དར་སྤེལ་གྱི་མཚོན་རྟགས་ཡིན།ང་ཚོ་རྗེས་རབས་པ་རེ་རེ་ནི་ཁྱུང་གི་རྒྱུད་པ་ཡིན་ལ།ཁྱུང་ནི་ཀྲུང་ཧྭ་མི་རིགས་ཀྱི་བསམ་པའི་འཁྱེར་སོ་དང་རིག་གནས་ཀྱི་མཚོན་རྟགས་ཡིན།ཁྱུང་གི་སྣང་བརྙན་ནི་དེ་སྔོན་ནས་བཟུང་ཀྲུང་ཧྭ་མི་རིགས་རིག་གནས་ཀྱི་ཕྱོགས་གང་ཅིའི་ཐད་དུ་འཐིམས་ཡོད་པ་རེད།

 

    ཆུ་བོ་གཅིག་གིས་ཅིན་ཅང་གྲོང་རྡལ་གྱི་མི་རིགས་ཁག་གི་མང་ཚོགས་དར་རྒྱས་གོང་འཕེལ་བཏང་བ་དང་།ས་གནས་དེ་གའི་མི་རིགས་ཁག་གི་མང་ཚོགས་ཀྱི་ལོ་ངོ་སྟོང་ཕྲག་རིང་ལ་ཆར་ཆུ་དུས་སུ་བབས་པའི་རེ་འདུན་ཞུ་བ་ལས་ཀླུ་ཆུའི་རང་བྱུང་སྐྱེ་ཁམས་སྲུང་སྐྱོབ་གང་ལེགས་བྱས་ཡོད་པ་རེད།རྩེ་གཅིག་གི་དད་སེམས་འཁྱེར་ནས་ཀླུ་ཆུར་ཡོང་ན་ཕ་ཡུལ་ལ་བཅངས་པའི་བརྩེ་སེམས་སྔར་ལས་ཟབ།

དབྱར་དགུན་སྟོན་དཔྱིད་གང་ཡིན་རུང་ཀླུ་ཆུ་ལ་ཁོང་ལྡན་པའི་དམིགས་བསལ་གྱི་ལྗང་མདོག་བཀླུབས་ཡོད་པ་དང་།ཉི་མའི་འོད་ཟེར་གནའ་བོའི་ཤིང་སྡོང་གི་གསེབ་ཏུ་འཕྲོས་པ་ན།དེ་བས་མཛེས་སྡུག་ལྡན་པས་མི་སེམས་རབ་ཏུ་འགུགས་པར་བྱེད།དྭངས་ཤིང་གསལ་བའི་ཀླུ་ཆུའི་ནང་དུ་བསིལ་ཁང་དང་གནའ་སྡོང་སོགས་ཀྱི་གཟུགས་བརྙན་ཤར་ཡོད་པས།སྒྱུ་རྩལ་པས་པུར་རིས་ལས་ཐོན་པའི་སྣུམ་ཚོན་རི་མོ་སྣང་བཞིན་མཛེས་ཉམས་ལྡན་ལ། མི་རྣམས་ཀྱིས་རང་བྱུང་ཁམས་ལ་སྙིང་ཁོང་རུས་པའི་གཏིང་ནས་བསྟོད་བསྔགས་འབུལ།

 

 

 

 

    གནས་དེ་གའི་མང་ཚོགས་ཀྱིས་ངོ་སྤྲོད་བྱས་པར་གཞིགས་ན་ཀླུ་ཆུའི་མཐའ་འཁོར་དུ་རྩ་ཆེ་བའི་གནའ་སྡོང་227ཡོད་པ་དང་གནའ་སྡོང་དེ་དག་གི་ཆ་སྙོམས་ལོ་ཚད་ནི་ལོ་275ཡིན་པ་རེད།

 

རྩོམ་སྒྲིག་པ། (པདྨ།)