དབུ་ཤོག >> སྐབས་དོན་གསར་འགྱུར། >> ས་གནས་གསར་འགྱུར།
ད་ལོའི་རྒྱལ་སྟོན་དུས་ཆེན་སྐབས་ཆུ་དཀར་ཆུ་ནག་ལྗོངས་ཁུལ་དུ་ཡུལ་སྐོར་གྱི་ཚ་རླབས་འཕྱུར།
རྩོམ་པ་པོ། གཡང་མཚོ། དུས་ཚོད། 2017-10-07 རྩོམ་ཁུངས། སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ། ཀློག་གྲངས། 94

 

 

     ད་ལོའི་ཟླ་མཆོད་དུས་ཆེན་དང་རྒྱལ་སྟོན་དུས་ཆེན་གྱི་གུང་གསེང་ཁྱོན་བསྡོམས་ཉིན་8ཡོད་ལ།དེའི་སྐབས་སུ་མི་འགས་ཕ་ཡུལ་གྱི་ཉེན་གྲོགས་ལ་བཅར་འདྲི་བྱེད་དུ་སོང་བ་དང་མི་འགས་དུས་རྒྱུན་དུ་འགྲོ་མི་ཐུབ་པའི་གཞན་ཡུལ་གྱི་མཛེས་ལྗོངས་ལོངས་སུ་སྤྱོད་དུ་འགྲོ་ཡོད།

     གུང་གསེང་དེར་སེམས་ཀྱི་ཉི་ཟླའི་ཆུ་དཀར་ཆུ་ནགས་ལྗོངས་ཁུལ་དུ་ཡུལ་སྐོར་བ་ཡོང་ཚད་དུས་རྒྱུན་ལས་མང་བ་རེད།པར་འདི་དག་ནི་ཡུལ་སྐོར་བ་རྣམས་ཀྱིས་ལྗོངས་ཁུལ་དུ་རོལ་རྩེད་བྱེད་པ་དང་པར་ལེན་བཞིན་པའི་གནས་ཚུལ་ཡིན།

    ཆུ་དཀར་ཆུ་ནག་ནི་སེམས་ཀྱི་ཉི་ཟླ་རྫོང་སན་པཱ་ཤང་དུ་ཆགས་ཡོད་ཅིང་།རྫོང་མཁར་གྱི་བར་ལ་སྤྱི་ལེ101ཡོད་པ་དང་རྒྱ་མཚོ་ངོས་ལས་མཐོ་ཚད་སྨི2380ཟིན་པ།འཇང་རིགས་ཀྱི་སྟོན་པའི་ཆོས་ལུགས་ཀྱི་འབྱུང་གནས་ཡིན།འབའ་སྡེའི་ཆུ་དཀར་ཆུ་ནག་དེ་རྒྱང་རིང་ནས་བལྟས་ན།སྐས་ཞིང་དང་འདྲ་ཞིང་།ཉི་འོད་ཀྱི་འོག་དུ་ད་དུང་རི་མོ་ནང་གི་རྦབ་ཆུ་ཞིག་དང་ཀུན་ནས་མཚུངས།

 

རྩོམ་སྒྲིག་པ། (པདྨ།)