དབུ་ཤོག >> སྐབས་དོན་གསར་འགྱུར། >> ས་གནས་གསར་འགྱུར།
བདེ་ཆེན་ཁུལ་གྱིས་ལྗོང་མདོག་སྐྱེ་ཁམས་ཀྱི་བདེ་སྐྱིད་ཁྱིམ་གཞིས་མགྱོགས་སུ་འཛུགས་པ།
རྩོམ་པ་པོ། གཡང་མཚོ། དུས་ཚོད། 2017-10-07 རྩོམ་ཁུངས། སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ། ཀློག་གྲངས། 102

 

 

    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན།ལོ་ལྔ་ཚན་བཅུ་པའི་ཚུན་དུ།བདེ་ཆེན་ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་སྐྱེ་ཁམས་འདི་ཉིད་བདེ་ཆེན་འཕེལ་རྒྱས་གཏོང་བའི་ཆེས་ལེགས་ཀྱི་ཐོན་ཁུངས་སུ་གྱུར་བར་བྱས་ཏེ།སྐྱེ་ཁམས་ཀྱི་དཔལ་འབྱོར་འཕེལ་རྒྱས་གཏོང་བ་ལྟེ་གནས་སུ་འཛིན་པ་དང་ནན་ཏན་གྱིས་སྐྱེ་ཁམས་དཔལ་ཡོན་གྱི་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་བ་རེད།

    ཐོན་ལས་འཛུགས་སྐྲུན་སྐྱེ་ཁམས་ཅན་དང་སྐྱེ་ཁམས་འཛུགས་སྐྲུན་ཐོན་ལས་ཅན་གྱི་བླང་བྱར་ལྟར།ཤུགས་ཆེན་གྱིས་ཡུལ་སྐོར་དང་སྐྱེ་དངོས།ཆུ་གློག་ཐོན་ལས་འཕེལ་རྒྱས་གཏོང་བ།ཡུལ་སྐོར་ཐོན་ལས་རྨང་གཞིའི་སྒྲིག་ཆས་དང་ཡུལ་སྐོར་ཐོན་རྫས་རྒྱུན་མཐུད་ཀྱིས་རིམ་པ་མཐོ་རུ་སྤར་བ།ཡུལ་སྐོར་བ་དང་ཡུལ་སྐོར་ཡོང་འབབ་མགྱོགས་པོའི་ངང་འཕར་བ།སྟར་ཀ་དང་རྒུན་འབྲུམ།ནས་སོགས་སྐྱེ་ཁམས་ཐོན་ལས་ལེགས་པོའི་ངང་འཕེལ་རྒྱས་བྱུང་བ་རེད།

    ཕྱོགས་ཡོངས་ནས་ནགས་ཚལ་བདེ་ཆེན་ཞེས་པའི་འཛུགས་སྐྲུན་ལག་བསྟར་བྱེད་པ་དང་རྒྱུན་མཐུད་ཀྱིས་རྨོ་དོར་ནགས་སྤེལ་དང་རང་བྱུང་ནགས་ཚལ་སྲུང་སྐྱོང་བྱེད་པ།རྒྱལ་དབང་ས་ཞིང་ལེགས་བཅོས་བྱེད་པ་སོགས་ཕྲེང་བསྟར་སྐྱེ་ཁམས་ཁོར་ཡུག་ལེགས་བཅོས་ལས་གྲྭའི་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་བཏང་ནས།སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚས་ལོ་བཞིན་མཐོ་རུ་འཕར་བ་རེད།

    སྐྱེ་ཁམས་གྲོང་སྡེ་བཙུགས་པ་བརྒྱུད་ནས།ཞིང་གྲོང་གི་མི་སྡོད་ཁོར་ཡུག་མངོན་གསལ་གྱིས་ལེགས་སུ་བཏང་བ།ཧུར་ཐག་གིས་རློན་སའི་སྐྱེ་ཁམས་སྲུང་སྐྱོང་དང་འཐུང་ཆུའི་འབྱུང་ཁུངས་འགན་སྲུང་བྱེད་པ་སོགས་སྐྱེ་ཁམས་ཕན་ནུས་ཁ་གསབ་བྱེད་པའི་ཚོད་ལྟའི་ས་ཚིགས་དང་ཐོན་ཁུངས་གསར་གཏོད་སྐྱེ་ཁམས་ཀྱི་ཁ་གསབ་སྤྲོད་པའི་ཚོད་ལྟའི་ས་ཚིགས་བཙུགས་ནས།སྐྱེ་ཁམས་སྲུང་སྐྱོང་བྱེད་ནུས་ཆེ་རུ་གཏོང་བ་དང་ནན་ཏན་གྱིས་སྐྱེ་ཁམས་ཁོར་ཡུག་གི་ཁྲིམས་འཛིན་ལྟ་སྐུལ་བྱེད་ཤུགས་ཆེ་རུ་བཏང་ནས།ནུས་ཡོད་ལྡན་པའི་གནད་ཆེའི་ཁོར་ཡུག་གྱོན་དོན་བྱུང་བར་སྔོན་འགོག་བྱས་པ་རེད།

 

རྩོམ་སྒྲིག་པ། (པདྨ།)