དབུ་ཤོག >> སྐབས་དོན་གསར་འགྱུར། >> ས་གནས་གསར་འགྱུར།
བདེ་ཆེན་ཁུལ་གྱིས་སྐྱེ་ཁམས་ཡུལ་སྐོར་གྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ།
རྩོམ་པ་པོ། གཡང་མཚོ། དུས་ཚོད། 2017-10-07 རྩོམ་ཁུངས། སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ། ཀློག་གྲངས། 56

   

 

 

     སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན།བདེ་ཆེན་ཁུལ་གྱིས་རྒྱལ་ཁབ་རིམ་པའི་སྤྱི་གླིང་བཙུགས་ནས་སྐྱེ་ཁམས་ཡུལ་སྐོར་གྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ།མིག་སྔར།རང་ཁུལ་གྱིས་པད་མ་རི་བོ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དང་བལ་འཐག་མཚོ།ནགས་ཕག་མཚོ།ཧ་པྰ་རི་བོ་བཅས་ཞིང་ཆེན་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་གསུམ་ཡིག་ཐོག་སྙན་སེང་ཞུས་ནས་བཙུགས་ཡོད།ཁ་བ་དཀར་པོའི་རྒྱལ་ཁབ་རིམ་པའི་སྤྱི་གླིང་ཞིང་ཆེན་སྲིད་གཞུང་གི་མཆོག་མཆན་ཐོབ་པ་དང་པད་མ་རི་བོ་ནི་ཞིང་ཆེན་རིམ་པའི་མཁས་པས་ཞིབ་དཔྱད་ཐོབ་པ།རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་བྱས་ནས་ཡུལ་སྐོར་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་ལ་སྐུལ་འདེད་བཏང་བ་དང་ཡུལ་སྐོར་དཔལ་འབྱོར་ལོ་མཐུད་ཀྱིས་མགྱོགས་སུ་འཕར་བ་དེ་མངོན་གྱུར་བྱུང་བ་རེད།

    2002ལོར་བདེ་ཆེན་ཁུལ་ལྟེ་གནས་སུ་འཛིན་པའི་གཙང་གསུམ་མཉམ་བཞུར་ཞེས་པའི་ས་ཁུལ་འདི་ཉིད་འཛམ་གླིང་རང་བྱུང་ཤུལ་བཞག་མིང་ཐོར་བཀོད་པ་དང་།2005ལོར་བལ་འཐག་མཚོ་དང་ནགས་ཕག་མཚོ་རྒྱལ་སྤྱིའི་གལ་ཆེའི་རློན་སའི་མིང་ཐོར་བཀོད་དེ།རྒྱལ་སྤྱིའི་གལ་ཆེའི་རློན་ས་དང་རློན་ས་ཉམས་གསོ་ལས་གྲྭའི་ལག་བསྟར་བྱེད་སར་གྱུར་ཡོད།2007ལོར་པོ་ཏ་མཚོ་རྒྱལ་ཁབ་སྤྱི་གླིང་བཙུགས་ནས།རྒྱལ་ཡོངས་སྐྱེ་ཁམས་སྲུང་སྐྱོང་དང་དཔལ་འབྱོར་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་བཙུགས་ཏེ།སྐྱེ་ཁམས་ཡུལ་སྐོར་གྱི་འཕེལ་རྒྱས་ལེགས་སུ་གཏོང་བ་རེད།

 

རྩོམ་སྒྲིག་པ། (པདྨ།)