དབུ་ཤོག >> སྐབས་དོན་གསར་འགྱུར། >> བོད་ཁུལ་གསར་འགྱུར།
བཀྲ་ཤིས་ཕུན་ཚོགས་ཀྱིས་ཀྲུང་གོའི་གླུ་སྒྲ་གསར་བའི་འགྲན་བསྡུར་ཐོག་ཨང་དང་པོ་བླངས་པ།
རྩོམ་པ་པོ། མི་གསལ། དུས་ཚོད། 2017-10-11 རྩོམ་ཁུངས། ཀྲུང་གོའི་བོད་ཀྱི་དྲ་བ། ཀློག་གྲངས། 153

   

     ཚེས་8ཉིན་གྱི་དགོང་མོ་ཀྲེ་ཅང་སྲུང་སྐར་བརྙན་འཕྲིན་གྱི《ཀྲུང་གོའི་གླུ་སྒྲ་གསར་པའི》མཐའ་མའི་འགྲན་བསྡུར་དེ་པེ་ཅིང་བྱིའུ་ཚང་དུ་སྤེལ་བ་དང་གཞིས་རྩེ་ནས་ཡིན་པའི་བཀྲ་ཤིས་ཕུན་ཚོགས་ལ་ཨང་དང་པོ་ཐོབ་པ་རེད།

    བོད་ཁོ་ནར་གཏོགས་པའི་མཚན་མོ་དེར་སྐད་འཕྲིན་གྲོགས་ཚོགས་ཁྲོད་བྱིའུ་ཚང་དུ་བཀྲ་ཤིས་ཕུན་ཚོགས་མཐའ་བསྡུར་ལ་ཞུགས་པའི་ཆ་འཕྲིན་གྱིས་ཁེངས་པ་དང་།མི་ཚང་མས་འཚང་ཁ་ཤིག་ཤིག་ངང་ཕ་ཡུལ་གྱི་བདམས་ཐོན་པ་ཁོང་ལ་འདེམས་ཤོག་འཕེན་གྱི་ཡོད།འགྲན་རྩོད་དྲག་པོའི་ནང་བཀྲ་ཤིས་ཕུན་ཚོགས་ཀྱིས་ཚང་མའི་རེ་བ་ཆུད་ཟོས་སུ་མ་བཏང་བར་པེ་ཅིང་བྱིའུ་ཚང་དུ་གཟི་བརྗིད་ལྡན་པའི་ངང་ཨང་དང་པོ་བླངས།

    གྲུབ་འབྲས་དེ་ཐོབ་པར་མ་གཞི་ཧང་སངས་དགོས་དོན་མེད།གང་ལགས་ཤེ་ན་བྱིའུ་ཚང་དུ་འགྲན་བསྡུར་བྱེད་མཁན་ལྔ་པོའི་ཁྲོད་ཁོང་གི་གཞས་ཀྱི་འགྱུར་ཁུག་གི་ཉམས་སྣ་ཁ་མང་བ་དང་སྙན་འཇེབས་ལྡན་ཤོས་ཡིན་པས་སོ།བཀྲ་ཤིས་ཕུན་ཚོགས་ལ་དངོས་འབྲེལ་ཨང་དང་པོ་བླངས་པའི་ནུས་པ་ལྡན་ནམ། “གླུ་སྒྲ་གསར་པའི”རོལ་དབྱངས་ཀྱི་སྤྱི་ཁྱབ་ལྟ་ཞིབ་པ་ལིའུ་ཀྲོའོ་ཡིས་རང་ཉིད་ངོ་མས་བདམས་ཐོན་པ་བདམས་རྗེས་དཔོད་ཆུང་ནང“བཀྲ་ཤིས་ཕུན་ཚོགས་ནི་ངས་དགའ་ཤོས་བྱེད་པའི་སློབ་མ་ཞིག་དང་ཁོང་གི་ལུས་ལ་ཁྱད་ཆོས་མང་པོ་ལྡན་འདུག”ཅེས་འཁོད་ཡོད།

     ཤེས་རྟོགས་བྱུང་བར་གཞིགས་ན།དུས་ཚིགས་གཉིས་པའི《ཀྲུང་གོའི་གླུ་སྒྲ་གསར་པའི》བོད་ཀྱི་འགྲན་ཁུལ་ཀྱི་ཐོག་མའི་འགྲན་བསྡུར་ཟླ་5ཚེས་7ཉིན་ལྷ་སར་སྤེལ་བ་དང་ལྗོངས་ཡོངས་ཀྱི་རོལ་དབྱངས་ལ་དགའ་མཁན་200ལྷག་ཙམ་ཞུགས་ཡོད།ཉིན་ཁ་ཤས་ཀྱི་འགྲན་རྩོད་དྲག་པོ་བརྒྱུད་མཐར་བདམས་ཐོན་པ་ལེགས་གྲས་བཅུ་བདམས་པ་དང་བོད་ཀྱི་འགྲན་ཁུལ་ནས་ཨང་དང་པོ་ལེན་མཁན་ནི་བཀྲ་ཤིས་ཕུན་ཚོགས་རེད།

 

རྩོམ་སྒྲིག་པ། (པདྨ།)