དབུ་ཤོག >> སྐབས་དོན་གསར་འགྱུར། >> ས་གནས་གསར་འགྱུར།
ཧྲང་ཧའེ་ཡིས་བདེ་ཆེན་ཁ་གཏད་རོགས་སྐྱོར་བྱས་པར་གཡུར་ཟའི་གྲུབ་འབྲས་ཐོབ་པ།
རྩོམ་པ་པོ། མི་གསལ། དུས་ཚོད། 2017-10-12 རྩོམ་ཁུངས། སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ། ཀློག་གྲངས། 116

    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན།ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན།ཁ་གཏད་བོད་སྐྱོར་གྱི་གྲུབ་ཆ་ཞིག་ཡིན་པའི་ཆ་ནས།ཧྲང་ཧའེ་གྲོང་ཁྱེར་གྱིས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བྱེད་ཕྱོགས་སྲིད་ཇུས་དང་ཐབས་ཇུས་བཀོད་སྒྲིག་ཁག་མུ་མཐུད་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ།བདེ་ཆེན་ཁུལ་གྱི་དབུལ་པོའི་མང་ཚོགས་ཀྱི་དབུལ་སྒྲོལ་ཕྱུག་འགྱུར་གྱི་གོམ་སྟབས་མགྱོགས་སུ་གཏོང་བར་རོགས་རམ་ཆེན་པོ་གནང་བ་དང་།ཁ་གཏད་རོགས་སྐྱོར་དང་དཔལ་འབྱོར་མཉམ་ལས་བྱེད་ཤུགས་ཟམ་མི་ཆད་པར་ཆེ་རུ་བཏང་ཆེ་རུ་གཏོང་བ།ས་གནས་དེ་གའི་སྲིད་གཞུང་ལ་གཞོགས་འདེགས་བྱས་ཏེ་གོ་རིམ་ལྡན་པའི་ངང་གཅིག་སྡུད་ཡུག་འབྲེལ་གྱི་དབུལ་སྐྱོར་གསར་སྤེལ་ལ་སྐུལ་འདེད་གཏོང་བ།དེ་བཞིན་རོགས་སྐྱོར་མ་དངུལ་གྱི་གཞི་ཁྱོན་དང་།རོགས་སྐྱོར་རྣམ་གྲངས་ཀྱི་གྲངས་འབོར་རྒྱུན་ཆད་མེད་པར་མང་དུ་གཏོང་བ་དང་ཐོན་ལས་སྔར་བས་ཆེ་རུ་དང་དབུལ་སྒྲོལ་འགག་སྒྲོལ་ལས་དོན་ཁྲོད་འདེགས་སྐྱོར་གྱི་ནུས་པ་གལ་ཆེན་འདོན་སྤེལ་དང་།བདེ་ཆེན་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་ནུས་ལྡན་བཏང་བ་རེད།

    2013ལོ་ནས་ད་བར་ཧྲང་ཧའེ་གྲོང་ཁྱེར་དང་བདེ་ཆེན་ལ་ཁ་གཏད་རོགས་སྐྱོར་ལས་འགན་ཁུར་བའི་ཅ་ཏིང་ཆུས་དང་།མིན་ཤིང་ཆུས།པའོ་ཧྲན་ཆུས་བཅས་ཀྱིས་རིམ་རྩིས་བྱས་ན་རྣམ་གྲངས་རོགས་སྐྱོར་ཁག་235བྱས་པ་དང་།མ་དངུལ་རོགས་སྐྱོར་ཁྲི་44897སྒོར་བྱས་ཤིང་།དེའི་ནང་ལས།ཧྲང་ཧའེ་གྲོང་ཁྱེར་གྱི་རོགས་སྐྱོར་འཆར་གཞིའི་ནང་གི་རྣམ་གྲངས་133ཡོད་པ་དང་།རོགས་སྐྱོར་རྣམ་གྲངས་ཀྱི་མ་དངུལ་སྒོར་ཁྲི་29738བཏང་ཡོད་ལ།ཧྲང་ཧའེ་གྲོང་ཁྱེར་གྱི་རོགས་སྐྱོར་འཆར་གཞིར་མ་ཚུད་པའི་རྣམ་གྲངས་ཁག་102ཡོད་པ་དང་།རོགས་སྐྱོར་རྣམ་གྲངས་ཀྱི་མ་དངུལ་སྒོར་ཁྲི་15159བཏང་ཡོད་(2015ལོ་ནས་2016ལོའི་བར་དུ་ཧྲང་ཧའེ་ཡིས་ཞལ་འདེབས་གནང་བའི་སེམས་ཀྱི་ཉི་ཟླའི་རྡོ་མཁར་རྫོང་དུ་མེ་སྐྱོན་ཐོན་རྗེས་ཀྱི་སླར་གསོ་བསྐྱར་སྐྲུན་མ་དངུལ་སྒོར་ཁྲི་8000དང་།ཧྲང་ཧའེ་གྲོང་ཁྱེར་གྱི་ཏང་སྲིད་འཐུས་མི་ཚོགས་པས་ཞལ་འདེབས་མ་དངུལ་སྒོར་ཁྲི་2000ཚུད་ཡོད)པ་རེད།དེས་ཁུལ་དེའི་དབུལ་སྒྲོལ་འགག་སྒྲོལ་ལས་དོན་ལ་སྒུལ་ཤུགས་ཆེན་པོ་བསྣན་ཡོད་པ་རེད།

 

རྩོམ་སྒྲིག་པ། (པདྨ།)