དབུ་ཤོག >> བོད་ཀྱི་རིག་གནས། >> རྩོམ་རིག >> དེང་རབས་རྩོམ་རིག
ང་དང་ཀློག་པ་པོའི་དུས་དེབ།
རྩོམ་པ་པོ། ཚེ་རིང་དོན་འགྲུབ། དུས་ཚོད། 2017-10-16 རྩོམ་ཁུངས། སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ། ཀློག་གྲངས། 165

  ལོ་འགའི་སྔོན་དུ་ང་རང་ཀན་སུའུ་ལན་གྲུའི་ཀློག་པ་པོ་དུས་དེབ་ཁང་ལ་སློབ་སྦྱོང་དུ་འགྲོ་བའི་གོ་སྐབས་ཤིག་ཐོབ་པ་དང་། བྱ་བའི་སྐོར་ནས་ཕན་ཚུན་ལ་རྒྱུས་ལོན་བྱེད་སྐབས་ལས་ཁུངས་དེའི་འགོ་ཁྲིད་ཅིག་ངོ་ཤེས་བྱུང་། ཁོང་གིས་ཀློག་པ་པོ་དུས་དེབ་ཀྱི་འདས་མ་ད་གསུམ་གྱི་ལོ་རྒྱུས་རྣམས་ཞིབ་པར་འཆད་ཅིང་། དེང་སང་ཀློག་པ་པོའི་དུས་དེབ་ནི་རྒྱལ་ནང་དུ་དཔར་ཐེངས་ཆེས་མང་ཞིང་བལྟ་མཁན་ཆེས་མང་བའི་དུས་དེབ་གྲགས་ཅན་ཞིག་ཏུ་གྱུར་ཡོད་པ་ངོ་སྤྲོད་བྱས། ངས་སྔོན་མར་ལན་གྲུ་ནས་སློབ་ཆེན་བཏོན་པ་དང་།  སྐབས་དེ་དུས་ནས་ལས་ཁུངས་འདིའི་དུས་དེབ་ཀློག་པ་པོ་འདི་ལ་མཚམས་རེར་བལྟ་རྒྱུའི་གོམས་གཤིས་ཆགས་ཡོད།    

  ཕྱིར་ལས་ཁུངས་སུ་འབྱོར་རྗེས་ངས་སྐབས་ཐོག་ཏུ་ཀློག་པ་པོའི་དུས་དེབ་མངག་ཉོ་བྱས་ཤིང་།  ད་ལྟའི་བར་ཕལ་ཆེར་ལོ་ངོ་གཉིས་ཀྱི་དུས་ཚོད་སྤྱད་ནས་ཅི་ནུས་ཀྱིས་དུས་དེབ་འདིའི་ནང་དོན་བཀླགས་ནས་རང་ཉིད་ལ་ཡར་བསྐྱེད་རེ་འབྱུང་མིན་ཐད་བརྩོན་པ་བྱས་པ་ཡིན།  

ཀློག་པ་པོའི་དུས་དེབ་འདིའི་ནང་དུ་རྒྱལ་ནང་གི་ཆེས་ལེགས་པའི་རྩོམ་ཡིག་རྣམས་གདམས་བཀོད་བྱས་ཡོད་པ་མ་ཟད།  ཕྱི་རྒྱལ་གྱི་རྩོམ་པ་པོ་གྲགས་ཅན་གྱི་རྩོམ་ཡིག་ཀྱང་ཡིག་བསྒྱུར་བྱས་ནས་བཀོད་ཡོད།  རྩོམ་གྱི་ནང་དོན་ཐད་ལོ་རྒྱུས་དང་། འཚོ་བའི་ཉམས་མྱོང་། མི་སྣའི་གཏམ་རྒྱུད།  ཁྱིམ་ཚང་གི་སློབ་གསོ།  བརྡ་འཕྲིན་དུས་རབས་ཀྱི་ཁ་ཕྱོགས། ཁེ་ལས་དང་ཚོང་ལས་ཀྱི་སྐོར། བརྩེ་དུང་། སྤྱི་ཚོགས་ཀྱི་སྣང་ཚུལ། མི་ཚེའི་ཤེས་བྱ། གཉེན་སྒྲིག སེམས་ཁམས། ལུས་རྩལ། མི་དང་རང་བྱུང་ཁམས། སྒྲ་བརྙན་དང་པར་རིས།  ཟུར་ཟའི་རི་མོ་དང་དཔྱད་བརྗོད།  ཀུན་གླེང་སོགས་ཀྱི་བརྗོད་བྱ་བཀོད་ཡོད་པས། རིག་གནས་ཀྱི་ཕྱོགས་མི་འདྲ་བའི་ངོས་ནས་སྤྱི་ཚོགས་དང་ཁོར་ཡུག་ལ་རྒྱུས་ལོན་ངེས་ཅན་ཞིག་བྱས་ཆོག་པ་རེད།

སློབ་གསོ་མྱངས་མཁན་ཞིག་ཡིན་ན་དཔེ་ཀློག་བྱེད་པ་ནི་ཆེས་མེད་མི་རུང་བའི་འགན་འཁྲི་ཞིག་རེད། དཔེ་ཀློག་བྱེད་པའི་གོ་རིམ་ཁྲོད་ནས་རང་ཉིད་ཀྱི་བསམ་གཞིགས་ནུས་པ་ཇེ་མཐོར་བཏང་ན། ལེགས་ཉེས་བླང་དོར་གྱི་གནས་ལ་མི་རྨོངས་པར་ཕན་ནོ། །  

རྩོམ་སྒྲིག་པ། (ཚེ་རིང་དོན་འགྲུབ།)