དབུ་ཤོག >> བོད་ཀྱི་རིག་གནས། >> གསོ་རིག >> བདེ་ཐང་མཛུབ་སྟོན།
ཞོ་འཐུང་དུས་ཡིད་གཟབ་བྱེད་དགོས་པ་འགའ།
རྩོམ་པ་པོ། མི་གསལ། དུས་ཚོད། 2017-10-23 རྩོམ་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། ཀློག་གྲངས། 220

    དང་པོ། ཞོ་དང་འོ་མ་གཉིས་གཅིག་ཡིན་བསམ་པ།འཚོ་བཅུད་རིན་ཐང་གི་ངོས་ནས་བལྟས་ན།ཞོ་ནི་འོ་མ་ལས་ལྷག་པར་འཇུ་བདེ་བའམ་འཚོ་བཅུད་སྡུད་ལེན་བྱེད་སླ་བ་ཡོད།

    གཉིས་པ།ཞོའི་འཐུང་བྱ་དང་ཞོ་གཉིས་གཅིག་ཡིན་བསམ་པ།ཞོ་ནི་འོ་མ་སྤུས་བཟང་ལ་འོ་སྐྱུར་རུ་མ་བརྒྱབ་ནས་བསྙལ་ཏེ་གྲུབ་པ་ཡིན་ལ།ཞོའི་འཐུང་བྱ་ནི་འཐུང་བྱའི་རིགས་ཤིག་ལས་མ་འདས་སོ།ཞོའི་འཐུང་བྱའི་འཚོ་བཅུད་ནི་འོ་མའི1/3ཡས་མས་ཡིན་ནོ།

    གསུམ་པ།ཁོག་སྟོང་དུ་ཞོ་བཏུང་ན་བཟང་བསམ་པ།ཁོག་སྟོང་དུ་ཞོ་བཏུང་ན་ལུས་པོའི་བདེ་ཐང་ལ་གནོད་པ་མེད།ཡིན་ནའང་ཞོ་ལ་ཐོག་མ་ཡོད་པའི་བདེ་སྲུང་ནུས་པ་ཆུང་དུ་གཏོང་བར་བྱེད།ཟ་མའི་རྗེས་སུ་ཞོ་བཏུང་པ་ཡིན་ན་ཕན་ཡོད་འབུ་ཕྲའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས་རྒྱུ་མ་དང་ཕོ་བའི་འགུལ་སྐྱོད་ལ་རོགས་རམ་བྱེད་པ་དང་གནོད་སྲིན་བཀག་སྟེ་རྒྱུ་མ་དང་ཕོ་བ་སྔར་བས་བདེ་བར་བྱེད།

    བཞི་པ།ཞོ་ནི་ཟས་རིགས་གང་རུང་དང་མཉམ་དུ་འཐུང་ཆོག་སྙམ་པ།ཞོ་དང་སྣུམ་མང་བའི་ལས་སྣོན་ཤ་རིགས་དང་མཉམ་དུ་འཐུང་མི་རུང་།རྒྱུ་མཚན་ནི་ལས་སྣོན་ཤ་རིགས་ནང་དུ་ཟེ་ཚྭའི་སྐྱུར་བསྲེས་ཡོད་ལ།ཞོའི་ནང་གི་ཨན་དང་འཕྲད་ན་ཟེ་ཚྭ་ཨན་དུ་འགྱུར་ཞིང་ཟེ་ཚྭ་ཨན་ནི་འབྲས་སྐྲན་སློངབྱེད་དངོས་པོ་ཡིན་ནོ༎

 

 

རྩོམ་སྒྲིག་པ། (སྒྲོལ་མ་གཡང་མཚོ།)