དབུ་ཤོག >> མི་རིགས་ཆོས་ལུགས། >> དགོན་སྡེ་ངོ་སྤྲོད།
གླང་ཆེན་འགྱིང་རི།
རྩོམ་པ་པོ། མི་གསལ། དུས་ཚོད། 2017-10-25 རྩོམ་ཁུངས། སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ། ཀློག་གྲངས། 218

     འཛམ་གླིང་གི་ནང་བསྟན་གནས་རི་གྲགས་ཅན་ལས། རྒྱ་ནག་གི་ཡུལ་གྱི་ནང་བསྟན་གནས་རི་གྲགས་ཅན་བཞིའི་ཡ་གྱལ་གླང་ཆེན་འགྱིང་རིའམ་རི་བོ་འོད་ཟེར་ཅན་ཡང་ཟེར། གནས་འདིར་སྔོན་ཆད་དུས་རབས་དགུ་པ་ཡས་མས་སུ་ཏའོ་ཅའོ་ཆོས་ལུགས་པ་མང་དུ་སྡོད་པའི་གནས་ཤིག་ཡིན། དེ་རྗེས་རྒྱ་ནག་གི་སུང་རྒྱལ་རབས་ཀྱི་སྐབས་སུ་ནང་བའི་དགོན་པ་བཞེངས་པར་མ་ཟད་ཀུན་ཏུ་བཟང་པོའི་སྐུ་བརྙན་བཞེངས་ཏེ་ནང་བསྟན་གནས་ཆེན་ཞིག་ཏུ་བསྒྱུར། དེ་ནས་བཟུང་ཀུན་ཏུ་བཟང་པོའི་གནས་རི་ཉིད་དུ་གྲགས་པ་ཡིན།

   རི་འདིའི་མཐོ་ཚད་ལ་མཚོ་ངོས་ནས་སྨི3099ཡོད་པ་དང་། སངས་རྒྱས་སྟོང་གི་རི་བོའང་ཟེར། རྒྱ་ནག་གི་ཝེ་རྒྱལ་ཁབ་དང་ཅིན་རྒྱལ་ཁབ་སོགས་ཀྱི་སྐབས་སུ་གནས་འདིར་དགོན་པ་མང་དུ་བཏབ་ཅིང་རྟེན་མང་དུ་བཞེངས། གནས་འདིར་དགོན་པ26ཙམ་ཡོད་ལ། 1996ལོར་འཛམ་གླིང་གནའ་ཤུལ་གྲགས་ཅན་སྲུང་སྐྱོབ་བྱེད་པའི་གྲས་སུ་བཞག་ཡོད་པ་རེད།      

  ད་སྐབས་གནས་འདིར་དགོན་པ30ལྷག་ཡོད་ཅིང་། རྟེན་གྱི་གཙོ་བོ་འཕགས་པ་ཀུན་ཏུ་བཟང་པོའི་སྐུ་བརྙན་གླང་ཆེན་མཆེ་བ་དྲུག་ལྡན་ལ་བཅིབས་ཤིང་ལྗིད་ཚད་ལ་ཏུན62ལོངས་པ་ཞིག་བཞེངས་ཡོད། གཞན་ཡང་རྟེན་བྱིན་ཅན་མང་དུ་བཞེངས་ཡོད།      གླང་ཆེན་འགྱིང་རི་ནི་ཟི་ཁྲོན་ཞིང་ཆེན་དུ་གནས་ཡོད།


རྩོམ་སྒྲིག་པ། (ཚེ་རིང་དོན་འགྲུབ།)