དབུ་ཤོག >> སྐབས་དོན་གསར་འགྱུར། >> ས་གནས་གསར་འགྱུར།
ཀྲུང་དབྱང་གི་དབུ་ཁྲིད་རྣམ་པས་ཏང་ཞུགས་མནའ་ཚིག་བསྐྱར་འདོན་གནང་བ།
རྩོམ་པ་པོ། མི་དམངས་དྲ་བ། དུས་ཚོད། 2017-11-02 རྩོམ་ཁུངས། སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ། ཀློག་གྲངས། 58

ཞི་ཅིན་ཕིང་གཙོས་པའི་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་རྣམ་པས་ཏང་འཛུགས་ལོ་རྒྱུས་ལ་ཕྱིར་དྲན་དང་ཏང་ཞུགས་མནའ་ཚིག་བསྐྱར་འདོན་གནང་།  

 

          ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པ་གྲོལ་ནས་གཟའ་འཁོར་གཅིག་ལས་མ་ཕྱིན་པའི་ཟླ10པའི་ཚེས31ཉིན་ལ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་ལི་ཁེ་ཆང་། ལི་ཀྲན་ཧྲུའུ།  ཝང་དབྱང་། ཝང་ཧུའུ་ཉིང་། ཀྲའོ་ལེ་ཅི། ཧན་ཀྲེང་བཅས་ཁྲིད་དེ་པེ་ཅིང་ནས་ཧྲང་ཧའེ་དང་ཀྲེ་ཅང་ཅ་ཞིན་དུ་ཕེབས་ནས། ཧྲང་ཧའེ་གྲོང་ཁྱེར་གྱི་ཀྲུང་གོ་གུང་ཁྲན་ཏང་གི་ཚོགས་ཆེན་ཐེངས་དང་པོ་ཚོགས་ས་དང་ཀྲེ་ཅང་ཅ་ཞིན་གྱི་ནན་ཧུའུ་མཚེའུ་ཡི་གསར་བརྗེ་བྱ་འགུལ་སྤེལ་སའི་གསར་བརྗེའི་རྗེས་དྲན་གྲུ་གཟིངས་ལ་མཇལ་བ་མ་ཟད། ཏང་འཛུགས་ལོ་རྒྱུས་ལ་ཕྱིར་དྲན་དང་ཏང་ཞུགས་མནའ་ཚིག་བསྐྱར་འདོན་གནང་པ་དང་། སྐབས་གསར་པའི་ཏང་ཀྲུང་དབྱང་འགོ་ཁྲིད་ཐུན་མོང་གི་ཆབ་སྲིད་ཡིད་ཆེས་བརྟན་པོ་མངོན་པར་བརྗོད། ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་སྟེ། ཐོག་མའི་སེམས་འདུན་མི་བརྗེད་པ་དང་འགན་འཁྲི་ཡིད་ལ་དམ་པོར་བཅངས་ཤིང་ནམ་ཡང་འབད་འཐབ་བྱས་ན་ད་གཟོད་ཀྲུང་གོ་གུང་ཁྲན་ཏང་ནམ་ཡང་འཕེལ་རྒྱས་སུ་འགྲོ་ཐུབ། ཏང་ཡོངས་དང་རྒྱལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ཀྱིས་མཐུན་སྒྲིལ་གཅིག་གྱུར་དང་དཀའ་སྤྱད་འབད་བརྩོན་བྱས་ན་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་ཅིས་ཀྱང་མངོན་འགྱུར་བྱ་ཐུབ་ཅེས་ནན་གྱིས་བསྟན་པ་རེད།

 

རྩོམ་སྒྲིག་པ། (ཚེ་རིང་དོན་འགྲུབ།)