དབུ་ཤོག >> མི་རིགས་ཆོས་ལུགས། >> ཡུལ་སྲོལ་གོམས་གཤིས།
སེམས་ཀྱི་ཉི་ཟླའི་རིག་རྩལ་གཟའ་འཁོར་གྱི་མཇུག་སྒྲིལ་མཛད་སྒོ་ལ་ལྟད་མོ་ཆེ་བ།
རྩོམ་པ་པོ། མི་གསལ། དུས་ཚོད། 2017-11-13 རྩོམ་ཁུངས། སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ། ཀློག་གྲངས། 53

   སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཟླ་11པའི་ཚེས་11ཉིན།2017ལོའི་བདེ་ཆེན་སེམས་ཀྱི་ཉི་ཟླའི་མི་རིགས་མཐུན་སྒྲིལ་རིག་གནས་སྒྱུ་རྩལ་གཟའ་འཁོར་གྱི་མཇུག་སྒྲིལ་མཛད་སྒོ་སེམས་ཀྱི་ཉི་ཟླའི་ཟློས་གར་ཁང་ཆེན་དུ་སྤེལ་བ་རེད།


   མཇུག་སྒྲིལ་མཛད་སྒོའི་ཐོག སེམས་ཀྱི་ཉི་ཟླ་གྲོང་ཁྱེར་དང་འཇོལ་རྫོང་།འབའ་ལུང་རྫོང་།ཁུལ་ཐད་གཏོགས་ལས་ཁུངས།གསར་སྤེལ་ཆུས་བཅས་ཀྱི་འཐུས་ཚབ་རུ་ཁག་གིས་ཞབས་བྲོ་དང་མགྲིན་དབྱངས།རོལ་ཆའི་སྒྲ་དབྱངས་སོགས་ངོ་ཚ་ཆེ་བའི་ལེ་ཚན་འཁྲབ་སྟོན་བྱས་ནས།ལྟད་མོ་བ་རྣམས་ཀྱིས་དགའ་བསུ་ཐོབ་པ་རེད།

   རིག་གནས་སྒྱུ་རྩལ་གཟའ་འཁོར་གྱི་སྐབས་སུ།སེམས་ཀྱི་ཉི་ཟླ་གྲོང་ཁྱེར་དང་འཇོལ་རྫོང་།འབའ་ལུང་རྫོང་།ཁུལ་ཐད་གཏོགས་ལས་ཁུངས།གསར་སྤེལ་ཆུས་བཅས་ཀྱི་འཐུས་ཚབ་རུ་ཁག་གིས་འགྲེམས་འཁྲབ་དཔྱད་བསྡུར་དང་སྐོར་སྐྱོད་འཁྲབ་སྟོན་ཐེངས་12བྱས་ཡོད།

སེམས་ཀྱི་ཉི་ཟླ་གྲོང་ཁྱེར་མི་རིགས་སློབ་ཆུང་བོད་སྒྲ་བྱིས་པའི་གླུ་གཞས་མཉམ་ལེན་ཚོགས་པའི་ཆེད་འཁྲབ་དང་2017ལོའི་སེམས་ཀྱི་ཉི་ཟླ་བྱིས་པའི་གླུ་གཞས་མཉམ་ལེན་ཚོགས་པའི་འགྲན་ཚོགས་དུས་ཐོག་ཏུ་སྤེལ་བ།དུས་མཉམ་དུ་སྲོལ་རྒྱུན་གྱི་ལུས་རྩལ་མཛའ་བཤེས་འགྲན་བསྡུར་སྤེལ་བ་རེད།

     བར་སྐབས་སུ།འགྲན་ཞུགས་རུ་ཁག་སོ་སོས་སྤྲོ་སེམས་རབ་ཏུ་འཁོལ་བའི་ཕ་ཡུལ་བསྟོད་པ་དང་མེས་རྒྱལ་བསྟོད་པ།བདེ་སྐྱིད་འཚོ་བ་བསྟོད་པའི་གླུ་དབྱངས་ལེན་ནས།གང་ལེགས་ཀྱིས་ཁུལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱིས་ཏང་གི་འགོ་ཁྲིད་འོག་མཉམ་དུ་མཐུན་སྒྲིལ་འབད་བརྩོན་བྱེད་པའི་བསམ་པའི་ཉམས་འགྱུར་བཟང་པོ་དང་བདེ་ཆེན་ཁུལ་གྱི་གཞི་རིམ་དུ་དར་སྤེལ་བྱུང་བའི་རིག་གནས་ལས་དོན་བསྟན་པ་རེད།


རྩོམ་སྒྲིག་པ། (སྒྲོལ་མ་གཡང་མཚོ།)