དབུ་ཤོག >> བོད་ཀྱི་རིག་གནས། >> ལོ་རྒྱུས། >> བོད་ཀྱི་ལོ་རྒྱུས།
སྨར་ཁམས་ཀྱི་ཅ་ཅ་ཐུག་པའམ་སྣོན་ཐུག
རྩོམ་པ་པོ། མི་གསལ། དུས་ཚོད། 2017-11-13 རྩོམ་ཁུངས། ཁམས་པའི་གསར་འགྱུར་དྲ་བ། ཀློག་གྲངས། 194

བོད་རབ་བྱུང་བཞི་བའི་ལྕགས་སྤྲེལ་སྟེ་སྤྱི་ལོ1260ལོར་ཧོར་རྒྱལ་པོ་སེ་ཆེན་ཧན་གྱིས་འགྲོ་མགོན་ཆོས་རྒྱལ་འཕགས་པ་གདན་དྲངས་ཏེ་ཧོར་གྱི་བླ་མཆོད་མཛད།ལོ་དེར་ས་པཎ་གྱི་སྐུ་གདུང་ངོ་མཚར་ཅན་བྱོན་པས་རྒྱལ་པོ་སེ་ཆེན་ཧན་སོགས་དད་ནས་དབང་ཞུས་པས་ཐོག་མར་རྒྱལ་པོ་གཙོས་མི་ཉི་ཤུ་རྩ་ལྔ་ལ་གསང་སྔགས་ཀྱི་དབང་གནང་།དབང་ཡོན་དུ་བོད་ཁྲི་སྐོར་བཅུ་གསུམ་ཕུལ།དུས་དེ་ནས་བཟུང་བོད་འདི་ཉིད་ཀྲུང་གོའི་མངའ་ཁོངས་སུ་ཚུད།ཡིན་ནའང་སྐབས་དེར་བོད་དུ་གནས་པའི་འགལ་ཟླ་སྣ་ཚོགས་སེལ་ཆེད་འགྲོ་མགོན་ཆོས་རྒྱལ་འཕགས་པ་ཕྱིར་བོད་དུ་ལོག་ཁར་ལམ་བར་དུ་རྟ་བབ་མང་པོ་བཙུགས་ཡོད།

   མདོ་དབུས་ཁམས་གསུམ་གྱི་གྲྭ་བཙུན་མང་ཚོགས་ཀྱིས་འགྲོ་མགོན་འཕགས་པ་བོད་དུ་ལོག་པར་དགའ་བསུ་ཚད་མེད་བྱས་པ་དང་།འགྲོ་མགོན་འཕགས་པས་སྨར་ཁམས་དང་ཚྭ་ལྷོའི་བར་ལོ་མང་རིང་བྱུང་བའི་འགལ་ཟླའི་རྩོད་གཞི་སེལ་བར་བཀའ་དྲིན་མཚོན་ཆེད་བླ་མར་ཚྭ་ལྷོའི་ཐུག་པ་ཕུལ།བླ་མར་བསྙེན་བཀུར་ཞུ་ཆེད་ཞབས་ཞུ་བས་ཕོར་བ་ཆུང་ངུ་ཞིག་ཕུལ་བས་བླ་མས་ཁམ་གང་བཞེས་རྗེས་ཞིམ་མངར་བྲོ་བ་ལྡན་པས་དེ་མ་ཐག་ཏུ་ཕོར་བ་ཁ་ཤས་བཞེས་པ་དང་བསྟོད་བསྔགས་གང་མང་བྱས།དུས་དེ་ནས་བཟུང་ཅ་ཅ་ཐུག་པ་དེ་མི་རབས་ནས་མི་རབས་བར་དར་ཁྱབ་བྱུང་སྟེ་རྒྱུད་འཛིན་ཐུབ་ཡོད།

ཅ་ཅ་ཐུག་པའི་ཐུན་མོང་མ་ཡིན་པའི་ཟ་སྟངས་ནི་མགྲོན་པོས་ཟ་བཞིན་དུ་ཞབས་ཞུ་བས་གྲོད་པ་མ་རྒྱགས་བར་ཐུག་པ་བླུག་གི་ཡོད།འོན་ཀྱང་ཕོར་པ་རེའི་ནང་ཐུག་པ་ཧ་ཅང་ཉུང་ཉུང་ཡིན་ཞིང་།ཟ་བཞིན་དུ་མགྲོན་པོས་ད་དུང་རྡོ་ཧྲུག་ཁྱེར་ནས་ཕོར་གྲངས་བརྩི་བ་དང་།ཤོད་སྲོལ་ལ་མི་ཞིག་གིས་མང་ཤོས་ལ་ཕོར་པ147བཟས་པ་དེ་ནི་མིག་སྔའི་ཟིན་ཐོ་མཐོ་ཤོས་དེ་རེད།

སི་ཁྲོན་གྱི་ཐུག་པ་དང་།ཡུན་ནན་གྱི་བོད་ཕག་གི་ཤས་གནས་དེ་གའི་སྡེབ་སྦྱོར་རྒྱུ་ཆ་བཅས་ཀྱིས་བཟོས་པའི་ཅ་ཅ་ཐུག་པ་ནི་ཡུལ་སྐོར་བ་ཚྭ་ཁ་ལྷོར་སྐྱོད་སྐབས་ངེས་པར་དུ་ཟ་དགོས་པའི་ཟས་རིགས་ཤིག་ཏུ་གྱུར།

༼ཁམས་པའི་འཛུམ་རིས2017ལོའི་དེབ3པ་ལས་དྲངས།བདེ་ཆེན་གྱིས་བསྒྲིགས།༽


རྩོམ་སྒྲིག་པ། (སྒྲོལ་མ་གཡང་མཚོ།)