དབུ་ཤོག >> དཔལ་འབྱོར་འཚོ་བ། >> ཁྱིམ་ཇུས་ནོར་གཉེར།
ཡང་ཐང་ཡུལ་མིས་དགའ་སྤྲོ་འཁོལ་བའི་ངང་ལི་གྲོ་བརྔ་བསྡུ་བྱེད་པ།
རྩོམ་པ་པོ། མི་གསལ། དུས་ཚོད། 2017-11-14 རྩོམ་ཁུངས། སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ། ཀློག་གྲངས། 63

སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ད་ལོར་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱིས་ལི་གྲོ་མུའུ་1800འདེབས་འཛུགས་བྱས་ཡོད་ལ།མུའུ་རེར་སྤྱི་རྒྱ་150200ཐོན་པ།མུའུ་རེའི་ཐོན་ཚད་རིན་ཐང་སྒོར་2500ཙམ་ཟིན་སྟེ།ཞིང་དུད་ལ་དབུལ་སྐྱོར་གྱི་ཐབས་ལམ་གསར་པ་ཞིག་གསར་གཏོད་བྱས་པ་རེད།



     ལི་གྲོ་བརྔ་བསྡུ་བྱེད་པའི་དུས་ཚིགས་སུ་སླེབས་ནས།ཡང་ཐང་གྲོང་རྡལ་མཉམ་འབྲེལ་ཡུལ་མི་ཚོ་ཆུང་གི་ཡུལ་མི་རྣམས་ཀྱིས་བརྔ་སྡུར་འཕྲུལ་ཆས་སྤྱད་ནས་ལི་གྲོ་བརྔ་བསྡུ་བྱས་ནས།སྔར་ལས་མགྱོགས་ཤིང་སྟབས་བདེ་པོ་ཐོབ་པ་རེད།


ཤེས་གསལ་བྱུང་དོན།སེམས་ཀྱི་ཉི་ཟླ་བོད་འབྲུག་ཚོགས་ཁག་གིས་ལི་གྲོ་འདེབས་འཛུགས་བྱེད་པའི་ཞིང་དུད་དང་ཉོ་སྒྲུབ་གན་རྒྱ་འཇོག་པ།ད་དུང་གནད་འཕིགས་དབུལ་སྐྱོར་ཞིང་དུད་ལ་ལི་གྲོའི་ས་བོན་དང་འདེབས་འཛུགས་ལག་རྩལ་མཁོ་སྤྲོད་བྱས་པ།ལི་གྲོ་སྨིན་རྗེས་བརྔ་བསྡུའི་འགན་འཁུར་བ་དང་ཉོ་སྒྲུབ་བྱེད་པ་རེད།དུད་རེས་ལོ་རེར་ལི་གྲོ་མུའུ་3འདེབས་འཛུགས་བྱེད་པ་ལྟར།ཞིང་དུད་ཀྱི་ལོ་རེའི་ཡོང་འབབ་སྒོར་7000ཟིན་ཐུབ་པ་རེད།


     ལི་གྲོ་ནི་འཚོ་བཅུད་རིང་ཐང་མཐོ་པོ་ཡོད་པས།1980ལོར་ཨ་རིའི་འཇིག་རྟེན་འཕུར་སྐྱོད་ཅུས་ཀྱིས་འཇིག་རྟེན་འཕུར་སྐྱོད་པའི་མཁའ་དབྱིངས་ཟས་རིགས་སུ་སྤྱོད་ཡོད་པ་དང་།མཉམ་འབྲེལ་རྒྱལ་ཚོགས་ཀྱིས་2013ལོར་རྒྱལ་སྤྱིའི་ལི་གྲོ་ལོ་ཡིན་པར་ཁྱབ་བསྒྲགས་བཏང་བ་རེད།


རྩོམ་སྒྲིག་པ། (སྒྲོལ་མ་གཡང་མཚོ།)