དབུ་ཤོག >> སྐབས་དོན་གསར་འགྱུར། >> ས་གནས་གསར་འགྱུར།
རི་མོ་བས་བྲིས་པའི་སེམས་ཀྱི་ཉི་ཟླ།
རྩོམ་པ་པོ། མི་གསལ། དུས་ཚོད། 2017-11-15 རྩོམ་ཁུངས། སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ། ཀློག་གྲངས། 771

   སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཟླ་11པའི་ཚེས་11ཉིན་ནས་ཚེས་13ཉིན་བར།བོད་ཀྱི་རིག་གནས་མཁས་པ་སུན་ཅིན་ཁྲེན་དང་སེམས་ཀྱི་ཉི་ཟླ་ས་གཞི་ཆེན་པོའི་རིག་གནས་སྒྱུ་རྩལ་བརྗེས་རེས་ལྟེ་གནས་ཀྱིས་གཞོགས་འདེབས་སྒྲུབ་འགན་འཁུར་ལེན་བྱས་པ།རང་རྒྱལ་གྱི་སྐད་གྲགས་ཆེ་བའི་སྤྱི་ཚོགས་རིག་པའི་མཁས་པ།སྒྱུ་རྩལ་པ་ཡུས་ཅན་རུང་གིས་འགོ་ཁྲིད་བྱས་པའི་ཀྲུང་གོར་འཁྱམ་པ་དང་ཡུན་ནན་གྱི་གཟུགས་དངོས་འབྲི་བ་ཞེས་པའི་སེམས་ཀྱི་ཉི་ཟླ་འབབ་ཚུགས་ཀྱི་དངོས་གཟུགས་འབྲི་བའི་བྱེད་སྒོ་སྤེལ་བ་རེད།


     བར་སྐབས་སུ།སྒྱུ་རྩལ་པ་རྣམས་ཀྱིས་སྔ་རྗེས་སུ་དགའ་ལྡན་སུམ་རྩེན་གླིང་དང་ཡང་ཐང་།ནགས་ཕག་མཚོའི་རློན་སར་སླེབས་ནས་རྩོམ་ཆོས་བཅུ་ཕྲག་བྲིས་བ་དང་།དེའི་ནང་གི་རྩོམ་ཆོས་10སེམས་ཀྱི་ཉི་ཟླ་མགྲོན་ཁང་ཆེན་པོ་ལ་སྤྲད་པ།རྩོམ་ཆོས་གཞན་པ་ནི་ལོ་གསར་ནང་པེ་ཅིན་ཤར་ཕྱོགས་དཔེ་ཁང་སྒྱུ་རྩལ་ཁང་དུ་འགྲིམ་སྟོན་བྱེད་རྒྱུ་རེད།


     ཤེས་གསལ་བྱུང་དོན།ཀྲུང་གོར་འཁྱམ་པ་ཞེས་པ་ནི་ཡུས་ཅན་རུང་གིས་འགོ་ཁྲིད་པ་དང་ནུས་ལྡན་སྒྱུ་རྩལ་པ་མང་པོ་ཞུགས་པའི་སྒྱུ་རྩལ་ལག་བསྟར་བྱེད་སྒོ་ཞིག་ཡིན།དེའི་དམིགས་ཡུལ་ནི་སྒྱུ་རྩལ་པ་རི་ཆུ་སྟོང་ཕྲག་ཏུ་འགྲོ་བ་དང་རྩོམ་ཆོས་ཁྱིམ་ཚང་ཁྲི་སྟོང་མང་པོར་སྐྱེལ་བ་རེད།དུས་མཚུངས་སུ།ཀྲུང་གོའི་ཞིང་གྲོང་གི་སྒྱུ་རྩལ་སློབ་གསོ་དང་རྒྱུད་འཛིན་ལ་དོ་འཁུར་དང་རོགས་རམ་བྱེད་པ།མིག་སྔར།རིམ་བཞིན་གྱིས་གྲོང་གསེབ་སྒྱུ་རྩལ་ཁང་གི་རྣམ་གྲངས་ལག་བསྟར་བྱས་ཡོད།


ཀྲུང་གོར་འཁྱམ་པ་ཞེས་པའི་སྒྱུ་རྩལ་ལག་བསྟར་བྱེད་སྒོ་ད་ལོའི་ཟླ་3པར་འགོ་ཚུགས་པ་ནས་བཟུང་།སྐད་འཕྲིན་སོགས་ཀྱི་ཐོག་དྲིལ་བསྒྲགས་དང་ཁྱབ་བསྒྲགས་བཏང་ནས།བྱེད་སྒོར་དོ་ཁུར་བྱེད་པའི་མི་ཐེངས་བྱེ་བ་ལྷག་ཡོད་པ་རེད།




རྩོམ་སྒྲིག་པ། (སྒྲོལ་མ་གཡང་མཚོ།)