དབུ་ཤོག >> སྐྱེ་ཁམས་ཡུལ་སྐོར། >> གནས་སྐོར་མཛེས་ལྗོངས།
དགུན་སྟོད་དུས་ཀྱི་སེམས་ཀྱི་ཉི་ཟླའི་མཛེས་ལྗོངས།
རྩོམ་པ་པོ། འདི་ག་ཚགས་པར་ཁང་། དུས་ཚོད། 2017-11-21 རྩོམ་ཁུངས། སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ། ཀློག་གྲངས། 43

  སེམས་ཀྱི་ཉི་ཟླའི་རང་བྱུང་ཡུལ་ལྗོངས་མཛེས་ཤིང་ལྟ་ན་སྡུག་ཅིང་།   མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་བྱེད་པའི་གནས་སྟབས་བཟང་པོ་ཞིག་ཆགས་ཡོད་པས་འདི་ལ་ཀུན་གྱིས་མི་ཡུལ་གྱི་དག་ཞིང་ཞེས་སུ་བསྔགས་ཀྱི་ཡོད།   གནས་འདི་གངས་རིའི་མུ་ཁྱུད་ཀྱིས་བསྐོར་ཞིང་ས་གཤིས་ལེགས་ལ། ཆུ་མོད་ཅིང་རྩི་ཏོག་རྒྱས་པ་དང་། སྤང་ལྗོངས་ཡངས་པ། ཟླ་བདུན་པར་སྒང་གཤོང་ཡོད་ཚད་སྟག་མའི་མེ་ཏོག་དང་སྐལ་བཟང་མེ་ཏོག་སོགས་བགྲང་ལས་འདས་པའི་མེ་ཏོག་སྣ་ཚོགས་རྣམ་པར་བཀྲ་བས་མེ་ཏོག་གིས་གྲུབ་པའི་ས་གདན་ཞིག་དང་མཚུངས། སྔོ་བསང་ནམ་མཁའི་འོག་ན། རྫི་བོ་དག་གིས་རྫི་གླུ་ལེན་བཞིན་ཕྱུགས་ཟོག་འཚོ་སྐྱོང་བྱེད་པའི་རྣམ་པ་ནི་རང་དབང་གིས་གྲུབ་པའི་དབེན་པའི་སྐྱེད་ཚལ་ཞིག་ཡིན་པ་དང་། སྤང་ལྗོངས་སུ་རང་བྱུང་གི་མཚེའུ་མང་པོ་ཕྲ་བཏབ་པ་ལྟར་འཁྱིལ་ཞིང་། དེ་དག་ནི་དྭངས་གསལ་གྱི་མེ་ལོང་ཞིག་དང་འདྲ་བར་ཨ་སྔོན་དང་ནགས་ཚལ་གྱི་མཛེས་ལྗོངས་འཕྲོས་ཏེ། མི་དང་སྲོག་ཆགས་མང་པོའི་ཡིད་དབང་འཕྲོག་པས། མི་དང་རང་བྱུང་ཁམས་མཉམ་གནས་ཀྱི་དགའ་ཚལ་དུ་གྱུར་བ་ཡིན། སེམས་ཀྱི་ཉི་ཟླའི་དུས་ཚིགས་རེ་རེ་ལ་རང་ངོས་ཀྱི་མཛེས་སྡུག་མི་འདྲ་བ་མང་པོ་ཞིག་གྲུབ་ཡོད།  

    ད་ནི་དགུན་སྟོད་ཀྱི་དུས་སུ་སླེབས་པ་དང་།  མཐོ་སྒང་གི་ཡུལ་གྲུ་འདིར་ནང་དགོང་གི་དུས་སུ་ཅུང་འཁྱགས་ན་ཡང་ཉིན་དཀར་གྱི་དུས་ལ་ཉི་འོད་དྲོ་ཞིང་འཇམ་པ་དང་།  མཁའ་དབུགས་གཙང་ཞིང་ཕྱོགས་འདིར་ཕེབས་པའི་མི་རྣམས་ལ་ཉམས་དགའ་བའི་སྣང་བ་ཞིག་ངམ་གྱིས་སྟེར།  འདིར་དགུན་སྟོད་དུས་ཀྱི་སེམས་ཀྱི་ཉི་ཟླ་ཉེ་འཁོར་གྱི་ཡུལ་ལྗོངས་རེ་འགའི་པར་རིས་བཀོད་ཡོད་པས་སྐུ་ཉིད་ཀྱིས་རོལ་མྱོང་བྱེད་པར་ཐུགས་རྗེ་ཆེ་ཞུས་པ་ལགས།   

 

 

 

 

 

 

 

 

 

 

 

 

 

 

 

 

 

རྩོམ་སྒྲིག་པ། (ཚེ་རིང་དོན་འགྲུབ།)