དབུ་ཤོག >> མི་རིགས་ཆོས་ལུགས། >> ཡུལ་སྲོལ་གོམས་གཤིས།
བོད་ཀྱི་ཀོང་པོའི་ལོ་གསར་གྱི་ཞིམ་ཟས།
རྩོམ་པ་པོ། མི་གསལ། དུས་ཚོད། 2017-11-23 རྩོམ་ཁུངས། མི་དམངས་དྲ་བ། ཀློག་གྲངས། 51

རྭ་ཅོའི་ནང་དུ་ཆང་འཐུང་བ།

   ཟླ་11ཚེས་20ཉིན་ནི་ཀོང་པོའི་ལོ་གསར་གྱི་ཚེས་གཉིས་ཡིན་པ་དང་།མི་རྣམས་ཀྱིས་ཕན་ཚུན་འཚམས་འདྲི་དང་ཕན་ཚུན་གྲོ་སོ་ཕྱེ་མར་འདེགས་རེས་ཐོག་ནས་བཀྲིས་སྨོན་འདུན་ཞུས་པ་རེད།ཀོང་པོའི་ལོ་གསར་ནི་བོད་ལྗོངས་སུ་ལོ་གསར་སྔ་ཤོས་དེ་ཡིན་པ་རེད།སྤྱི་ཟླ་11ཚེས་18ཉིན་གྱི་ཞོགས་པར།བོད་ལྗོངས་ཉིང་ཁྲི་གྲོང་ཁྱེར་དུ་ས་ཡོམ་རིམ་པ་6.9བྱུང་མོད།འོན་ཀྱང་མི་རྣམས་ཀྱིས་དགའ་སྤྲོའི་ངང་ནས་ལོ་གསར་ལ་རོལ་བའི་སེམས་ཁམས་ལ་ཤུགས་རྐྱེན་གང་ཡང་ཐེབས་མེད་པ་རེད།

ཤ་རྗེན།

   ཁ་ཟས་ནི་གྲོ་ཞིབ་ནང་མར་ཁུ་སོགས་པ་བླུགས་ཏེ་སྣུམ་ལ་བསྲེགས་ནས་བཟོས་པ་ཤིག་ཡིན་ལ།དེ་ནི་ཨ་རབ་ཀྱི་ཨང་ཀི་8ཀྱི་བཟོ་དབྱིབས་ལྟ་བུ་ཡོད་ལ།ཁ་ཟས་ནི་བོད་པའི་སྲོལ་རྒྱུན་དུས་ཆེན་ལ་མེད་དུ་མི་རུང་བའི་ཟས་རིགས་ཤིག་ཡིན།མི་རྣམས་ཀྱིས་དུས་རྒྱུན་དུ"ཁ་ཟས་ཀྱི་དྲི་ཞིམ་ཐུལ་ན།ལོ་གསར་དང་ཐག་ཇེ་ཉེ་ཇེ་ཉེ"ཞེས་པའི་བཤད་སྲོལ་ཡོད།

   ནས་ཆང་ནི་བོད་ཀྱི་ལོ་གསར་ལ་མེད་དུ་མི་རུང་བའི་བཏུང་བ་ཞིག་ཡིན་པ་དང་།ལོ་གསར་སྐབས་སུ།ཉིང་ཁྲི་ས་ཁུལ་དེ་གའི་གྲོང་མི་ཚོས་རྭ་ཅོའི་ནང་དུ་ཆང་འཐུང་སྲོལ་ཡོད་པ་མ་ཟད།ཡས་སྒྲོན་ཡང་འདེབས་པ་དང་།ས་གནས་དེ་གའི་སྲོལ་ལྟར་ན།ཆང་ཕོར་སྟོང་པར་འཇོག་སྲོལ་མེད་པ་རེད།

འཁུར་བ།


ཟོག་ཤའི་ཁུ་བ་སྐོལ་བཞིན་པ།

ཁ་ཟས།


རྩོམ་སྒྲིག་པ། (སྒྲོལ་མ་གཡང་མཚོ།)