དབུ་ཤོག >> དཔལ་འབྱོར་འཚོ་བ། >> མ་རྩའི་འདེབས་ཕྱོགས།
སེམས་ཀྱི་ཉི་ཟླར་ཐོན་པའི་ལི་གྲོ་ཚོང་རར་འདོན་པ།
རྩོམ་པ་པོ། མི་གསལ། ཡིག་བསྒྱུར། སྒྲོལ་མ་གཡང་མཚོ། དུས་ཚོད། 2017-11-27 རྩོམ་ཁུངས། སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ། ཀློག་གྲངས། 43

སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཟླ་11པའི་ཚེས་24ཉིན།2017ལོའི་སྐབས་དང་པོའི་བདེ་ཆེན་སེམས་ཀྱི་ཉི་ཟླ་གངས་ལྗོངས་མཐོ་སྒང་སྤུས་ལེགས་དཀྱུས་འབྲུ་གསར་འགྱུར་ཁྱབ་བསྒྲགས་ཚོགས་འདུ་དང་བོད་འབྲུག་སྐྱེ་དངོས་ཚོགས་ཁག་གི་ཐོན་རྫས་སྔོན་མངག་ཚོགས་འདུ་དེ་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་དུ་སྤེལ་བ།ཐེངས་འདི་ཐོན་རྫས་སྔོན་མངག་ཚོགས་འདུ་ནི་སེམས་ཀྱི་ཉི་ཟླའི་གྲོང་ཨུ་དང་སེམས་ཀྱི་ཉི་ཟླ་སྲིད་གཞུང་གིས་གཙོ་སྒྲུབ་བྱས་པ་དང་།རྒྱལ་ཁབ་ཡུ་གུ་བྲ་བོ་ཐོན་ལས་ལག་རྩལ་མ་ལག་ཡུན་ནན་བདེ་ཆེན་གྱི་ཕྱོགས་བསྡུས་ཉམས་ཞིབ་ས་ཚིགས་དང་བོད་འབྲུག་སྐྱེ་དངོས་ཚོགས་ཁག་གིས་སྒྲུབ་འགན་འཁུར་ལེན་བྱས་པ་རེད།


     ལུས་ཁམས་བདེ་སྲུང་གི་བཟའ་ཆས་དང་སྨན་རིགས་ཚན་རྩལ།འབྲུ་སྣུམ་ཕྱིར་གཏོང་ནང་འདྲེན་ཐད་ཀྱི་ཁེ་ལས་12ཀྱིས་སྒོར་ཁྲི་2900ཟིན་པའི་བོད་འབྲུག་ཐོན་རྫས་ཀྱི་ཉོ་སྒྲུབ་གན་རྒྱ་བཞག་པ།བདེ་ཆེན་ཁུལ་ཞིང་ལས་ཚན་རིག་ཞིབ་འཇུག་སུའོ་ཡིས་བོད་འབྲུག་སྐྱེ་དངོས་ཚོགས་ཁག་དང་མཉམ་ལས་གྲོས་མཐུན་བཞག་ནས།ཚན་ཞིབ་ལས་ཁུངས+ཁེ་ལས+དཔེ་སྟོན་གནས་གཞི+ཞིང་དུད་ཀྱི་ཞིང་ལས་ཐོན་ལས་ཅན་གྱི་འཕེལ་རྒྱས་རྣམ་པར་འགྱུར་བ་རེད།


ཞིང་ལས་དངུལ་ཁང་བདེ་ཆེན་ཁུལ་ཡན་ལག་དངུལ་ཁང་གིས་བོད་འབྲུག་སྐྱེ་དངོས་ཚོགས་ཁག་དང་མཉམ་ལས་གྲོས་མཐུན་བཞག་ནས་ཐོན་ལས་མྱོར་མགྱོགས་སུ་འཕེལ་རྒྱས་བྱུང་བར་སྐུལ་འདེད་གཏོང་བ་རེད།

   ལི་གྲོ་ནི་འཚོ་བཅུད་རིང་ཐང་མཐོ་པོ་ཡོད་དེ།ད་ལོར་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱིས་ལི་གྲོ་མུའུ་1800འདེབས་འཛུགས་བྱས་ཡོད་ལ།མུའུ་རེར་སྤྱི་རྒྱ་150—200ཐོན་པ།མུའུ་རེའི་ཐོན་ཚད་རིན་ཐང་སྒོར་2500ཙམ་ཟིན་པ་རེད།


རྩོམ་སྒྲིག་པ། (སྒྲོལ་མ་གཡང་མཚོ།)