དབུ་ཤོག >> བོད་ཀྱི་རིག་གནས། >> གསོ་རིག >> བདེ་ཐང་མཛུབ་སྟོན།
དགུན་དུས་འཛེམ་དགོས་པའི་ཟས་རིགས།
རྩོམ་པ་པོ། མི་གསལ། དུས་ཚོད། 2017-11-28 རྩོམ་ཁུངས། སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ། ཀློག་གྲངས། 46

གྲང་མོའི་ཟས་རིགས་འཛེམ་དགོས་པ།

        གྲང་མོའི་རིགས་ཀྱི་འཐུང་བྱ་དང་འཁྱག་ཞོ་སོགས་མང་པོ་འཐུང་མི་ཉན་ཞིང་། དེས་ལྟོ་བར་ཕོག་ཐུག་ཕྱིན་ནས་ཕོ་རྒྱུ་གློ་བུར་རང་བཞིན་གྱི་འཁུམས་འགྲོ་བ་དང་། འཇུ་བྱེད་མ་ལག་ལ་སྐྱོན་བྱེད་ཀྱི་ཡོད།

གྲོད་པ་སྟོང་པར་འཛེམ་དགོས་པའི་ཟས།

        གྲོད་པ་སྟོང་པར་ངང་ལག་བཟའ་རྒྱུ་མེད། ངང་ལག་ནང་མའེ་ཕོན་ཆེན་འདུས་ཡོད་པས་གྲོད་པ་སྟོང་པར་བཟས་ན་ཁྲག་ནང་གི་མའེ་འདུས་ཚད་མཐོ་རུ་ཕྱིན་ནས་སྙིང་གི་ནུས་པར་ཤུགས་རྐྱེན་བཟོ་གི་ཡོད།

གྲོད་པ་སྟོང་པར་ཐང་འབྲས་བཟའ་མི་ཉན། 

        ཐང་འབྲས་ནང་དུ་ཕབ་རྒྱུ་ཤུགས་ཆེན་འདུས་ཡོད་པས་གྲོད་པ་སྟོང་པར་བཟས་ན་ཕོ་བར་རྨས་སྐྱོན་བཟོ་གི་ཡོད།

ཚྭ་རྒྱུ་ལ་ཚོད་འཛིན་བྱེད་དགོས་པ།

        དགུན་ཁ་ནི་མཁལ་མའི་ནུས་པ་ཅུང་རྒྱས་པའི་དུས་ཡིན། གལ་ཏེ་ཚྭའི་བྲོ་བ་ཆེ་བའི་ཟས་རིགས་མང་པོ་བཟས་ན། མཁལ་མ་རྒྱས་ཤུགས་ཇེ་ཆེར་སོང་ནས་། སྙིང་ལ་ཕོག་ཐུག་ཆེན་པོ་བཏང་བས་སྙིང་འཕར་ཤུགས་ཆུང་དུ་སོང་ལ། མིའི་ལུས་ཁམས་ཀྱི་བདེ་ཐང་ལ་ཤུགས་རྐྱེན་ངན་པ་ཐེབས་ཀྱི་ཡོད།

 

 

 

རྩོམ་སྒྲིག་པ། (པདྨ་མཚོ། )