དབུ་ཤོག >> སྐབས་དོན་གསར་འགྱུར། >> བོད་ཁུལ་གསར་འགྱུར།
བོད་ཀྱིས་བོད་ཡིག་མཉེན་ཆས་གསར་བཟོ་བྱས་ཏེ་ཀྲུང་གོའི་ཚད་གཞི་བཟོས་པ།
རྩོམ་པ་པོ། མི་གསལ། དུས་ཚོད། 2017-11-29 རྩོམ་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། ཀློག་གྲངས། 1853

        བོད་ཡིག་གི་ཆ་འཕྲིན་ཅན་དང་དེང་རབས་ཅན་མངོན་འགྱུར་བྱ་ཆེད།བོད་ལྗོངས་སློབ་ཆེན་གྱི་དགེ་རྒན་ཆེ་མོ་ཉི་མ་བཀྲ་ཤིས་དང་ཞིབ་འཇུག་གསར་བཟོ་ཚོགས་པས་ལོ་ངོ་30ཡི་རིང་བློ་རྩེ་གཅིག་སྒྲིམ་གྱིས་མཉེན་ཆས་གསར་བཟོའི་ལས་ལ་གཞོལ་ནས《ཆ་འཕྲིན་བརྗེ་རེས་ཀྱི་བོད་ཡིག་ཨང་སྒྲིག་གི་བརྡ་རྟགས་ཕྱོགས་སྒྲིགས》རྒྱལ་སྤྱིའི་ཚད་གཞི་བཟོས་ཤིང་། དེས་ན། བོད་ཡིག་ནི་རྒྱལ་སྤྱིའི་ཨང་སྒྲིག་གི་ཚད་གཞི་བཟོས་ཚར་བའི་ཀྲུང་གོའི་གྲངས་ཉུང་མི་རིགས་ཀྱི་ཡི་གེ་དང་པོར་གྱུར་ཡོད།

        བོད་ཡིག་འབྲི་སྟངས་ནི་སྟེང་འོག་གཡས་གཡོན་ཅན་ཡིན་ལ་ཚད་གཉིས་གྲུབ་ཆ་ལྡན་པའི་སྒྲ་སྦྱོར་གྱི་ཡི་གེ་ཞིག་རེད། 《ཆ་འཕྲིན་བརྗེ་རེས་ཀྱི་བོད་ཡིག་ཨང་སྒྲིག་བརྡ་རྟགས་ཕྱོགས་བསྒྲིགས》རྒྱལ་སྤྱི་དང་རྒྱལ་ཁབ་ཀྱི་ཚད་གཞི་མ་བཟོས་གོང་བོད་ཡིག་ཆ་འཕྲིན་ཐག་གཅོད་ལ་དཀའ་ངལ་ཆེ་བ་དང་བརྗེ་རེས་བྱེད་ཐབས་བྲལ་བར་བརྟེན།བོད་ཡིག་གི་ཆ་འཕྲིན་ཅན་དང་དེང་རབས་ཅན་ལ་ཚོད་འཛིན་ཕོག་ཡོད།1994ལོའི་ལོ་མཇུག་ནས་1997ལོའི་ཟླ་7པའི་བར་ཉི་མ་བཀྲ་ཤིས་ཀྱིས་ཞིབ་འཇུག་ཚོགས་པའི་སྣེ་ཁྲིད་ནས《ཆ་འཕྲིན་བརྗེ་རེས་ཀྱི་བོད་ཡིག་ཨང་སྒྲིག་བརྡ་རྟགས་ཕྱོགས་བསྒྲིགས》རྒྱལ་སྤྱིའི་ཚད་གཞིར་ཞིབ་འཇུག་གཙོ་སྐྱོང་བྱས་ནས་བཟོས་པ་རེད། ད་ཆ་སྐད་འཕྲིན་དང་། གློག་རྡུལ་ཡིག་སྒམ། QQགླེང་མོལ་མཉེན་ཆས། འཕྲིན་ཐུང་བཅས་ལ་བསྒར་བའི་བོད་ཡིག་གི་མ་ལག་ལ་ཚད་གཞི་དེ་སྤྱད་ཡོད།

        བོད་ལྗོངས་སློབ་ཆེན་གྱི་བོད་ཀྱི་ལོ་རྒྱུས་ཆེད་ལས་ཀྱི་དགེ་རྒན་ཆེ་མོ་བ་ཚེ་བརྟན་བཀྲ་ཤིས་ཀྱིས“སྔོན་ཆད་ཕྱི་རྒྱལ་གྱི་མཁས་དབང་དང་སྤེལ་རེས་བྱས་ཚེ་ཕྱི་རྒྱལ་གྱི་མཉེན་ཆས་སྤྱད་ནས་བོད་ཡིག་ལ་ཏིང་ཡི་གེར་སྒྱུར་དགོས་པས་དུས་ཡུན་རིང་པོ་འགོར་ལ་རྙོག་དྲ་ཆེན་པོ་ཡོད”ཅེས་བཤད་ཅིང་། ཁོང་གིས། བོད་ཡིག་ལ་མགོ་འདོགས་འཕུལ་རྟེན་གྱི་རྣམ་གཞག་ཡོད་པས་ལ་ཏིང་ཡི་གེར་ཕབ་ཁག་པོ་ཡོད།དེར་བརྟེན་ངས་ཕྱི་རྒྱལ་གྱི་མཁས་དབང་དང་སྤེལ་རེས་བྱེད་སྐབས་བརྗོད་དོན་ཚང་མ་མཚོན་ཐབས་བྲལ།གཞན་ཡང་།ཕ་རོལ་པོས་བོད་ཡིག་དང་ལ་ཏིང་ཡི་གེའི་ཆ་མཚུངས་རེའུ་མིག་མ་སྦྱངས་ནའང་མི་འགྲིག་ཅེས་བརྗོད།            ད་ཆ་བོད་ཡིག་གི་སྐད་བརྡའི་མ་ལག་ཡོད་པས་ཚེ་བརྟན་བཀྲ་ཤིས་ཀྱིས་ཕྱི་རྒྱལ་གྱི་མཁས་དབང་དང་སྤེལ་རེས་བྱེད་སྐབས་ཧ་ཅང་སྟབས་བདེ་པོ་རེད་ཅེས་བཤད།

        “བོད་རྒྱ་རིག་གནས་ཀྱི་འབྲེལ་འདྲིས་ཟབ་ཏུ་ཕྱིན་པ་དང་བསྟུན་སྤྱི་ཚོགས་ཐོག་བོད་རྒྱ་སྐད་ཡིག་གི་ལོ་ཙཱའི་དགོས་མཁོའང་ཧ་ཅང་ཆེ་རུ་འགྲོ་བཞིན་ཡོད”ཅེས་ཉི་མ་བཀྲ་ཤིས་ཀྱིས་བརྗོད་ཅིང་།ཁོང་གིས།2015ལོར་ཞིབ་འཇུག་གསར་བཟོ་བྱས་པའི་བོད་རྒྱ་ལོ་ཙཱའི་མཉེན་ཆས་མ་ལག་དེར་བེད་སྤྱོད་རང་བཞིན་དང་།ཡང་དག་ཚད།ཚད་ལྡན་རང་བཞིན་བཅས་ཀྱི་ངོས་ནས་བཤད་ན།ཀྲུང་གོའི་ཆེད་ལས་ཅན་གྱི་བོད་རྒྱ་ལོ་ཙཱའི་མཉེན་ཆས་དང་པོ་ཡིན་པ་དང་ཡང་དག་ཚད་ཀྱང་ཐ་ན་རྒྱལ་སྤྱིའི་ཆུ་ཚད་ཀྱི་སྔོན་གྲས་སུ་སླེབས་ཡོད་ཅེས་བཤད།

        “དེང་སྐབས་གསར་དུ་བཏོན་པའི་ལག་ཐོགས་ཁ་པར་ཕལ་ཆེ་བར་བོད་ཡིག་མ་ལག་རང་ཆས་སུ་ཡོད་པ་དེ་དག་ལ་སྤྱོད་པ་ནི་ང་ཚོས་བཟོས་པའི་ཚད་གཞི་ཡིན”ཞེས་ཉི་མ་བཀྲ་ཤིས་ཀྱིས་བཤད།

 

རྩོམ་སྒྲིག་པ། (པདྨ།)